Search:
TermEnglish DefinitionTibetan Definition
peptide bond པེབ་ཊ་ཡི་འཆིང་བ། biol. The chemical bond between carboxyl groups and amino groups of neighboring amino acids, forming an amide group and constituting the primary linkage of all protein structures. ཨེ་མི་ནོ་སྐྱུར་རྫས་ཤིག་གི་ཁར་བྷོག་སིལ་སྡེ་ཚན་དང་ཉེ་འགྲམ་གྱི་ཨེ་མི་ནོ་སྐྱུར་རྫས་གཞན་ཞིག་གི་ཨེ་མི་ནོ་སྡེ་ཚན་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་གྱི་འཆིང་བ་དེ་ལ་གོ་ཞིང་། ཨ་མཡེཌ་སྡེ་ཚན་ཞིག་གྲུབ་པར་བྱེད་ལ་སྤྲི་རྫས་ཀྱི་ཆགས་བཀོད་ཀྱི་ཐོག་མའི་མཐུད་སྦྱོར་གྱི་ཆ་ཤས་སུ་འགྱུར་གྱི་ཡོད།
peptide སྤྲི་རྩི། biol. A chemical that is made of two or more amino acids, which combine to make protein. ཨེ་མི་ནོ་སྐྱུར་རྫས་གཉིས་སམ་དུ་མས་གྲུབ་པའི་རྫས་ཤིག་ལ་གོ་ཞིང་། སྤྲི་རྩི་མཉམ་སྡེབ་བྱས་ཏེ་སྤྲི་རྫས་གྲུབ་ཀྱི་ཡོད།
Peptidase སྤྲི་གཅོད་སྨིན་རྫས། biol.
Pepsinogen པེབ་སིན་སྐྱེད་རྫས། biol.
pepsin པེབ་སིན་སྨིན་རྫས། biol. An enzyme that is produced in the stomach of vertebrate animals and acts as a catalyst in the breakdown of proteins. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཕོ་བའི་ནང་ནས་སྐྱེད་སྐྲུན་བྱས་ཤིང་སྤྲི་རྫས་ཆ་གསེས་གཏོང་བར་སྐུལ་རྫས་ཀྱི་བྱ་བ་བྱེད་པའི་སྨིན་རྫས་ཤིག
penumbra ཆ་སྒྲིབ། phys. Partial shadow that appears where some of the light is blocked and other light can fall. See also umbra. འོད་ཀྱི་ཆ་ཤས་འགའ་ཞིག་བཀག་ཅིང་གཞན་རྣམས་འཕྲོས་པའི་སྐབས་སུ་གྲུབ་པའི་ཆ་ཙམ་གྱི་གྲིབ་གཟུགས། ཧྲིལ་སྒྲིབ་ལ་ཡང་གཟིགས་རོགས།
pentose sugar ལྔ་ལྡན་ཀ་ར། biol. Five-carbon sugar molecule found in nucleic acids. ཉིང་སྐྱུར་གྱི་ནང་དུ་ཡོད་པའི་ནག་རྫས་ལྔ་ལྡན་གྱི་ཀ་རའི་འདུས་རྡུལ་ཞིག
pentose ལྔ་ཚན་ཀ་ར། chem. Any of a class of monosaccharides having five carbon atoms per molecule and including ribose and several other sugars. འདུས་རྡུལ་རེ་རེའི་ནང་དུ་ཁར་སྦོན་རྡུལ་ཕྲན་ལྔ་རེ་ཡོད་པའི་ཀ་ར་ཆིག་ལྡན་གང་རུང་རུང་ཞིག་ལ་གོ་ཞིང་། འདིའི་ཁོངས་སུ་རཻ་སྦོ་མངར་རྫས་དང་ཀ་ར་གཞན་ཁག་ཅིག་འདུས།
pentagon ལྔ་དབྱིབས། math. A polygon with five sides and five angles. མཐའ་ལྔ་དང་ཟུར་ལྔ་ཡོད་པའི་མང་དབྱིབས་ཤིག
peninsula ཕྱེད་གླིང་། biol. A piece of land that juts out from a larger land mass and is mostly surrounded by water. ས་ཁོངས་ཆེན་པོ་ཞིག་ནས་ཕྱིར་འབུར་ཞིང་ཕྱོགས་ཕལ་ཆེ་བ་ཆུ་ཡིས་སྐོར་ཡོད་པའི་ས་ཁུལ་ལ་གོ
Penicillium notatum པེ་ནི་སི་ལིམ་ཧམ་སྤུ། biol.
penicillin པེ་ནི་སི་ལིན། biol. An antibiotic or group of antibiotics produced naturally by certain blue molds, and now usually prepared synthetically. ཧམ་སྤུ་སྔོན་པོ་ཁག་ཅིག་གིས་རང་བྱུང་གིས་སྐྲུན་པ་དང་། དེང་གི་ཆར་སྦྱོར་སྡེབ་ཀྱིས་བཟོས་པའི་གཉན་འཇོམས་ཤིག་གམ་གཉན་འཇོམས་ཀྱི་སྡེ་ཚན་ཞིག
pendulum དཔྱང་རྡོ། phys. Any rigid body that swings about a fixed point. འགུལ་མེད་ཀྱི་ཚེག་ཅིག་གཞི་ལ་བཞག་སྟེ་ཕར་གཡོ་ཚུར་གཡོ་བྱེད་པའི་མཁྲེགས་གཟུགས་གང་རུང་རུང་ཞིག
pendent chain དཔྱང་ཕྲེང།
Pelycosaurs ཕོར་དབྱིབས་རྩངས་པ། biol. [ཤིང་ཕོར་གྱི་དབྱིབས་སུ་ཡོད་པའི་སྟོང་ཟིན་པའི་ནུ་གསོའི་ལྟོ་འགྲོའི་རྩངས་པ།]