| nuke ལྟེ་རྡུལ་མཚོན་ཆ། | phys. | |
| Nucleus of the Solitary Tract (NTS) ཁེར་ལམ་གྱི་ཚོམ་བུ། | neurosci. | |
| nucleus accumbens ཉེ་འདབས་སྙེ་རིལ། | neurosci. Portion of the basal ganglion that regulates motor activities and that is the ‘seat’ of reward or punishment situations; a part of the limbic system. | འགུལ་སྐྱོད་ཀྱི་བྱ་འགུལ་ལ་སྟངས་འཛིན་བྱེད་ཅིང་བྱ་དགའམ་ཉེས་པའི་གནས་སྟངས་ཀྱི་གནས་ས་ཡིན་པའི་གནས་ཞབས་རྩ་འདུས་ཀྱི་ཆ་ཤས་དེ་ལ་གོ་བ་དང་། འདི་ནི་མཐའ་འཁོར་མ་ལག་གི་ཆ་ཤས་ཤིག་ཡིན། |
| nucleus (nuclei) ལྟེ་རྡུལ། | phys. Positively charged center of an atom, which contains protons and neutrons and has almost all the mass of the entire atom but only a tiny fraction of the volume. | (མང་ཚིག་ nuclei) རྡུལ་ཕྲན་གྱི་ལྟེ་བ་སྟེ་ཕོ་རྡུལ་དང་བར་རྡུལ་ཡོད་ས། འདི་ཡིས་རྡུལ་ཕྲན་གྱི་གདོས་ཚད་ཕལ་ཆེ་བ་ཟིན་མོད་བོངས་ཚད་ཆུང་ངུ་ལས་ཟིན་མེད། |
| nucleus ལྟེ་ཉིང་། ཉིང་རྡུལ། | biol. The central part of most cells that contains genetic material and is enclosed in a membrane. | ཕྲ་ཕུང་ཕལ་ཆེ་བའི་ལྟེ་བའི་ཆ་ཤས་ཏེ། ནང་དུ་རིགས་རྫས་ཡོད་ཅིང་མཐའ་རུ་སྐྱི་མོས་བཏུམ་པ་ཞིག |
| nucleus གོང་བུ། ཆུན་བུ། ཚོམ་བུ། | neurosci. A group of cell bodies of nerve cells in the brain or spinal cord. | ཀླད་པའམ་རྒྱུངས་པའི་ནང་དུ་ཡོད་པའི་དབང་རྩ་ཕྲ་གཟུགས་ཀྱི་ཕྲ་ཕུང་གི་ལུས་དུ་མ་ཚོགས་པའི་སྡེ་ཚན་ལ་གོ |
| nucleotide ཉིང་རྡུལ་གྲུབ་ཆ། | biol. A subunit of DNA or RNA that consists of a nitrogenous base, a phosphate molecule, and a sugar molecule. Thousands of nucleotides are linked to form a DNA or an RNA molecule. | ཌི་ཨེན་ཨེའམ་ཨར་ཨེན་ཨེ་ཡི་གྲུབ་ཆ་ཞིག་ལ་གོ་ཞིང་། དེའི་ཁོངས་སུ་ཟེ་རླུང་དང་ལྡན་པའི་བུལ་ཚྭ་ཞིག་དང་། འོད་ཀྱི་མ་མའི་འདུས་རྡུལ་ཞིག མངར་རྫས་ཀྱི་འདུས་རྡུལ་ཞིག་བཅས་འདུས་ཡོད། ཉིང་རྡུལ་གྲུབ་ཆ་སྟོང་ཕྲག་མང་པོ་སྦྲེལ་མཐུད་བྱས་ཏེ་ཌི་ཨེན་ཨེའམ་ཨར་ཨེན་ཨེ་འདུས་རྡུལ་འགྲུབ་ཀྱི་ཡོད། |
