Search:
TermEnglish DefinitionTibetan Definition
nine-times ionized iron དགུ་འཐེན་ལྕགས་རྡུལ། chem.
night vision མཚན་མཐོང། biol. The faculty of seeing in the dark, especially when the eyes have become adapted to the low level of light. མུན་ནག་གི་ནང་ནས་མཐོང་ཐུབ་པའི་ནུས་པ་སྟེ། ལྷག་པར་དུ། འོད་ཀྱི་གསལ་ཆ་ཆུང་བའི་གནས་བབས་སུ་མིག་ལ་བསྟུན་འགྱུར་ཐེབས་ཏེ་མཐོང་ཐུབ་པ་ལ་གོ
Nicotinic Acetylcholine receptor ནི་ཀོ་ཊི་ནིག་ཨེ་སི་ཊིལ་ཁོ་ལིན་སྣེ་ལེན་པ། neurosci.
nicotine receptor ནི་ཀོ་ཊིན་སྣེ་ལེན་པ། biol. A cholinergic receptor found at the neuromuscular junction on skeletal muscle and in the autonomic ganglia, which responds to nicotine and nicotine-like drugs. རུས་འབྱར་ཤ་སྒྲིམ་སྟེང་གི་དབང་རྩ་དང་ཤ་སྒྲིམ་སྦྲེལ་མཚམས་དང་། རང་སྐྱོང་རྩ་འདུས་གཉིས་སུ་ཡོད་ཅིང་། ནི་ཀོ་ཊིན་དང་ནི་ཀོ་ཊིན་འདྲ་བའི་མྱོས་རྫས་ལ་ཡ་ལན་སྤྲོད་མཁན་གྱི་ཁོ་ལིན་སྣེ་ལེན་པ་ཞིག
nicotinamide adenine dinucleotide (NAD) ནི་ཁོ་ཊིན་ཨ་མེཌ། ཨེ་ཌི་ནིན། ཉིང་རྡུལ་གྲུབ་ཆ་ཟུང། biol.
nickel གཤའ་དཀར། chem. A silvery-white metal, the chemical element of atomic number 28. རྡུལ་གྲངས་ ༢༨ ཡིན་པའི་དངུལ་ལྟར་དཀར་བའི་ལྕགས་རིགས་ཤིག
niche འཚོ་གནས་གོ་བབས། biol. The function or position of an organism or population within an ecological community. སྐྱེ་ཁམས་ཀྱི་ཚོགས་སྡེ་ཞིག་ཏུ་སྐྱེ་དངོས་ཤིག་གམ་ཚོགས་འདུས་ཤིག་གིས་བཟུང་བའི་གནས་བབས་སམ་བྱེད་ལས་ལ་གོ
Newton’s rings ནེའུ་ཊོན་གྱི་ཨ་ལོང་། phys. A set of concentric circular fringes seen around the point of contact when a convex lens is placed on a plane surface, caused by interference between light reflected from the upper and lower surfaces. འབུར་ཤེལ་ཞིག་ངོས་སྙོམས་པོ་ཞིག་གི་སྟེང་དུ་འཇོག་སྐབས། འབུར་ཤེལ་གྱི་ངོས་སྟེང་འོག་གཉིས་ནས་ལྡོག་འཕྲོ་བྱས་པའི་འོད་ཐེ་ཞུགས་བྱས་པ་ལ་བརྟེན་ནས་འབུར་ཤེལ་དང་སྙོམས་ངོས་གཉིས་ཀྱི་འཕྲད་སའི་ཚེག་གི་མཐའ་འཁོར་དུ་གྲུབ་པའི་ལྟེ་མཚུངས་སྒོར་དབྱིབས་ཁྱུ་ཞིག
