| particle རྡུལ། | phys. One of the fundamental components of matter. | བེམ་གཟུགས་ཀྱི་གཞི་རྩའི་གྲུབ་ཆ་ཞིག |
| Participant མཉམ་ཞུགས་པ། | Res. | |
| Participant engagement མཉམ་ཞུགས་པའི་སྦྱོར་བ། | SEE Learning | |
| partial tone གདངས་ཆ། | phys. One of the many tones that make up one musical sound. Each partial tone (or partial) has only one frequency. The lowest partial of a musical sound is called the fundamental frequency. Any partial whose frequency is a multiple of the fundamental frequency is called a harmonic. The fundamental frequency is also called the first harmonic. The second harmonic has twice the frequency of the fundamental; the third harmonic, three times the frequency, and so on. | རོལ་དབྱངས་ཀྱི་སྒྲ་གཅིག་བསྐྲུན་པར་བྱེད་པའི་གདངས་མང་པོའི་ནང་གི་གཅིག གདངས་ཆ་རེ་རེ་ལ་ཟློས་ཕྱོད་གཅིག་ཁོ་ན་ཡོད། རོལ་དབྱངས་ཀྱི་གདངས་ཆ་དམའ་ཤོས་དེ་ལ་གཞི་རྩའི་ཟློས་ཕྱོད་ཟེར། གཞི་རྩའི་ཟློས་ཕྱོད་ཀྱི་ལྡབ་གྲངས་ཀྱིས་གྲུབ་པའི་ཟློས་ཕྱོད་དང་ལྡན་པའི་གདངས་ཆ་ལ་མཚུངས་གདངས་ཟེར། གཞི་རྩའི་ཟློས་ཕྱོད་ལ་མཚུངས་གདངས་དང་པོ་ཡང་ཟེར། མཚུངས་གདངས་གཉིས་པའི་ཟློས་ཕྱོད་ནི་གཞི་རྩའི་ཟློས་ཕྱོད་ཀྱི་ཉིས་ལྡབ་ཡིན་པ་དང་། མཚུངས་གདངས་གསུམ་པ་ནི་གསུམ་ལྡབ་ཡིན་པ་ལ་སོགས་པའོ། |
| partial seizure ཆ་ཤས་འདར་རེངས། | biol. A seizure that originates from a localized area of the cerebral cortex, involves neurologic symptoms specific to the affected area of the brain, and may progress to a generalized seizure. | ཀླད་ཆེན་ཀླད་ཤུན་གྱི་ས་ཁུལ་ངེས་ཅན་ཞིག་ཏུ་འགོ་བཙུགས་པའི་འདར་རེངས་ལ་གོ་ཞིང་། གནོད་སྐྱོན་ཐེབས་པའི་ཀླད་པའི་ཆ་ཤས་དེ་དང་འབྲེལ་བའི་དབང་རྩའི་ནད་རྟགས་མངོན་གྱི་ཡོད་པ་དང་། ཡོངས་ཁྱབ་ཀྱི་འདར་རེངས་སུ་འགྱུར་སྲིད་པ་ཡིན། |
| partial positive charge ཕོ་ཁུར་ཉི་ཚེ་བ། | phys. | |
| partial negative charge མོ་ཁུར་ཉི་ཚེ་བ། | phys. | |
| partial epilepsy ཆ་ཤས་བརྒྱལ་གཟེར། | biol. Epilepsy characterized by partial seizures | འདར་རེངས་ཆ་ཙམ་ཡིན་པའི་བརྒྱལ་གཟེར། |
| partial ཆ་ཙམ། ཕྱོགས་རེ་བ། ཕྱོགས་ཙམ། | Relating to only a part; not general or complete | ཆ་ཤས་ཤིག་ཁོ་ན་དང་འབྲེལ་བ་སྟེ། ཆ་ཚང་ངམ་ཡོངས་ཁྱབ་མིན་པ། |
| Parthenogenesis ཁམས་རྐྱང་སྐྱེ་འཕེལ། | biol. | |
| parsec པར་སེག གཞུ་ཁུག་སྐར་ཆ། | phys. A unit of length used to express astronomical distance. The distance at which the mean radius of the earth’s orbit subtends an angle of one second of arc. One parsec is equal to 30.857 x 1016 metres or 3.2616 light years. | གཟའ་སྐར་གྱི་རྒྱང་ཐག་མཚོན་པར་སྤྱོད་པའི་རིང་ཚད་ཀྱི་བརྩི་གཞི་ཞིག སའི་གོ་ལའི་སྐོར་ལམ་གྱི་ཆ་སྙོམས་ཚངས་ཕྱེད་ཚངས་ཀྱིས་གུག་དབྱིབས་ཀྱི་ཟུར་ཚད་སྐར་ཆ་གཅིག་བཟོ་ཐུབ་སའི་རིང་ཚད། པར་སེག་གཅིག་ནི་མི་ཊར་30.857 x 1016 མཚུངས་པ་དང་། འོད་ལོ་3.2616 དང་མཚུངས་པ་ཡིན། |
| Parkinson’s disease པར་ཀིན་སོན་གྱི་ནད། (རྩ་དཀར་གྱི་ནད་ཅིག) | biol. A disease of the brain, usually in older people, that tends to become more severe over time. Symptoms include shaking, slowed movement, and rigid muscles. | སྤྱིར་བཏང་མི་རྒན་པར་འབྱུང་ཞིང་རིམ་གྱིས་ཇེ་སྡུག་ཏུ་འགྲོ་བའི་ཀླད་པའི་ན་ཚ་ཞིག་ལ་གོ་ཞིང་། ནད་རྟགས་སུ་འདར་བ་དང་། འགུལ་སྐྱོད་དལ་མོ། ཤ་སྒྲིམ་རེངས་པོར་འགྱུར་བ་བཅས་འབྱུང་། |
| parietotemporal-occipital region གཙུག་རྣ་ལྟག་གསུམ་གྱི་སྦྲེལ་མཚམས། | neurosci. | |
| parieto-occipital sulcus གཙུག་ལྟག་བར་སུལ། | neurosci. A fissure near the posterior end of each cerebral hemisphere separating the parietal and occipital lobes | ཀླད་ཆེན་ཟླུམ་ཕྱེད་རེ་རེའི་མཇུག་སྣེའི་ཉེ་འགྲམ་དུ་ཡོད་ཅིང་གཙུག་འདབ་དང་ལྟག་འདབ་གཉིས་དབྱེ་བ་འབྱེད་བྱེད་ཀྱི་སྲུབས་ཀ་དེ་ལ་གོ |
| parietal lobe ཐོད་ཤལ། གཙུག་འདབ། | neurosci. The middle division of each cerebral hemisphere that contains an area concerned with bodily sensations. | ལུས་པོའི་དབང་ཚོར་དང་འབྲེལ་བ་ཡོད་པའི་ཀླད་པའི་ཆ་ཤས་གནས་སའི་ཀླད་ཆེན་ཟླུམ་ཕྱེད་རེ་རེའི་དཀྱིལ་ཆ་ལ་གོ |