| magnocellular neurosecretory cell ཟགས་ཐོན་ཕུང་ཆེན་དབང་རྩ་ཕྲ་ཕུང་། | neurosci. | |
| magnitude ཚད་རིམ། ཆ་ཚད། | phys. In physics, it refers to the quantity of a measurement, whereas it refers to the brightness of stars in astronomy. | དངོས་ཁམས་ཚན་རིག་གི་ནང་དུ་ཚད་འཇལ་ཞིག་གི་གྲངས་འབོར་ལ་གོ་ཞིང་། སྐར་དཔྱད་ཚན་རིག་གི་ནང་དུ་སྐར་མའི་བཀྲག་མདངས་ལ་གོ |
| magnifying glass ཆེ་ཤེལ། | phys. A lens that produces an enlarged image of an object. | དངོས་པོ་ཞིག་གི་གཟུགས་བརྙན་རྒྱ་བསྐྱེད་དེ་བསྐྲུན་པར་བྱེད་པའི་དྭངས་ཤེལ་ཞིག |
| magnification ཆེར་སྐྱེད། | phys. A measure of the extent to which an optical system enlarges or reduces an image. | འོད་སྤྱོད་མ་ལག་ཅིག་གིས་གཟུགས་བརྙན་ཞིག་ཅི་ཙམ་གྱིས་ཆེ་རུ་བཏང་བའམ་ཆུང་དུ་བཏང་ཡོད་པའི་ཚད། |
| magnetohydrodynamics (MHD) ཁབ་ལེན་གཤེར་འགུལ་རིག་པ། | phys. The branch of physics that studies the behaviour of an electrically conducting fluid (such as a plasma or molten metal) acted on by a magnetic field. | གློག་ཁྲིད་ཀྱིན་པའི་གཤེར་གཟུགས་(གྱེས་གཟུགས་སམ་ལྕགས་ཀྱི་ཞུན་མ།) ཤིག་ཁབ་ལེན་གྱི་ར་བའི་ནང་དུ་འཇོག་སྐབས་ཀྱི་རྣམ་འགྱུར་ལ་སློབ་སྦྱོང་བྱེད་པའི་དངོས་ཁམས་ཚན་རིག་གི་ཡན་ལག་ཅིག |
| magnetohydrodynamic (MHD) generator ཁབ་ལེན་གཤེར་འགུལ་སྐྲུན་ཆས། | phys. | |
| magnetoencephalography (MEG) ཀླད་པའི་སྡུད་ར་གློག་དཔར། | phys. A diagnostic imaging technique that detects and records magnetic fields produced by electrical activity in the brain. | ཀླད་པའི་ནང་གི་གློག་གི་བྱེད་ལས་ཀྱིས་སྐྱེད་སྐྲུན་བྱས་པའི་ཁབ་ལེན་ར་བ་ཚོར་ཞིང་ཐོ་འགོད་བྱེད་པའི་ནད་དཔྱད་དཔར་ལེན་གྱི་ཐབས་ལམ་ཞིག |
| magnetization ཁབ་ལེན་སྐྱེད་བསྒྱུར། | phys. The process of magnetizing or the state of being magnetized. | ཁབ་ལེན་དུ་སྒྱུར་བའི་རིམ་པའམ་ཁབ་ལེན་དུ་བསྒྱུར་བའི་གནས་བབ། |
| magnetite ཁབ་ལེན་གཏེར་རྡོ། | phys. A very common black iron oxide mineral, Fe 3 O 4, that is stronglyattracted by magnets: an important iron ore. | ཧ་ཅང་འབེལ་པོ་ཡིན་པའི་ལྕགས་དང་འཚོ་རླུང་བསྲེས་སྦྱོར་བྱས་པའི་གཏེར་རྫས་ནག་པོ་ Fe 3 O 4 ཡིན་ཞིང་། ཁབ་ལེན་ཤུགས་ཆེན་པོའི་སྒོ་ནས་འབྱར་བ་དང་། འདི་ནི་ལྕགས་ཀྱི་གཏེར་རྡོ་གལ་ཆེན་ཞིག་ཡིན། |
| magnetism ཁབ་ལེན་རང་བཞིན། | phys. Phenomena associated with magnetic fields. See also electromagnetism and magnetic force. | ཁབ་ལེན་ར་བ་དང་འབྲེལ་བའི་སྣང་ཚུལ། ཁབ་ལེན་རང་བཞིན་དང་ཁབ་ལེན་གྱི་ཤུགས་ལ་ཡང་གཟིགས་རོགས། |
| magnetically levitated ཁབ་ལེན་གྱིས་བཀྱག་པའི། | phys. | |