| nucleosynthesis ལྟེ་རྡུལ་སྦྱོར་གྲུབ། | phys. The formation of heavier elements from lighter elements by nuclear fusion in stars | སྐར་མའི་ནང་དུ་བྱུང་བའི་ཡང་བའི་རྩ་རྫས་ཀྱི་ལྟེ་རྡུལ་འདྲེས་འགྱུར་བྱུང་བ་ལ་བརྟེན་ནས་ལྕི་བའི་རྩ་རྫས་གྲུབ་པ་ལ་གོ |
| Nucleosome ལྟེ་གཟུགས། | biol. | |
| Nucleophile གློག་རྡུལ་སྦྱིན་སྡེ། | chem. | |
| nucleon ལྟེ་ཆ། (ལྟེ་རྡུལ་གྱི་ཆ།) | phys. Principal building block of the nucleus; a neutron or a proton; the collective name for either or both. | ལྟེ་རྡུལ་གྱི་གཞི་རྩའི་གྲུབ་ཆ་སྟེ་བར་རྡུལ་ལམ་ཕོ་རྡུལ། འདི་གཉིས་ལས་གང་རུང་གཅིག་གམ་གཉིས་ཀར་སྤྱོད་པའི་ཐུན་མོང་གི་མིང་། |
| nucleolus ཉིང་ཕྲ། | biol. A small structure within the nucleus of a cell that contains RNA and protein and is the site where ribosomes are formed. | ཕྲ་ཕུང་ཞིག་གི་ལྟེ་ཉིང་གི་ནང་རོལ་དུ་ཡོད་ཅིང་། ཨར་ཨེན་ཨེ་དང་སྤྲི་རྫས་གནས་སའི་བཀོད་པ་ཆུང་ཆུང་ཞིག་ལ་གོ་བ་དང་། རཻ་སྦོ་སོན་གྲུབ་སའི་གནས་དེ་རེད། |
| nucleic acid ཉིང་སྐྱུར། | biol. Large chemical polymer that stores genetic information and mediates its transfer during protein synthesis; DNA and RNA are nucleic acids. | རིགས་རྫས་ཀྱི་ཆ་འཕྲིན་གསོག་ཉར་བྱེད་པ་དང་། སྤྲི་རྫས་སྦྱོར་སྡེབ་ཀྱི་སྐབས་སུ་ཆ་འཕྲིན་དེ་དག་རྒྱུད་སྤྲོད་བྱེད་མཁན་གྱི་ཟློས་རྫས་ཆེན་པོ་ཞིག་ལ་གོ་ཞིང་། ཌི་ཨེན་ཨེ་དང་ཨར་ཨེན་ཨེ་གཉིས་ནི་ཉིང་སྐྱུར་ཡིན། |
| nuclease ཉིང་ཕྲ་སྨིན་རྫས། | biol. Any of several enzymes, including the endonucleases and the exonucleases, that hydrolyze bonds between nucleotides in nucleic acids. | ལྟེ་ཉིང་སྐྱུར་རྫས་ནང་གི་ཉིང་རྡུལ་གྲུབ་ཆ་དབར་གྱི་འཆིང་སྦྱོར་ཆུས་འཕྲལ་གཏོང་མཁན་ཏེ། ནང་གི་ཉིང་ཕྲ་སྨིན་རྫས་དང་ཕྱིའི་ཉིང་ཕྲ་སྨིན་རྫས་ལ་སོགས་པའི་སྨིན་རྫས་གང་ཡང་རུང་བ་ཞིག་ལ་གོ |
| nuclear weapon ལྟེ་རྡུལ་མཚོན་ཆ། | phys. Weapons in which an explosion is caused by nuclear fission, nuclear fusion or a combination of both. | ལྟེ་རྡུལ་གས་འགྱུར་རམ། ལྟེ་རྡུལ་འདུས་འགྱུར། ཡང་ན། འདི་གཉིས་མཉམ་དུ་བྱུང་བ་ལ་བརྟེན་ནས་གས་ཐོར་བསྐྲུན་པར་བྱེད་པའི་མཚོན་ཆ། |