| Planck’s constant (h) པི་ལེང་གི་བརྟན་གྲངས། | phys. Fundamental constant of quantum theory that determines the scale of the small-scale world. h=6.6 X 10-34 J•s When multiplied by the frequency of light it equal its energy. E=hf | ཕྲ་བའི་འཇིག་རྟེན་གྱི་ཚད་རྟགས་མཚོན་པར་བྱེད་པའི་ཚད་རྡུལ་རྣམ་གཞག་གི་གཞི་རྩའི་བརྟན་གྲངས། h=6.6 X 10-34 J•s འོད་ཀྱི་ཟློས་ཕྱོད་ཀྱིས་བསྒྱུར་ཚེ་ནུས་པ་དང་མཚུངས། E=hf |
| Planck star པི་ལེང་སྐར་མ། | phys. | |
| plague པི་ལེག་གཉན་རིམས། | biol. A contagious bacterial disease characterized by fever and delirium, typically with the formation of buboes and sometimes infection of the lungs. | ཚད་ནད་དང་སེམས་པ་འཁྲུག་འཆལ་གྱི་ནད་རྟགས་དང་ལྡན་པའི་སྲིན་བུའི་འགོས་ནད་ཅིག་ལ་གོ་ཞིང་། སྤྱིར་བཏང་དུ། རྨེན་བུ་སྐྲངས་བ་དང་ལྷན་དུ་འབྱུང་ཞིང་། མཚམས་རེར་གློ་བའི་གཉན་ཁ་དང་ལྷན་དུ་འབྱུང་། |
| Placental mammal སྦྲུམ་ལྡན་ནུ་གསོས་སེམས་ཅན། | biol. | |
| placenta ཤ་མ། | biol. In mammals, an organ consisting of embryonic and maternal tissue to which the foetus is attached via the umbilical cord. The placenta is the ‘life-support system‘ for the foetus: oxygen, food substances and antibodies enter through it, and metabolic waste products leave through it. | སྦྲུམ་སྲིང་གི་ཕུང་གྲུབ་དང་ཨ་མའི་ཕུང་གྲུབ་ཀྱིས་གྲུབ་ཅིང་ལྟེ་ཐག་ལ་བརྟེན་ནས་སྦྲུམ་སྲིང་ལ་མཐུད་ཡོད་པའི་ནུ་གསོས་སྲོག་ཆགས་ཀྱི་དབང་པོ་ཞིག ཤ་མ་ནི་སྦྲུམ་སྲིང་གི་ “ཚེ་སྲུང་མ་ལག་” ཡིན་ཏེ་ཤ་མ་བརྒྱུད་དེ་སྦྲུམ་སྲིང་ལ་འཚོ་རླུང་དང། ཟ་མ། འགོག་གཟུགས་བཅས་འབྱོར་གྱི་ཡོད་པ་དང་། དེ་བརྒྱུད་ནས་ནུས་འགྱུར་སྙིགས་རྫས་རྣམས་ཕྱིར་དབྱུང་གི་ཡོད། |
| placebo effect རྟོག་བཟོས་ཕན་སྨན་གྱི་ཤུགས་རྐྱེན། | neurosci. | |
| placebo རྟོག་བཟོས་ཕན་སྨན། | biol. A substance that is not medicine, but that is given to someone who is told that it is a medicine, used to test the effect of a drug or to please a patient. | སྨན་མིན་པའི་དངོས་རྫས་ཤིག་སྨན་ཡིན་པ་ལྟར་དུ་ནད་པ་ལ་སྤྲད་དེ་སྨན་རྫས་ཀྱི་ཤུགས་རྐྱེན་ལ་བརྟག་དཔྱད་བྱེད་པའམ་ཡང་ན་ནད་པ་ལ་སྤྲོ་སྣང་སློང་བ་ཞིག |
| Place-based education གནས་ཡུལ་གཞིར་བྱས་སློབ་གསོ། | Pedagog. | |
