Search:
TermEnglish DefinitionTibetan Definition
Paralympics རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་རྩེད་འགྲན། phys. An international competition for athletes with disabilities. དབང་པོ་སྐྱོན་ཅན་གྱི་རྩེད་འགྲན་པའི་ཆེད་དུ་ཚོགས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་རྩེད་འགྲན་སྡུར་ཞིག
parallelogram rule གཤིབ་རིས་འགྲོ་ལུགས། math., phys. A rule for finding the resultant of two vectors by constructing a parallelogram with two adjacent sides representing the magnitudes and directions of the vectors, the diagonal through the point of intersection of the vectors representing their resultant ཉེ་མཐའ་གཉིས་ཀྱིས་ཕྱོགས་འབོར་དངོས་པོ་གཉིས་ཀྱི་འབོར་ཚད་དང་ཁ་ཕྱོགས་མཚོན་པའི་སྒོ་ནས་གཤིབ་རིས་ཤིག་བྲིས་ཏེ། ཕྱོགས་འབོར་དངོས་པོ་གཉིས་ཀྱི་སྣོལ་མཚམས་ནས་བྲིས་པའི་གཏད་ཐིག་གིས་དེ་གཉིས་ཀྱི་རྗེས་འབྲས་མཚོན་པར་བྱེད་པའི་ཕྱོགས་འབོར་དངོས་པོ་གཉིས་ཀྱི་གྲུབ་འབྲས་འཚོལ་བའི་ཐབས་ལམ་ཞིག
parallelogram གཤིབ་རིས། math. A quadrilateral having both pairs of opposite sides parallel to each other. ཁ་གཏད་ཀྱི་གཞོགས་མཐའ་ཆ་གཉིས་ཀ་མཉམ་གཤིབ་ཡིན་པའི་མཐའ་བཞི་མ་ཞིག
Parallel Universe ཐད་གཤིབ་འཇིག་རྟེན། phys.
parallel processing ཐད་གཤིབ་བྱེད་རིམ། neurosci. The simultaneous execution of more than one cognitive function. ངེས་འཛིན་གྱི་བྱེད་ལས་དུ་མ་དུས་མཚུངས་སུ་ལག་བསྟར་བྱེད་པར་གོ
parallel lines གཤིབ་ཐིག math. Straight lines, in the same plane, that do not meet. ངོས་གཅིག་གི་སྟེང་དུ་ཡོད་ཅིང་ཕན་ཚུན་མི་འཕྲད་པའི་དྲང་ཐིག་གཉིས་སམ་དུ་མ་ལ་གོ
parallel circuit གཤིབ་སྦྲེལ་གློག་ལམ། phys. Electric circuit with two or more devices connected in such a way that the same voltage acts across each one and any single one completes the circuit independently of the others. གློག་ཆས་རེ་རེའི་རྒྱུད་ཀྱི་ཝོལ་ཚད་མཚུངས་ཞིང་གློག་ཆས་རེ་རེས་རང་དབང་གིས་གློག་ལམ་ཆ་ཚང་བ་འགྲུབ་པའི་སྒོ་ནས་གློག་ཆས་གཉིས་སམ་དུ་མ་མཐུད་སྦྲེལ་བྱས་པའི་གློག་ལམ།
Parallel brain development ཀླད་པ་མཉམ་འཚར། neurosci.
parallel ཐད་གཤིབ། math. (of lines, planes, or surfaces) Side by side and having the same distance continuously between them. (ཐིག་གམ། ངོས་སམ། ཕྱི་ངོས་ལྟ་བུ་) མཉམ་གཤིབ་ཏུ་ཡོད་ཅིང་དེ་དག་གི་བར་ཐག་འགྱུར་མེད་དུ་གནས་བ་ཞིག་ལ་གོ
parallax second མཐོང་ཁྱད་སྐར་ཆ། phys. A unit of astronomical length equal to 3.26 light years. It is based on the distance from Earth at which a star would have a parallax of one second of arc. རིང་ཚད་འོད་ལོ་ ༣.༢༦ དང་མཚུངས་པའི་གཟའ་སྐར་བརྩི་གཞི་ཞིག་ཡིན་ཞིང་། འདི་ནི་སའི་གོ་ལ་ནས་མཐོང་ཁྱད་གཞི་ཚད་སྐར་ཆ་གཅིག་གི་སར་ཡོད་པའི་སྐར་མའི་དབར་གྱི་བར་ཐག་གཞིར་བཞག་པ་ཞིག་རེད།
parallax མཐོང་ཁྱད། phys. Apparent displacement of an object when viewed by an observer from two different positions; often used to calculate the distance of stars. རྟོག་ཞིབ་པས་གནས་མི་འདྲ་བ་གཉིས་ནས་ལྟ་སྐབས་མངོན་པའི་དངོས་པོ་དེའི་གནས་སྤོ། རྒྱུན་དུ་སྐར་མའི་བར་ཐག་བརྩི་བར་བེད་སྤྱོད་བྱེད།
paralimbic network ཉེ་བའི་ཀླད་ཉིང་དྲ་ཚོགས། neurosci.
parahippocampal gyrus མཚོ་རྟའི་མཐའ་འཁོར་ཟེ་རྒྱུད། neurosci. Connection pathway for several regions of the brain, including the cerebral cortex and the hippocampal formation; a part of the limbic system. ཀླད་ཆེན་ཀླད་ཤུན་དང་མཚོ་རྟ་མ་ཐེ་བའི་ཀླད་པའི་ཆ་ཤས་ཁག་ཅིག་གི་འབྲེལ་མཐུད་རྒྱུ་ལམ་ཡིན་ཞིང་། མཐའ་འཁོར་མ་ལག་གི་ཆ་ཤས་ཤིག་ཡིན།
parahippocampal (PHC) cortex མཚོ་རྟའི་མཐའ་འཁོར་ཀླད་ཤུན། neurosci. Part of the limbic system adjacent to the HIPPO-CAMPAL FORMATION. It and the perirhinal cortex relay information between the hippocampus and the rest of the brain. མཚོ་རྟ་མའི་འགྲམ་དུ་ཡོད་པའི་མཐའ་འཁོར་མ་ལག་གི་ཆ་ཤས་ཤིག མཚོ་རྟའི་མཐའ་འཁོར་ཀླད་ཤུན་དང་སྣ་བུག་མཐའ་འཁོར་ཀླད་ཤུན་གཉིས་ཀྱིས་མཚོ་རྟ་མ་དང་ཀླད་པའི་ཆ་ཤས་གཞན་རྣམས་ཀྱི་དབར་དུ་ཆ་འཕྲིན་བརྒྱུད་གཏོང་བྱེད་པ་ཡིན།
paradox འགལ་སྣང་། phil.