Newton’s law of motion ནེའུ་ཊོན་གྱི་འགུལ་སྐྱོད་གཏན་ཁྲིམས། phys. Law 1: Every object continues in a state of rest, or of uniform speed in a straight line, unless acted on by a nonzero net force. Also known as the law of inertia. Law 2: The acceleration produced by a net force on an object is directly proportional to the magnitude of the net force, is in the same direction as the net force, and is inversely proportional to the mass of the object. Law 3: Whenever one object exerts a force on a second object, the second object exerts an equal and opposite force on the first. གཏན་ཁྲིམས་དང་པོ། དངོས་པོ་ཞིག་གི་སྟེང་དུ་ཀླད་ཀོར་མིན་པའི་ཕྱི་ཡི་གཙང་ཤུགས་ཤིག་མ་ཕོག་པའི་བར་དུ་དངོས་པོ་དེའི་འགུལ་མེད་རང་གཤིས་སམ་མགྱོགས་ཚད་བརྟན་པོའི་དྲང་ཐད་འགུལ་སྐྱོད་དེ་འགྱུར་མེད་དུ་གནས་པ་ཡིན། འགྱུར་འགོག་རང་གཤིས་ཀྱི་གཏན་ཁྲིམས་ཞེས་ཀྱང་བརྗོད། གཏན་ཁྲིམས་གཉིས་པ། གཙང་ཤུགས་ཤིག་ལ་བརྟེན་ནས་བྱུང་བའི་མྱུར་སྣོན་ནི་གཙང་ཤུགས་དེའི་འབོར་ཚད་ལ་ཐད་འབྲེལ་ཡིན་པ་དང་། གཙང་ཤུགས་ཀྱི་ཁ་ཕྱོགས་དང་མཚུངས་ཤིང་། དངོས་པོ་དེའི་གདོས་ཚད་དང་ལྡོག་འབྲེལ་ཡིན། གཏན་ཁྲིམས་གསུམ་པ། དངོས་པོ་ཞིག་གིས་དངོས་པོ་གཞན་ཞིག་གི་སྟེང་དུ་ཤུགས་ཤིག་འདོན་སྐབས། དངོས་པོ་གཉིས་པ་དེ་ཡིས་ཀྱང་དངོས་པོ་དང་པོ་དེའི་སྟེང་དུ་ཁ་ཕྱོགས་ལྡོག་ཅིང་ཚད་མཉམ་པའི་ཤུགས་ཤིག་འདོན་གྱི་ཡོད།
Newton’s law of gravitation ནེའུ་ཊོན་གྱི་འཐེན་ཤུགས་གཏན་ཁྲིམས། phys. There is a force of attraction between any two massive particles in the universe. For any two point masses m1 and m2, separated by a distance d, the force of attraction F is given by F=m1m2G/d2, where G is the gravitational constant. Real bodies having spherical symmetry act as point masses positioned at their centres of mass. འཇིག་རྟེན་ཁམས་སུ་གདོས་ཚད་ཡོད་པའི་རྡུལ་གཉིས་ཀྱི་དབར་དུ་ཕན་ཚུན་འཐེན་རེས་བྱེད་པའི་ཤུགས་ཤིག་ཡོད་པ་དེར་གོ གདོས་ཚད་ m1དང་ m2 ཡོད་པའི་ཧ་ཅང་ཕྲ་བའི་དངོས་པོ་གཉིས་ཀྱི་བར་ཐག་ d ཡིན་ན། འཐེན་ཤུགས་ནི་ F=m1m2G/d2 ཡིན། G ནི་འཐེན་ཤུགས་བརྟན་གྲངས་ཡིན། ཟླུམ་གཟུགས་ལྟ་བུའི་མཚུངས་ཆ་ཡོད་པའི་དངོས་གཟུགས་རྣམས་ནི་གདོས་ཚད་རྣམས་གདོས་ལྟེ་རུ་འདུས་ཡོད་པའི་ཧ་ཅང་ཕྲ་བའི་དངོས་གཟུགས་དང་མཚུངས།