| pituitary gland པི་ཅུ་རྨེན་བུ། | biol. A gland at the base of the brain in vertebrate animals that releases hormones that regulate the function of most of the body’s other hormone-producing glands and organs, including the thyroid and adrenal glands. The pituitary gland also produces hormones that directly affect certain tissues, such as one that controls overall body growth. | ཨོལ་མདུད་དང་མཁལ་རྨེན་ཐེ་བའི་ལུས་པོའི་རྨེན་རྫས་ཐོན་སྐྱེད་བྱེད་མཁན་གྱི་རྨེན་བུ་དང་དབང་པོ་གཞན་ཕལ་མོ་ཆེའི་བྱེད་ལས་ལ་སྟངས་འཛིན་བྱེད་མཁན་གྱི་རྨེན་རྫས་གློད་མཁན་གྱི་རྨེན་བུ་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཀླད་པའི་མཐིལ་དུ་ཡོད་པ་ཞིག་ལ་ཟེར། པི་ཅུ་རྨེན་བུ་ཡིས་ཁྱོན་ཡོངས་ཀྱི་ལུས་པོའི་འཚར་འཕེལ་ལ་ཚོད་འཛིན་བྱེད་མཁན་ལྟ་བུའི་ཕུང་གྲུབ་ངེས་ཅན་ཞིག་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་པའི་རྨེན་རྫས་ཀྱང་སྐྱེད་སྐྲུན་བྱེད་ཀྱི་ཡོད། |
| pitch རྟ། དབྱངས་རྟ། | phys. Term that refers to our subjective impression about the “highhess” or “lowness” of a tone, which is related to the frequency of the tone. A high-frequency vibrating source produces a sound of high pitch; a low-frequency vibrating source produces a sound of low pitch. | གདངས་ཀྱི་ཟློས་ཕྱོད་དང་འབྲེལ་བ་ཡོད་པའི་གདངས་ཞིག་གི་ “མཐོ་བ་” འམ་ “དམའ་བའི་” ཁྱད་ཆོས་ལ་བརྟེན་ནས་ང་ཚོ་ལ་སྤྲད་པའི་རྟོག་བཅས་ཀྱི་ཚོར་སྣང་གི་དོན་སྟོན་པའི་ཚིག་ཅིག ཟློས་ཕྱོད་མཐོ་བའི་འདར་འགུལ་གྱི་འབྱུང་ཁུངས་ཤིག་གིས་དབྱངས་རྟ་མཐོ་བའི་སྒྲ་བསྐྲུན་ལ། ཟློས་ཕྱོད་དམའ་བའི་འདར་འགུལ་གྱི་འབྱུང་ཁུངས་ཤིག་གིས་དབྱངས་རྟ་དམའ་བའི་སྒྲ་བསྐྲུན་པར་བྱེད། |
| pit-derived eye ཀོང་མིག | biol. | |
| pit ཀོང་བུ། དོང་། | | |
| piston སྲུབ་མདའ། | phys. A disc or short cylinder fitting closely within a tube in which it moves up and down against a liquid or gas, used in an internal combustion engine to derive motion, or in a pump to impart motion. | སྦུ་གུ་ཞིག་ཏུ་ཏག་ཏག་འཕྲོད་པའི་སྒོར་ལེབ་བམ་མདོང་དབྱིབས་ཐུང་ཐུང་ཞིག་སྟེ། སྦུ་གུ་དེ་རུ་གཤེར་གཟུགས་སམ་རླངས་གཟུགས་ཤིག་གི་ཁ་གཏད་དུ་ཡར་མར་འགུལ་སྐྱོད་བྱེད་ཅིང་། ནང་འབར་འཕྲུལ་ཆས་སུ་འགུལ་སྐྱོད་འདྲེན་པའམ་ཕུ་མདའ་རུ་འགུལ་སྐྱོད་སྤེལ་བར་བེད་སྤྱོད་བྱེད། |
| Pistil སོན་ཁོག | biol. | |
| piriform cortex ལི་དབྱིབས་ཀླད་ཤུན། | neurosci. | |