Search:
TermEnglish DefinitionTibetan Definition
Pioneer species སྲོལ་འབྱེད་ཉེ་རིགས། biol.
Pioneer 10 སྲོལ་འབྱེད་པ་ ༡༠ phys.
pion པ་ཡོན་རྡུལ། phys. The first meson to be discovered: it has spin 0 and may be positively or negatively charged or neutral; charged Pions decay into a muon and a neutrino or antineutrino. Symbol: π. འཁོར་ཚད་ཀླད་ཀོར་ཡིན་ཞིང་གློག་འཁུར་ཕོའམ། མོ། མ་ནིང་གསུམ་ལས་གང་རུང་ཡོད་ཆོག་པའི་ཆེས་ཐོག་མར་གསར་རྙེད་བྱུང་བའི་མྰི་སོན་རྡུལ། གློག་འཁུར་དང་ལྡན་པའི་པ་ཡོན་རྡུལ་ནི་མི་ཨོན་རྡུལ་ཞིག་དང་མ་ནིང་ཕྲ་རྡུལ་ལམ་མ་ནིང་ཕྲ་རྡུལ་ལྡོག་མ་ཞིག་ཏུ་ཟད་འགྱུར་འགྲོ མཚོན་རྟགས་ π ཡིན།
Pinocytosis འཐུམ་འདྲེན། biol. [དངོས་རྫས་ཕྲ་ཕུང་གི་སྐྱི་མོའི་ནང་དུ་བཏུམས་ཏེ་ནང་དུ་འདྲེན་པའི་ལས་ཚུལ།]
pinna རྣ་གཤོག biol. The external part of the ear in humans and other mammals མི་དང་ནུ་གསོས་སྲོག་ཆགས་གཞན་གྱི་ཕྱི་རྣའི་ཆ་ཤས་དེ་ལ་གོ
pineal body/ pineal gland ཐང་འབྲུ་གཟུགས་ཕུང་། biol. A small gland that is located in the brain of many vertebrate animals. The pineal gland secretes the hormone melatonin, which controls daily and seasonal biological rhythms. སྒལ་རུས་ཅན་གྱི་སྲོག་ཆགས་མང་པོའི་ཀླད་པའི་ནང་དུ་ཡོད་པའི་རྨེན་བུ་ཆུང་ཆུང་ཞིག་ལ་གོ་ཞིང་། ཐང་འབྲུ་རྨེན་བུ་ཡིས་ལུས་པོའི་ཉིན་རེའི་འགྲོས་སམ་ནམ་དུས་ཀྱི་འགྲོས་ལ་ཚོད་འཛིན་བྱེད་མཁན་མེ་ལ་ཊོ་ནིན་སྨིན་རྫས་གློད་འདོན་བྱེད།
Pin flower ཀ་རིང་མེ་ཏོག biol.
Pilus (pili) ཕྲ་སྤུ། སྲིན་ཟེ། biol.
pilot study སྔོན་འགྲོའི་ཞིབ་དཔྱད། Research
pile driver གདུང་འཛུགས་འཕྲུལ་ཆས། phys. A machine for driving piles into the ground. ས་ནང་དུ་གདུང་ཕུར་འཛུགས་བྱེད་ཀྱི་འཕྲུལ་ཆས་ཤིག
pigment cup ཚོས་ཀོང་། biol.
pigment cell ཚོན་རྩི་ཕྲ་ཕུང་། biol. An animal cell, such as a melanocyte or a chromatophore, that contains pigment. མི་ལ་ནོ་ཕྲ་ཕུང་ངམ། ཚོས་ཅན་ཕྲ་ཕུང་ལྟ་བུའི་ཚོན་རྩི་དང་ལྡན་པའི་སེམས་ཅན་གྱི་ཕྲ་ཕུང་ཞིག་ལ་ཟེར།
pigment ཚོན་རྫས། phys. Fine particles that selectively absorb light of certain frequencies and selectively transmit others. ཟློས་ཕྱོད་ངེས་ཅན་གྱི་འོད་འཇིབ་ཅིང་གཞན་རྣམས་འདེམས་གསེས་ཀྱི་སྒོ་ནས་བརྒྱུད་གཏོང་བྱེད་པའི་ཧ་ཅང་ཞིབ་ཞིབ་ཡིན་པའི་རྡུལ།
pie chart གོར་རིས། math. A circular graph having radii dividing the circle into sectors proportional in angle and area to the relative size of the quantities represented. སྒོར་དབྱིབས་ཤིག་ཚངས་ཕྱེད་གང་མང་གིས་ཆ་ཤས་དུ་མར་དབྱེ་ཞིང་། ཆ་ཤས་རེ་རེའི་ཟུར་ཚད་དང་རྒྱ་ཁྱོན་ནི་དེ་དག་གིས་ཚབ་མཚོན་བྱེད་སའི་ཁྱོན་འབོར་དང་དོད་མཚུངས་པའི་ཐིག་རིས་གོར་མོ་ཞིག
piccolo གླིང་བུ་པིཀ་ཀ་ལོ། phys. A small flute sounding an octave higher than the ordinary one. སྤྱིར་བཏང་གི་གླིང་བུ་ལས་སྒྲ་བརྒྱད་ཚན་གཅིག་གིས་མཐོ་བའི་གླིང་བུ་ཆུང་ཆུང་ཞིག