Search:
TermEnglish DefinitionTibetan Definition
Neglect dyslexia ཕྱེད་རྨོངས་ཀློག་འཆོལ། neurosci. [ཚིག་གི་ཆ་ཤས་གཡས་གཡོན་གང་རུང་ཀློག་མི་ཐུབ་པ།]
Negativity bias ངན་འཛིན་ཕྱོགས་ལྷུང་། SEE Learning [ངན་པ་ཏིལ་འབྲུ་ཙམ་ཡིན་རུང་འཛིན་པའི་ཕྱོགས་ལྷུང་།]
negatively charged particle མོ་ཁུར་རྡུལ། phys.
negatively charged emotions ངན་ཕྱོགས་ཀྱིས་བསླད་པའི་སེམས་མྱོང་། neurosci.
Negative symptoms  ཆད་པའི་ནད་རྟགས། neurosci.
Negative stress སེམས་ངལ་ངན་པ། Neurosci.
Negative reinforcement མི་མཐུན་པའི་བསྐྱར་སྣོན། Pedagog.
Negative punishment མི་མཐུན་པའི་ཉེས་ཆད། Pedagog.
Negative polarization སྣེ་འཕྲལ་མོ། Chem.
negative ion གྱེས་རྡུལ་མོ། chem. An atom or group of atoms that have gained one or more electrons and thus have a negative charge གློག་རྡུལ་གཅིག་གམ་དུ་མ་ཐོབ་པ་ལ་བརྟེན་ནས་གློག་ཁུར་མོ་དང་ལྡན་པའི་རྡུལ་ཕྲན་ཞིག་གམ་རྡུལ་ཕྲན་གྱི་ཚོགས་ཤིག
negative induction ལྡོག་པའི་སྐུལ་སྐྲུན། neurosci.
Negative feedback loop འཕྲི་ལྡོག་འཁོར་ལོ། SEE Learning
negative feedback འཕྲི་ལྡོག neurosci. In negative feedback, the output is used to reduce the input. འཕྲི་ལྡོག་གི་སྐབས་སུ་ཕྱིར་ཐོན་འབྲས་བུ་དེ་ནང་འཇུག་གི་རྒྱུ་ཉུང་དུ་གཏོང་བར་བེད་སྤྱོད་བྱེད།
negative eugenics རྒྱུད་ངན་འགོག་ཐབས། biol. The practice of trying to prevent the birth of children to persons considered defective or in some way unfit to be parents. སྐྱོན་ཅན་དུ་ངོས་འཛིན་བྱེད་པའི་གང་ཟག་གམ་ཕ་མ་བྱས་ན་མི་འཚམས་པར་འདོད་པའི་གང་ཟག་ལ་བྱིས་པ་སྐྱེ་རུ་མི་འཇུག་པའི་ལག་ལེན།
negative emotion induction མྱོང་ཚོར་ངན་སྐུལ། neurosci.