| melatonin མེ་ལ་ཊོ་ནིན། | chem. A hormone produced in the pineal gland that plays a role in regulating biological rhythms, including sleep and reproductive cycles. | ཐང་འབྲུ་གཟུགས་ཕུང་གིས་སྐྱེད་སྐྲུན་བྱས་ཤིང་གཉིད་དང་སྐྱེད་འཕེལ་རྒྱུན་འཁོར་གཉིས་ཐེ་བའི་སྐྱེ་དངོས་ཀྱི་འཁོར་འགྲོས་ལ་སྟངས་འཛིན་བྱེད་པར་བྱེད་སྒོ་སྤེལ་མཁན་གྱི་རྨེན་རྫས་ཤིག |
| Melanocyte མེ་ལ་ནིན་ཕྲ་ཕུང་། | Biol. | (མེ་ལ་ནིན་སྐྱེད་སྐྲུན་བྱེད་མཁན་གྱི་ཕྲ་ཕུང་།) |
| Melanin མེ་ལ་ནིན། ནག་རྩི། | biol. | [པགས་པ་སོགས་ཀྱི་ཁ་དོག་འཛིན་པའི་ཚོན་རྩི་ནག་པོ་ཞིག] |
| Meissner’s corpuscle མ་ཡི་སི་ནར་རྩ་སྣེ། | neurosci. Specialized encapsulated nerve endings found in the papillae of hairless skin. It is thought that they are one of the sets of receptors for the sensing of pressure and, on occasion, are referred to as tactile receptors. | ནུ་ཏོག་དབྱིབས་ཅན་གྱི་སྤུ་མེད་པགས་པའི་ནང་དུ་ཡོད་པའི་ཕྱི་ཐུམ་ཅན་གྱི་དབང་རྩའི་མཇུག་སྣེ་ཆེད་ལས་པ་ཞིག་ལ་གོ་ཞིང་། གནོན་ཤུགས་ཚོར་ལེན་བྱེད་མཁན་གྱི་སྣེ་ལེན་པའི་ཚན་པ་གཅིག་ཡིན་པར་བསམས་པ་དང། སྐབས་སྐབས་སུ་རེག་ཚོར་སྣེ་ལེན་པ་ཡིན་པར་བརྗོད། |
| meiotic division སྐྱེད་ཕུང་བཞི་འགྱེ་རིམ་པ། | biol. | |
| meiosis སྐྱེ་ཕུང་བཞི་གྱེས། | biol. The process of cell division that results in the formation of haploid cells from diploid cells to produce, for example, gametes. | ཆ་རྐང་ཕྲ་ཕུང་ནས་ཁམས་རྡུལ་ལྟ་བུའི་ཡ་རྐང་ཕྲ་ཕུང་གྲུབ་པར་བྱེད་པའི་ཕྲ་ཕུང་འབྱེད་རིམ་ཞིག་ལ་ཟེར། |
| Megakaryocyte ལྟེ་ཆེན་ཕྲ་ཕུང་། | biol. | |
| mega- ས་ཡ། མེ་གྷ། | math. Prefix that means million, as in megahertz or megajoule. | མེ་གྷ་ཧར་ཚི་དང་མེ་གྷ་འཇུལ་ཞེས་པ་ལྟར་ས་ཡ་གཅིག་གི་དོན་མཚོན་པའི་སྔོན་འཇུག་ཡི་གེ |
| medusa (medusae) གདུགས་ཉ། | biol. | |
| medulla oblongata (or medulla) འཇོང་ཆུན། | neurosci. | |
| medium བརྒྱུད་ལམ། | phys. An intervening substance, as air, through which a force acts or an effect is produced. | གང་ཞིག་བརྒྱུད་དེ་ཤུགས་འདོན་པའམ་ཤུགས་རྐྱེན་བསྐྲུན་པར་བྱེད་སའི་བར་འདུམ་གྱི་དངོས་རྫས་ཏེ། དཔེར་ན་རླུང་ལྟ་བུ། |
| Medieval times དུས་རབས་བར་མ། | phil. | |
| medication སྨན། སྨན་སྦྱོར། སྨན་སྤྱོད། སྨན་གཏོང། | biol. 1. A drug or other substance used to treat disease or injury; a medicine.2. The act or process of treating a patient with medicine | ༡ ན་ཚའམ་རྨས་སྐྱོན་སྨན་བཅོས་བྱེད་པར་སྤྱོད་པའི་སྨན་རྫས་སམ་དངོས་རྫས་ཏེ་སྨན་ཞིག ༢ སྨན་བཏང་སྟེ་ནད་པར་སྨན་བཅོས་བྱེད་པའི་བྱ་བའམ་རྒྱུད་རིམ་ལ་གོ |
| medical imaging སྨན་དཔྱད་པར་ལེན། | phys. The use of electromagnetic or ultrasonic radiation to produce images of organs and tissues within the body for diagnostic or screening purposes. | ནད་གཞི་བརྟག་དཔྱད་དམ་དབྱེ་སེལ་གྱི་ཆེད་དུ་གློག་ཁབ་ལེན་གྱི་རླབས་སམ་བརྒལ་སྒྲའི་འགྱེད་འཕྲོ་སྤྱད་དེ་ལུས་པོའི་ནང་རོལ་གྱི་དབང་པོ་དང་ཕུང་གྲུབ་དཔར་ལེན་བྱེད་པ། |
| mediators སྨྱན་པ། སྨྱན་རྡུལ། | biol. | |