Search:
TermEnglish DefinitionTibetan Definition
Use-it-or-lose-it fashion སྤྱོད་དམ་ཡང་ན་བརླག་པ་ལྟར། neurosci.
urogenital tract གསང་གནས་གཅིན་ལམ། biol. The complex of organs of the urinary system and their associated genital structures. གཅིན་འདོན་མ་ལག་གི་རྙོག་འཛིང་ཅན་གྱི་དབང་པོ་ཁག་དང་དེ་དག་དང་འབྲེལ་བ་ཡོད་པའི་གསང་གནས་བཅས་ལ་གོ
Urochordata རྔ་ཐིག་ཅན། biol.
urine གཅིན་པ། biol. the pale yellow slightly acid fluid excreted by the kidneys, containing waste products removed from the blood. It is stored in the urinary bladder and discharged through the urethra. མཁལ་མས་གློད་འདོན་བྱས་ཤིང་ཅུང་ཙམ་སྐྱུར་རྫས་ཀྱི་རང་བཞིན་ལྡན་པའི་གཤེར་ཁུ་སེར་སྐྱ་དེ་ལ་གོ་ཞིང་། ཁྲག་ནས་བྱུང་བའི་སྙིགས་མས་གྲུབ་པ་དང་། གཅིན་ལྒང་དུ་ཉར་ཚགས་བྱེད་ཅིང་གཅིན་ལམ་བརྒྱུད་ནས་ཕྱིར་འདོན་པར་བྱེད།
urination གཅིན་འདོར། biol. The discharge of urine from the body. ལུས་པོ་ནས་གཅིན་པ་ཕྱིར་འདོར་བ་ལ་གོ
urinary system གཅིན་འདོན་མ་ལག biol. The bodily system consisting of the organs that produce, collect, and eliminate urine and including the kidneys, ureters, urinary bladder, and urethra. གཅིན་པ་སྐྱེད་སྐྲུན་དང་། གསོག་ཉར། ཕྱིར་འདོན་བཅས་བྱེད་མཁན་གྱི་དབང་པོ་ཁག་ཅིག་གིས་གྲུབ་པའི་ལུས་ནང་གི་མ་ལག་ཅིག་ལ་གོ་ཞིང་། མཁལ་མ་དང་། གཅིན་འདྲེན་སྦུ་གུ གཅིན་ལྒང་། གཅིན་ལམ་བཅས་ཀྱིས་གྲུབ།
Uric acid གཅིན་སྙིགས་སྐྱུར་རྫས། ཡུ་རིག་སྐྱུར་རྫས། biol.
urethra གཅིན་ལམ། biol. The canal through which urine is discharged from the bladder in most mammals and through which semen is discharged in the male. ནུ་གསོས་སྲོག་ཆགས་མང་ཆེ་བའི་གཅིན་ལྒང་ནས་གཅིན་པ་ཕྱིར་འདོན་ས་དང་ཕོའི་ཁུ་བ་ཕྱིར་གློད་སའི་བུ་ག་ལ་ཟེར།
ureter ཆུ་རྩ། གཅིན་འདྲེན་སྦུ་གུ། biol. The duct by which urine passes from the kidney to the bladder or cloaca. མཁལ་མ་ནས་གཅིན་ལྒང་ངམ་ཐུན་སྒོའི་བར་དུ་གཅིན་པ་བགྲོད་སའི་སྦུ་གུ
Urease གཅིན་སྙིགས་སྨིན་རྫས། ཡུ་རེ་ཡ་སྨིན་རྫས། biol.
Urea གཅིན་སྙིགས། ཡུ་རེ་ཡ། biol.
Uranus གཟའ་གནམ་རྒྱལ། phys. The planet seventh in order from thesun, having an equatorial diameter of 56,460 km, a mean distance from the sun of 2,871 million km,  aperiod of revolution of 84.07 years, and 15moons. ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་སྐར་བདུན་པ་དེ་ཡིན་ཞིང་། དཀྱིལ་ཐིག་ཁུལ་གྱི་ཚངས་ཐིག་གི་རིང་ཚད་ལ་ཀི་ལོ་མི་ཊར་ ༥༦༤༦༠ དང་ཉི་མ་ནས་ཆ་སྙོམས་རྒྱང་ཐག་ཀི་ལོ་མི་ཊར་ས་ཡ་ ༢༨༧༡ སར་ཡོད་པ་དང་། ཉི་མར་སྐོར་བ་བྱེད་པའི་དུས་ཡུན་ནི་ལོ་ ༨༤.༠༧ ཡིན་ལ་མཐའ་འཁོར་དུ་ཟླ་བ་ ༡༥ ཡོད་དོ།
uranium hexafluoride ཡུ་རེ་ནི་ཡམ་ཕུ་ལོ་རིན་དྲུག་ལྡན། biol.
uranium ཡུ་རེ་ནི་ཡམ། chem. The chemical element of atomic number 92, a dense grey radioactive metal used as a fuel in nuclear reactors. རྡུལ་ཕྲན་ཨང་གྲངས་ ༩༢ ཡིན་པའི་རྩ་རྫས་ཏེ། སྟུག་ཅིང་སྐྱ་མདོག་ཡིན་ལ་ལྟེ་ནུས་སྐྲུན་ཆས་སུ་བེད་སྤྱོད་བྱེད་པའི་འགྱེད་འཕྲོའི་རང་བཞིན་ཅན་གྱི་ལྕགས་རིགས་ཤིག
uracil ཡུ་ར་སིལ། biol. A compound found in living tissue as a constituent base of RNA. In DNA it is replaced by thymine. སྐྱེ་ལྡན་ཕུང་གྲུབ་ཀྱི་ནང་དུ་ཨར་ཨེན་ཨེ་ཡི་གཞི་རྫས་གྲུབ་ཆའི་ངོ་བོར་ཡོད་པའི་འདུས་རྫས་ཤིག ཌི་ཨེན་ཨེ་ཡི་ནང་དུ་ཐ་ཡི་མིན་གྱིས་ཚབ་བྱེད་པ་ཡིན།