Newton’s law of cooling ནེའུ་ཊོན་གྱི་གྲང་བསིལ་གཏན་ཁྲིམས། phys. The rate of cooling of an object-whether by conduction, convection, or radiation- is approximately proportional to the temperature difference between the object and its surroundings. རྒྱུད་ཁྲིད་དམ། གཏད་རྒྱུག་གམ། འགྱེད་འཕྲོ་བཅས་པ་གང་རུང་ལ་བརྟེན་ནས་དངོས་པོ་ཞིག་གྲང་མོར་བཟོ་བའི་འགྲོས་ཚད་ནི་དངོས་པོ་དེ་དང་དེའི་ཁོར་ཡུག་དབར་གྱི་དྲོད་ཚད་ཀྱི་ཁྱད་པར་ལ་ཧ་ལམ་ཐད་འབྲེལ་ཡིན།
Newton’s formula ནེའུ་ཊོན་གྱི་སྤྱི་འགྲོས། phys. For a lens, the distances p and q between two conjugate points and their respective foci is given by pq=f2, where f is the focal length of the lens. ཆེ་ཤེལ་ཞིག་ལ་མཚོན་ན། དུས་མཉམ་དུ་མངོན་པའི་ཚེག་གཉིས་ནས་སོ་སོའི་འདུ་གནས་དབར་གྱི་བར་ཐག་ p དང་ q ཡིན་ཚེ། བར་ཐག་དེ་གཉིས་དང་འདུ་གནས་རིང་ཚད་བར་གྱི་འབྲེལ་བ་མཉམ་རྩིས་ pq=f2 ཡིས་མཚོན། f ནི་ཆེ་ཤེལ་གྱི་འདུ་གནས་རིང་ཚད་ཡིན།
Newton (N) ནེའུ་ཊོན། phys. SI unit of force. One newton is the force applied to a 1-kilogram mass that will produce an acceleration of 1 meter per second per second. ཤུགས་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། ནེའུ་ཊོན་གཅིག་ནི་གདོས་ཚད་ཀི་ལོ་གྷ་རམ་གཅིག་ཅན་གྱི་དངོས་པོ་ཞིག་ལ་མྱུར་སྣོན་ 1m/s2 བསྐྲུན་པར་བཀོལ་བའི་ཤུགས་དེ་ཡིན།
new fear association འཇིགས་གྲོགས་གསར་པ། neurosci.
neutrophil བར་ལེན། biol. Neutrophil, type of white blood cell (leukocyte) that is characterized histologically by its ability to be stained by neutral dyes and functionally by its role in mediating immune responses against infectious microorganisms. Neutrophils, along with eosinophils and basophils, constitute a group of white blood cells known as granulocytes. ཕུང་གྲུབ་རིག་པའི་ཆ་ནས་བར་གནས་ཀྱི་ཚོས་མདོག་ལེན་ཞིང་བྱེད་ལས་ཀྱི་ཆ་ནས་གཉན་ཁ་ཅན་གྱི་ཕྲ་དངོས་ལ་ནད་འགོག་གི་ཡ་ལན་སྤྲོད་པར་བར་འདུམ་བྱེད་པའི་ཁྱད་ཆོས་དང་ལྡན་པའི་ཁྲག་དཀར་ཕྲ་ཕུང་ (དཀར་ཕུང་) གི་རིགས་ཤིག་ལ་བར་ལེན་ཞེས་ཟེར། བར་ལེན་དང་། དམར་ལེན། མཐིང་ལེན་གསུམ་པོས་ཟེགས་ལྡན་ཁྲག་ཕུང་ཞེས་པའི་ཁྲག་དཀར་ཕྲ་ཕུང་གི་སྡེ་ཚན་དེ་གྲུབ་ཀྱི་ཡོད། [ཚོས་ལེན་སྟངས་ཀྱི་ཆ་ནས་མིང་བཏགས། མཐིང་དམར་གང་རུང་མི་ལེན་པར་བར་ན་གནས་པའི་ཟིང་སྐྱ་ལེན་པས་སོ།]