| mother cell མ་ཡུམ་ཕྲ་ཕུང་། | biol. A cell that divides to produce two or more daughter cells. Also called parent cell. | ཆ་བགོས་བྱས་ཏེ་ན་ཆུང་ཕྲ་ཕུང་གཉིས་སམ་དུ་མ་སྐྲུན་མཁན་གྱི་ཕྲ་ཕུང་ཞིག་ལ་གོ་ཞིང་། ཕ་མ་ཕྲ་ཕུང་ཞེས་ཀྱང་བརྗོད། |
| moth larvae སྲིལ་འབུའི་ཚང་འབུ། | phil. | |
| moth སྲིལ་འབུ། | biol. | |
| mossy fibers གྲོག་ཤིང་རྩ་རྒྱུས། | neurosci. Any of the complexly ramifying nerve fibers that surround some nerve cells of the cerebellar cortex. | ཀླད་སྙིང་ཀླད་ཤུན་གྱི་དབང་རྩ་ཕྲ་ཕུང་འགའ་ཞིག་གི་མཐའ་ནས་བསྐོར་ཞིང་ཡན་ལག་རྙོག་འཛིང་ཅན་དུ་རྒྱས་པའི་དབང་རྩའི་རྩ་རྒྱུས་གང་རུང་རུང་ཞིག། |
| moss གྲོག་ཤིང་། | biol. A small flowerless green plant which lacks true roots, growing in low carpets or rounded cushions in damp habitats and reproducing by means of spores released from stalked capsules. | རྩ་བ་ངོ་མ་མེད་ཅིང་རླན་གཤེར་ཆེ་བའི་ས་ཁུལ་དུ་ས་གདན་སྲབ་མོའམ་འབོབ་གདན་སྒོར་མོ་ལྟ་བུའི་དབྱིབས་སུ་སྐྱེ་བའི་རྩི་ཤིང་ལྗང་ཞིང་ཆུང་ལ་མེ་ཏོག་མེད་པ་ཞིག གཞུང་རྟའི་ཤུན་སྐོགས་ནས་གློད་པའི་སོན་ཐལ་ལ་བརྟེན་ནས་སྐྱེད་འཕེལ་བྱེད། |
| mosaic ཁྲ་བཀོད། | A picture or decorative design made by setting small colored pieces, as of stone or tile, into a surface. | ངོས་ཤིག་གི་སྟེང་དུ་ཚོན་མདོག་ཅན་གྱི་རྡོའམ་ཐོག་རྫ་དུམ་བུ་ཆུང་ཆུང་མང་པོ་བསྒྲིགས་ཏེ་བཟོས་པའི་རི་མོའམ་རྒྱན་བཀོད་བཟོ་དབྱིབས་ལ་གོ |
| morula སེ་སྦྲུམ། | biol. A solid ball of cells resulting from division of a fertilized ovum, and from which a blastula is formed. | ཁམས་འདུས་ས་བོན་ཞིག་ཆ་བགོས་བྱས་པ་ལས་གྲུབ་པའི་ཕྲ་ཕུང་གི་ཚོམ་བུ་མཁྲེགས་པོ་ཞིག་ལ་གོ་ཞིང་། འདི་ལས་མྱུག་སྦྲུམ་འགྲུབ་ཀྱི་ཡོད། [ཤིང་ཏོག་སེའུ་ mulberry དང་འདྲ་བས་ན།] |
| mortar ཨར་འདམ། | phys. | |
| mortality ཤི་ཚད། ཤི་གྲངས། | biol. The number of deaths in a given area or period, or from a particular cause. | ས་ཁུལ་ངེས་ཅན་ཞིག་གི་ནང་ངམ། དུས་ཡུན་ངེས་ཅན་ཞིག་གི་ནང་ཚུད། ཡང་ན་རྒྱུ་རྐྱེན་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བའི་འཆི་སྐྱོན་གྱི་གྲངས་འབོར་ལ་གོ [མིའི་ཚོགས་འདུས་ཤིག་གི་ཁྱོན་དུ་བྱུང་བའི་འཆི་སྐྱོན་གྲངས་ཚད།] |
| Morphospecies གཟུགས་འགྱུར་ཉེ་རིགས། | biol. | |
| morphology གཟུགས་འགྱུར་རིག་པ། | biol. The branch of biology that deals with the form and structure of organisms without consideration of function. | སྐྱེ་དངོས་ཀྱི་དབྱིབས་དང་ཆགས་བཀོད་ལ་ཞིབ་འཇུག་བྱེད་པ་ལས་དེ་དག་གི་བྱེད་ལས་གཙོ་བོར་མི་འཛིན་པའི་སྐྱེ་དངོས་ཚན་རིག་གི་སྡེ་ཚན་ཞིག |
| Morphine མོར་ཧྥིན། | chem. | |
| morpheme ཚིག་གཞི། དོན་གཞི། | ling. | [ཚིག་གམ་དོན་གྱི་རྩོམ་གཞི།] |
| morbidity ནད་ཀྱི་ཁྱབ་ཚད། ནད་ཚད། | biol. The rate of disease in a population. | ཚོགས་འདུས་ཤིག་ཏུ་ནད་ཁྱབ་པའི་ཁྱབ་ཚད་ལ་གོ [མིའི་ཚོགས་འདུས་ཤིག་གི་ཁྱོན་དུ་བྱུང་བའི་ནད་རིགས་ཀྱི་འགྲམས་ཚད།] |
| moon ཟླ་བ། | phys. The earth’s only natural satellite, which orbits the earth at a mean distance of 384400 km. It has a diameter of 3476 km. It has no atmosphere or surface water. | ཆ་སྙོམས་རྒྱང་ཚད་ 384400 km ཡི་མཚམས་སུ་སའི་གོ་ལར་སྐོར་བ་རྒྱག་བཞིན་པའི་སའི་གོ་ལའི་རང་བྱུང་གི་འཁོར་སྐར་གཅིག་པུ། དེའི་ཚངས་ཐིག་ལ་ 3476 km ཡོད། དེ་ལ་རླུང་ཁམས་མེད་ཅིང་ཆུ་ཡང་མེད། |