Search:
TermEnglish DefinitionTibetan Definition
Objective conceptions of scientific observation ཚན་རིག་ཞིབ་ལྟའི་ཡུལ་ངོས་འཆར་སྒོ། phil.
Objective conception ཡུལ་གྱི་འཆར་སྒོ། phil.
obesity ཚོ་ནད། རྒྱགས་ནད། biol. An increase in body weight beyond the limitation of skeletal and physical requirement, as the result of an excessive accumulation of fat in the body. ལུས་པོའི་ནང་དུ་ཚིལ་ཧ་ཅང་མང་པོ་བསགས་པ་ལ་བརྟེན་ནས་ལུས་པོའི་ལྗིད་ཚད་དེ་རུས་སྒྲོམ་དང་གཟུགས་པོའི་དགོས་མཁོ་ལས་ཚད་ལས་བརྒལ་ཏེ་འཕར་བ་ལ་གོ
obese ཚོ་ཆེས་པ། རྒྱགས་དྲགས་པ། biol. Having excessive body weight caused by the accumulation of fat; extremely fat. ཚིལ་བསགས་པ་ལ་བརྟེན་ནས་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་ཡོད་པ་སྟེ། ལུས་ཧ་ཅང་ཚོན་པོ་ཡིན་པ།
oak tree བེ་ཤིང་། biol. A large tree which bears acorns and typically has lobed deciduous leaves བེ་ཤིང་གི་འབྲས་བུ་དང་ལྡན་ཞིང་འདབ་ལྷེབ་ཅན་གྱི་ལོ་མ་ལྟུང་བའི་ཤིང་སྡོང་ཆེན་པོ་ཞིག
Nystagmus ཧྲིག་འགུལ་མིག་ནད། neurosci.
nutritive value བཅུད་ཡོན། biol. An indication of the contribution of a food to the nutrient content of the diet. This value depends on the quantity of a food which is digested and absorbed and the amounts of the essential nutrients (protein, fat, carbohydrate, minerals, vitamins) which it contains. བཟའ་ཆས་ཤིག་གིས་ཟ་མའི་བཅུད་རྫས་ཅི་ཙམ་སྤྲོད་ཐུབ་མིན་སྟོན་པའི་ཚད་རྟགས་ཤིག བཅུད་ཡོན་ནི་ནུས་སྒྱུར་དང་འཇུ་ལེན་བྱས་པའི་བཟའ་ཆས་ཀྱི་མང་ཉུང་དང་། བཟའ་ཆས་དེའི་ནང་དུ་ཡོད་པའི་ངེས་མཁོའི་བཅུད་རྫས་ (སྤྲི་རྫས་དང་། ཞག་ཚིལ། ཁར་སྦོ་མངར་རྫས། གཏེར་རྫས། འཚོ་བཅུད་) ཀྱི་འབོར་ཚད་ལ་རག་ལས།
nutritious བཅུད་ལྡན། biol. Providing nourishment; nourishing. ཟས་བཅུད་མཁོ་སྤྲོད་བྱེད་ཐུབ་པ་སྟེ། འཚོ་བཅུད་ལྡན་པའི།
nutrition འཚོ་བཅུད། biol. A source of nourishment; food. ཟས་བཅུད་ཀྱི་འབྱུང་ཁུངས་ཏེ་ཟ་མ།
Nutrigenomics ལྗིད་ནོམ་འཚོ་བཅུད་རིག་པ། biol.
nutrient འཚོ་བཅུད། བཅུད་རྫས། biol. A substance that an organism takes in and uses for growth and metabolism. Plants absorb nutrients mainly from the soil in the form of minerals and other inorganic compounds. Animals obtain nutrients from the foods they eat or take in. The three most important nutrients for animals are proteins, carbohydrates, and fats. སྐྱེ་དངོས་ཤིག་གིས་ཟས་སུ་བསྟེན་ཞིང་འཚར་འཕེལ་དང་ནུས་འགྱུར་བྱེད་རིམ་ལ་བེད་སྤྱོད་བྱེད་པའི་བེམ་རྫས་ཤིག་ལ་ཟེར། རྩི་ཤིང་གིས་བཅུད་རྫས་ནི་ས་གཞི་ནས་གཙོ་བོ་གཏེར་རྫས་དང་སྐྱེ་བྲལ་འདུས་རྫས་ཀྱི་ངོ་བོའི་ཐོག་ནས་ལེན་པ་དང་། སྲོག་ཆགས་ཀྱིས་ཟས་སུ་སྤྱོད་པའི་ཟ་མ་ནས་བཅུད་རྫས་ལེན་གྱི་ཡོད། སྲོག་ཆགས་ལ་གལ་གནད་ཆེ་ཤོས་ཡིན་པའི་བཅུད་རྫས་གསུམ་ནི། སྤྲི་རྫས་དང་། ཁར་སྦོ་མངར་རྫས། ཚིལ་བཅས་ཡིན།
nurture སྦྱོར་བྱུང་། neurosci. Upbringing, education, and environment, contrasted with inborn characteristics as an influence on or determinant of personality. ལྷན་སྐྱེས་ཐུན་མིན་གྱི་ཁྱད་ཆོས་མིན་པའི་འཚར་ལོངས་དང་། ཤེས་ཡོན། ཁོར་ཡུག་ལྟ་བུ་མི་གཤིས་ལ་ཤུགས་རྐྱེན་སྤྲོད་མཁན་ནམ་མི་གཤིས་ཐག་གཅོད་པའི་བྱེད་རྐྱེན་དུ་ངོས་འཛིན་པ་ལ་གོ
numerical analysis གྲངས་འབྲེལ་དབྱེ་ཞིབ། math. The analysis of problems by means of calculations involving numbers rather than analytical formulae. དབྱེ་ཞིབ་ཀྱི་སྤྱི་འགྲོས་ལ་བརྟེན་པ་མ་ཡིན་པར་གྲངས་ཀ་ཡོད་པའི་རྩིས་རྒྱག་པ་ལ་བརྟེན་པའི་དཀའ་གནད་ཀྱི་དབྱེ་ཞིབ་བྱེད་ཐབས་ཤིག
nullizygous རིགས་དམན། biol.
Null hypothesis སྟོང་པའི་ཚོད་གཞག Res.