Search:
TermEnglish DefinitionTibetan Definition
Pronuclei ཁམས་རྡུལ་ལྟེ་ཉིང་། biol.
promoter ཕབ་བཤུ་སྤེལ་གནས། སྤེལ་གནས། biol. A region of a DNA molecule that forms the site at which transcription of a gene starts. རིགས་རྫས་ཤིག་གི་ཕབ་བཤུ་འགོ་འཛུགས་ས་ཡིན་པའི་ཌི་ཨེན་ཨེ་ཡི་འདུས་རྡུལ་ཞིག་གི་ས་ཁུལ་ཞིག
prometaphase གཏམས་ངོ་། biol. The stage in mitotic or meiotic nuclear division, following prophase and preceding metaphase, during which the condensed chromosomes become sequentially attached at their kinetochores to the spindle microtubules. གཟུགས་ཕུང་གཉིས་གྱེས་དང་སྐྱེད་ཕུང་བཞི་གྱེས་ཀྱི་སྐབས་སུ། སྟུག་ངོའི་རྗེས་དང་འདུ་ངོའི་སྔོན་དུ་བྱུང་བའི་རིམ་པ་ཞིག་ལ་གོ་ཞིང་། རིམ་པ་འདིའི་སྐབས་སུ་སྟུག་པོར་གྱུར་བའི་ཚོས་གཟུགས་རྣམས་རང་རང་གི་ཕང་རྩི་འབྱར་མཚམས་ནས་རིམ་གྱིས་འཕང་མའི་སྦུག་ཕྲན་དང་འབྱར་གྱི་ཡོད།
Proliferative phase མཆེད་ངོ་། biol. [མྱུར་སྐྱེའམ་འཕེལ་མཆེད་ཀྱི་ངོ་།]
proliferation འཕེལ་མཆེད། biol.
proliferate འཕེལ་མཆེད། འཕེལ་ཁྱབ། biol. To grow or multiply by rapidly producing new tissue, parts, cells, or offspring. ཕུང་གྲུབ་བམ། ཆ་ཤས་སམ། ཕྲ་ཕུང་ངམ། རྒྱུད་འཛར་མགྱོགས་པོའི་ངང་སྐྱེད་སྐྲུན་གྱིས་འཚར་འཕེལ་བྱེད་པའམ་ཇེ་མང་དུ་འགྱུར་བ་ལ་གོ
Proletariat འབྱོར་མེད་གྲལ་རིམ། གྲལ་རིམ་དམའ་ཤོས། phil.
prolactin འོ་སྐྱེད་སྤྲི་རྫས། biol. A pituitary hormone that stimulates and maintains the secretion of milk in mammals and also plays a role in metabolism and in modulation of the immune response. ནུ་གསོས་སྲོག་ཆགས་ཀྱི་འོ་མ་གློད་འདོན་གྱི་བྱ་རིམ་ལ་སྟངས་འཛིན་དང་བསྐུལ་རྐྱེན་བྱེད་མཁན་དང། གཞན་ཡང་ནུས་འགྱུར་དང་། ནད་འགོག་ཡ་ལན་གྱི་སྙོམ་སྒྲིག་སྐབས་སུ་བྱེད་ལས་སྤེལ་མཁན་གྱི་པི་ཅུའི་རྨེན་རྫས་ཤིག
prokaryotic cell ཉིང་བྲལ་ཕྲ་ཕུང་། biol. The cell of a PROKARYOTE. ཉིང་བྲལ་སྐྱེ་དངོས་ཤིག་གི་ཕྲ་ཕུང་ལ་གོ
prokaryotic algae ཉིང་བྲལ་ཆུ་བལ། biol.
prokaryote ཉིང་བྲལ་སྐྱེ་དངོས། biol. A microscopic single-celled organism which has neither a distinct nucleus with a membrane nor other specialized organelles, including the bacteria and cyanobacteria སྐྱི་མོ་ཅན་གྱི་ལྟེ་ཉིང་ལོགས་སུ་མེད་ཅིང་ཆེད་ལས་རང་བཞིན་གྱི་དབང་ཕྲ་ཡང་མེད་པའི་ཕྲ་ཕུང་གཅིག་ལྡན་གྱི་ཕྲ་བའི་སྐྱེ་དངོས་སྲིན་བུ་དང་སྔོ་སྲིན་ལ་སོགས་པ་ལྟ་བུར་གོ
prokaryota ཉིང་བྲལ་སྐྱེ་དངོས་ཀྱི་སྡེ། biol.
Projector བརྙན་སྟོན་འཕྲུལ་ཆས། phys.
projectile འཕེན་གཟུགས། phys. Any object that moves through the air or through space, acted on only by gravity (and air resistance, if any). འཐེན་ཤུགས་ཀྱི་ཤུགས་རྐྱེན་ (དང་རླུང་གི་འགོག་ཤུགས་) ཁོ་ནར་བརྟེན་ནས་རླུང་ཁམས་སམ་མཁའ་དབྱིངས་སུ་བགྲོད་པའི་དངོས་པོ་གང་ཡང་རུང་བ་ཞིག།
Project-based learning ལས་འཆར་གཞིར་བྱས་ཤེས་སྦྱོང་། Pedagog.