Proscriptive rules བཅས་ཁྲིམས། | SEE Learning | |
proprioceptor བབས་ཚོར་སྣེ་ལེན་པ། བབས་འགྱུར་སྣེ་ལེན་པ། | neurosci. Any sensory nerve terminal that gives information concerning movements and position of the body. | ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་དང་འབྲེལ་བའི་ཆ་འཕྲིན་མཁོ་སྤྲོད་བྱེད་མཁན་གྱི་དབང་ཚོར་དབང་རྩ་ཕྲ་གཟུགས་ཀྱི་སྣེ་མོ་གང་རུང་ཞིག |
proprioceptive བབས་ཚོར་གྱི། | neurosci. Relating to stimuli that are produced and perceived within an organism, especially those connected with the position and movement of the body. | སྐྱེ་དངོས་ཤིག་གི་ལུས་ཀྱི་ནང་རོལ་ནས་སྐྲུན་ཞིང་ཚོར་བའི་སྐུལ་རྐྱེན་སྤྱི་དང་། བྱེ་བྲག་ཏུ་ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་དང་འབྲེལ་བའི་སྐུལ་རྐྱེན་དང་འབྲེལ་བ་ཡོད་པའི། |
proprioception བབས་ཚོར། | neurosci. Perception or awareness of the position and movement of the body. | ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་རྟོགས་པའི་འདུ་ཤེས་སམ་གོ་རྟོགས་ལ་གོ |
proposition བརྗོད་པ། | phil. A statement that expresses a concept that can be true or false. | འགྲིག་ནོར་གང་རུང་ཡིན་པའི་ལྟ་ཚུལ་ཞིག་མཚོན་པར་བྱེད་པའི་བརྗོད་ཚིག་ཅིག |
Proportional tax ཁྲལ་མཉམ། | phil. | [དཔྱ་ཁྲལ་མཉམ་པོའམ་གཅིག་མཚུངས།] |
proportional ཆ་མཚུངས། | phys. Having the same or a constant ratio. | བསྡུར་ཚད་གཅིག་མཚུངས་སམ་བརྟན་པོ་ཡོད་པ། |
proportion ཧྲིལ་ཆ། | phys. | |
proplastid ཉེ་འགྱུར་དབང་ཕྲ། | biol. A cytoplasmic organelle from which a plastid develops. | ནུས་སྦྱོར་དབང་ཕྲ་ཞིག་ཏུ་འཚར་འཕེལ་འབྱུང་བའི་ཕྲ་ཚི་དབང་ཕྲ་ཞིག |
prophase སྟུག་ངོ་། | biol. The first stage of mitosis, during which the chromosomes condense and become visible, the nuclear membrane breaks down, and the spindle apparatus forms at opposite poles of the cell. | གཟུགས་ཕུང་གཉིས་འགྱེ་ཡི་རིམ་པ་དང་པོ་སྟེ། འདིའི་སྐབས་སུ་ཚོས་ཕུང་སྟུག་ཏུ་གྱུར་ཏེ་སྣང་བར་འགྱུར་བ་དང་ལྟེ་རྡུལ་གྱི་སྐྱི་མོ་ཐོར་འགྲོ་བ། ཕྲ་ཕུང་གི་སྣེ་གཉིས་སུ་འཕང་མའི་ཉིང་ལག་འགྲུབ་པ་བཅས་འབྱུང་གི་ཡོད། |
proper time རང་བབས་དུས། | phys. | |
proper mass རང་བབས་གདོས་ཚད། | phys. The mass of a body as measured when the body is at rest relative to an observer, an inherent property of the body | དངོས་པོ་ཞིག་རྟོག་ཞིབ་པ་ལ་ལྟོས་ཏེ་འགུལ་མེད་ཡིན་སྐབས་སུ་ཚད་འཇལ་བའི་དངོས་པོ་དེའི་གདོས་ཚད་ལ་གོ་ཞིང་། དངོས་པོ་དེའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་ཡིན། |
propeller འབུད་འཁོར། | phys. A mechanical device for propelling a boat or aircraft, consisting of a revolving shaft with two or more broad, angled blades attached to it. | འཁོར་མདའི་སྟེང་དུ་ཞེང་ཆེ་ཞིང་གུག་ངོས་ཅན་གྱི་རླུང་གཤོག་གཉིས་སམ་དུ་མ་སྦྱར་བ་ལས་གྲུབ་ཅིང་། དེ་སྐོར་བ་བྱེད་པ་ལ་བརྟེན་ནས་མཚོ་གྲུའམ་གནམ་གྲུ་མདུན་ཕྱོགས་སུ་འཕུལ་འདེད་བྱེད་པའི་སྒུལ་བྱེད་ཡོ་ཆས་ཤིག |
proof ཁུངས་སྐྱེལ། | sci. method Evidence or argument establishing a fact or the truth of a statement. | བརྗོད་པ་ཞིག་དངོས་ཡོད་དམ་བདེན་པར་སྒྲུབ་བྱེད་དུ་བཀོད་པའི་དཔང་རྟགས་སམ་རྒྱུ་མཚན། |
pronunciation སྒྲ་གདངས། | The way in which a word is pronounced. | ཚིག་ཅིག་གི་སྒྲ་འདོན་ཚུལ་ལ་གོ |