#53960
Dadul Namgyal
Guest

བཀྲིས་བདེ་ལེགས། སྐུ་ཞབས་རིན་ཆེན་དབང་རྒྱལ་ལགས། སྤྱིར་ན་ variable རང་ལ་འགྱུར་ཆོས་སམ་འགྱུར་གྲངས་ཞེས་བརྗོད་པ་ཡིན་པས། confounding ཞེས་པའི་ཁྱད་ཆོས་བཏགས་པ་དེས་དེ་ཉིད་རང་དབང་ཅན་དང་གཞན་དབང་ཅན་གྱི་འགྱུར་ཆོས་གཉིས་ཀར་ཤུགས་རྐྱེན་སྤྲོད་པ་ཞིག་གམ། ཡང་ན་དེ་གཉིས་ཀ་ལ་འདྲེས་པ་ཞིག་ལ་གོ་བ་ཡིན་ནམ་སྙམ། འོན་ཀྱང་མིང་ཚིག་གི་ངོ་གདོང་རང་ལ་གཞིགས་ནས། འཁྲུལ་བྱེད་འགྱུར་ཆོས། སམ་ཡང་ན། འདྲེས་པའི་འགྱུར་ཆོས། བར་ཞུགས་འགྱུར་ཆོས་ཞེས་སུ་བསྒྱུར་འོས་སམ་ཞེས་སུ་རྨོངས་འཆར་དུ་ཕུལ།