| magnetic resonance spectroscopy (MRS) ཁབ་ལེན་མཉམ་འདར་འོད་ཤལ་བརྟག་ཐབས། | phys. An advanced method of chemical analysis using a technique similar to that employed in nuclear magnetic resonance imaging. The method is based on the fact that the electrons in a molecule shield the nucleus to some extent from the strong applied external field, causing different atoms to absorb at slightly different frequencies. It is applicable to molecules in the living body or in other organisms. The method has, for instance, been used to prove that the structure of the protein capsid surrounding the genome of HIV consists of seven alpha helices, two beta-hairpins and a single exposed loop. | ལྟེ་རྡུལ་ཁབ་ལེན་མཉམ་འདར་དཔར་ལེན་དང་མཚུངས་པའི་ཐབས་ལམ་ཞིག་སྤྱད་དེ་རྫས་ལ་བརྟག་དཔྱད་བྱེད་པའི་སྔོན་ཐོན་གྱི་ཐབས་ལམ་ཞིག་རེད། ཐབས་ལམ་འདི་ནི་གློག་རྡུལ་གྱིས་ཕྱི་རོལ་ནས་བསྣུན་པའི་ར་བ་ཞིག་ལས་ལྟེ་རྡུལ་འགེབས་སྲུང་བྱེད་པ་ལ་བརྟེན་ནས་རྡུལ་ཕྲན་མི་འདྲ་བས་ཟློས་ཕྱོད་ཅུང་ཙམ་མི་འདྲ་བ་འཇིབ་ཀྱི་ཡོད་པའི་བདེན་དོན་གཞི་ལ་བཞག་པ་ཞིག་ཡིན་པ་དང་། ཐབས་ལམ་འདི་གསོན་པོའི་ལུས་པོའི་ནང་ངམ་སྐྱེ་དངོས་གཞན་གྱི་ནང་དུ་བེད་སྤྱོད་བྱེད་ཆོག དཔེར་ན། རེག་དུག་གཉན་སྲིན་གྱི་ལྗིད་ནོམ་གྱི་སྤྲི་སྐོགས་ཀྱི་བཀོད་པའི་ནང་དུ་ཨལ་ཕ་གཅུས་གཟུགས་བདུན་དང་། བྷི་ཊ་སྐྲ་ཁབ་ཀྱི་གཟུགས་གཉིས། སྒྲིབ་གཡོག་མེད་པའི་ཨ་ལོང་གཅིག་བཅས་ཡོད་པ་ར་སྤྲོད་བྱེད་པར་ཐབས་ལམ་འདི་བེད་སྤྱོད་བྱས་ཡོད། |
| magnetic resonance imaging (MRI) ཁབ་ལེན་མཉམ་འདར་དཔར་ལེན། | phys. A system for producing electronic pictures of the organs inside a person's body, using radio waves and a strong magnetic field | རླུང་འཕྲིན་གྱི་རླབས་དང་ཤུགས་ཆེ་བའི་ཁབ་ལེན་གྱི་ར་བ་ཞིག་སྤྱད་དེ་ལུས་པོའི་ནང་གི་དོན་སྣོད་སོགས་གྱི་གློག་འབྲེལ་པར་རིས་བསྐྲུན་པར་བྱེད་པའི་མ་ལག་ཅིག |
| magnetic pole reversal ཁབ་ལེན་གྱི་སྣེ་ལྡོག | phys. When the magnetic field of an astronomical body reverses its poles, that is, the location where the north magnetic pole existed becomes the south magnetic pole, and the south magnetic pole becomes the north magnetic pole. | གཟའ་སྐར་ཞིག་གི་ཁབ་ལེན་གྱི་སྣེ་ལྡོག་པ་སྟེ། ཁབ་ལེན་གྱི་བྱང་སྣེ་ཡོད་ས་དེ་ཁབ་ལེན་གྱི་ལྷོ་སྣེ་རུ་གྱུར་ཅིང་། ཁབ་ལེན་གྱི་ལྷོ་སྣེ་ཡོད་ས་དེ་ཁབ་ལེན་གྱི་བྱང་སྣེ་རུ་གྱུར་བ། |
| magnetic pole ཁབ་ལེན་སྣེ། | phys. One of the regions on a magnet that produces magnetic forces. | ཁབ་ལེན་གྱི་ཤུགས་འབྱུང་སའི་ཁབ་ལེན་གྱི་ཆ་ཤས་ཤིག |