Search:
TermEnglish DefinitionTibetan Definition
mood ཁམས། neurosci. A temporary state of mind or feeling. སེམས་ཀྱི་སྐབས་འཕྲལ་གྱི་གནས་བབ་བམ་མྱོང་ཚོར་ཞིག
monotreme mammal སྒོ་གཅིག་ནུ་གསོས་སྲོག་ཆགས། biol. A primitive mammal that lays large yolky eggs and has a common opening for the urogenital and digestive systems. Monotremes are now restricted to Australia and New Guinea, and comprise the platypus and the echidnas. སྒོ་ང་སེར་རིལ་ཆེན་པོ་ཅན་འཇོག་ཅིང་། གཅིན་དང་མཚན་མའི་མ་ལག་དང་། འཇུ་བྱེད་མ་ལག་བཅས་ལ་ཐུན་མོང་གི་སྒོ་གཅིག་ཅན་གྱི་གདོད་མའི་ནུ་གསོས་སྲོག་ཆགས་ཤིག དེང་གི་ཆར་སྒོ་གཅིག་ནུ་གསོས་སྲོག་ཆགས་ནི་ཨོ་སི་ཊོ་ལི་ཡ་དང་ནེའུ་གྷེ་ནེ་གཉིས་སུ་ཡོད་ཅིང་། དེའི་ཁོངས་སུ་གྲུམ་པ་ངང་ལག་ཅན་དང་། ཚེར་ཅན་གྲོག་ཟན་གཉིས་ཡོད་པ་ཡིན།
Monotreme སྒོ་གཅིག་སྲོག་ཆགས། biol.
monosynaptic reflex མཚམས་རྐྱང་ལྡོག་འགུལ། neurosci. A simple reflex that involves transmission of information from a sensory neuron to the appropriate motor neuron across a single synapse in the spinal cord. The knee-jerk reflex action is an example of a monosynaptic reflex. རྒྱུངས་པའི་ནང་གི་མཐུད་མཚམས་རྐང་གཅིག་གི་ནང་དུ་དབང་ཚོར་དབང་རྩ་ཕྲ་གཟུགས་གཅིག་ནས་འགུལ་སྐྱོད་དབང་རྩ་ཕྲ་གཟུགས་འོས་འཚམས་ཤིག་ལ་ཆ་འཕྲིན་རྒྱུད་གཏོང་བྱས་པ་ལ་བརྟེན་ནས་བྱུང་བའི་སྟབས་བདེའི་ལྡོག་འགུལ་ཞིག པུས་མོའི་ཧད་སྦུད་ལྡོག་འགུལ་ནི་མཚམས་རྐྱང་ལྡོག་འགུལ་གྱི་དཔེ་མཚོན་ཡིན།
monosaccharide ཀ་ར་རྐྱང་ལྡན། ཆིག་མངར། chem. Any of a class of simple carbohydrates that cannot be broken down to simpler sugars by hydrolysis. Fructose is a monosaccharide. ཆུའི་སེལ་སྦྱོར་ལ་བརྟེན་ནས་ཆ་བསལ་གཏོང་མི་ཐུབ་པའི་སྟབས་བདེའི་ཁར་སྦོ་མངར་རྫས་ཀྱི་སྡེ་ཚན་གང་རུང་རུང་ཞིག་ལ་གོ ཕུ་རུ་མངར་རྫས་ནི་ཀ་ར་རྐྱང་ལྡན་ཞིག་རེད།
monopole རྐྱང་སྣེ། Chem.
monophyletic རིགས་ཁུངས་རྐྱང་ལྡན་གྱི། biol. Having a single common ancestry. ཐུན་མོང་གི་མེས་པོ་ཞིག་ལྡན་པར་གོ
monophosphate ཕོ་སི་ཕེཊ་ཆིག་ལྡན། chem. A chemical composition that only has one phosphate group ཕོ་སི་ཕེཊ་སྡེ་ཚན་རྐང་གཅིག་ཁོ་ན་དང་ལྡན་པའི་རྫས་སྦྱོར་གྲུབ་རྫས་ཤིག
monophonic sound བརྡ་རྐྱང་གི་སྒྲ། phys. One sound, a melody without accompaniment. སྒྲ་གཅིག་སྟེ། རམ་སྐྱོར་མེད་པའི་འགྱུར་ཁུག་ཅིག
Monomorphism ཆིག་གཟུགས། biol.
monomial རྐྱང་ཚན། math. An algebraic expression consisting of one term. མཚན་དུམ་གཅིག་གིས་གྲུབ་པའི་ཨང་རྩིས་ཀྱི་རྩིས་གཞི་ཞིག
monomer རྐྱང་གཟུགས། biol. A molecule that can combine with other molecules to form a polymer. འདུས་རྡུལ་གཞན་དང་ལྷན་དུ་སྡེབ་སྟེ་ཟློས་རྫས་གྲུབ་ཐུབ་པའི་འདུས་རྫས་ཤིག་ལ་གོ
Monogamy ཁྱོ་ཤུག་གཅིག་བསྟེན། biol.
monocyte གཅིག་ལྡན་ཕྲ་ཕུང་། biol. A type of immune cell that is made in the bone marrow and travels through the blood to tissues in the body where it becomes a macrophage. Macrophages surround and kill microorganisms, ingest foreign material, remove dead cells, and boost immune responses. A monocyte is a type of white blood cell and a type of phagocyte. རུས་རྐང་ནང་དུ་གྲུབ་ཅིང་། ཁྲག་བརྒྱུད་ནས་ལུས་པོའི་ཕུང་གྲུབ་དག་ལ་འབྱོར་ཞིང་། གནས་དེ་རུ་རགས་ཟ་ཞིག་ཏུ་འགྱུར་བའི་ནད་འགོག་ཕྲ་ཕུང་གི་རིགས་ཤིག རགས་ཟས་སྐྱེ་དངོས་ཕྲ་མོ་མཐའ་ནས་བསྐོར་ཏེ་གསོད་པ་དང། རྒྱུས་མེད་ཀྱི་དངོས་རྫས་རྣམས་མིད་པ། བེད་མེད་ཕྲ་ཕུང་རྣམས་ཕྱིར་འདོན་པ། ནད་འགོག་ཡ་ལན་ཇེ་ལེགས་སུ་གཏོང་བ་བཅས་བྱེད། ཆིག་ལྡན་ཕྲ་ཕུང་ནི་ཁྲག་ཕུང་དཀར་པོའི་རིགས་ཤིག་དང། ཟ་བྱེད་ཕྲ་ཕུང་གི་རིགས་ཤིག་རེད།
Monocular Deprivation མིག་གཅིག་མཐོང་རྐྱེན་འགོག་པ། neurosci.