Search:
TermEnglish DefinitionTibetan Definition
mercury ༡ དངུལ་ཆུ། ༢ གཟའ་ལྷག་པ། phys. 1. The chemical element of atomic number 80, a heavy silvery-white metal which is liquid at ordinary temperatures. 2. A small planet that is the closest to the sun in the solar system, sometimes visible to the naked eye just after sunset. ༡ རྡུལ་གྲངས་ ༨༠ ཡིན་ཞིང་དངུལ་དཀར་གྱི་ཁ་དོག་ཡོད་པའི་ལྕགས་རིགས་ཀྱི་རྩ་རྫས་ལྕི་མོ་ཞིག་སྟེ། སྤྱིར་བཏང་གི་དྲོད་ཚད་ཀྱི་སྐབས་སུ་གཤེར་གཟུགས་སུ་གནས་བ་ཞིག་ཡིན། ༢ ཉི་མའི་ཁྱིམ་རྒྱུད་ནང་གི་ཉི་མ་དང་ཐག་ཉེ་ཤོས་ཡིན་པའི་གཟའ་སྐར་ཆུང་ཆུང་ཞིག མཚམས་རེར་ཉི་ནུབ་ཀྱི་རྗེས་སུ་མིག་རྗེན་པས་མཐོང་ཐུབ།
mentalizing སེམས་བབ་དཔོག་པ། neurosci.
mental stress སེམས་གནོན། སེམས་ཀྱི་གནོན་ཉེས། neurosci.
mental state སེམས་ཀྱི་གནས་བབས། སེམས་བབས། neurosci.
Mental reality སེམས་ཀྱི་གནས་ལུགས། Psy.
mental process སེམས་ཀྱི་བྱེད་རིམ། སེམས་ཀྱི་རྒྱུད་རིམ། (སེམས་འགྲོས།) neurosci. Any of the various active processes of the mind, such as the registering or recalling of information. ཆ་འཕྲིན་ཐོ་འགོད་བྱེད་པའམ་ཆ་འཕྲིན་ཕྱིར་དྲན་བྱེད་པ་ལྟ་བུའི་སེམས་ཀྱི་རྩོལ་ཅན་རྒྱུད་རིམ་གང་རུང་རུང་ཞིག་ལ་གོ
mental illness སེམས་ནད། neurosci.
Mental health སེམས་ཁམས་འཕྲོད་བསྟེན། neurosci.
mental health disorder སེམས་ཁམས་འཁྲུག་སྐྱོན། neurosci.
mental disease སེམས་ཀྱི་ན་ཚ། neurosci. Mental illness refers to a wide range of mental health conditions — disorders that affect your mood, thinking and behavior. Examples of mental illness include depression, anxiety disorders, schizophrenia, eating disorders and addictive behaviors. སེམས་ཀྱི་ན་ཚ་ནི་སེམས་ཀྱི་བདེ་ཐང་སྐོར་གྱི་གནས་སྟངས་རྒྱ་ཆེན་པོ་ཞིག་སྟེ། ཁྱེད་ཀྱི་སེམས་ཁམས་དང། བསམ་གཞིག་གི་བྱ་བ། གཤིས་སྤྱོད་བཅས་ལ་གནོད་རྐྱེན་བྱེད་པའི་འཁྲུག་སྐྱོན་ལ་གོ སེམས་ནད་ཀྱི་དཔེ་མཚོན་དུ། ཡིད་མུག སེམས་འཚབ་འཁྲུག་སྐྱོན། གཤིས་སྤྱོད་མི་སྙོམ་པའི་སེམས་སྐྱོན། ཟས་སྤྱོད་འཁྲུག་སྐྱོན། ངན་ལང་གཤིས་སྤྱོད་བཅས་ཚུད་ཡོད།
menstruation ཟླ་མཚན་འབབ་པ། biol. The monthly flow of blood and cellular debris from the uterus that begins at puberty in women and the females of certain other primates. In women, menstruation ceases at menopause. ཟླ་རེའི་ནང་དུ་བུད་མེད་དང་མཐོ་རིམ་སྲོག་ཆགས་མོ་ཡི་བུ་སྣོད་ནས་ཁྲག་དང་ཕྲ་ཕུང་གི་བཤིག་རོ་ཕྱིར་འབབ་པ་ལ་གོ་ཞིང་། ན་ཚོད་དར་ལ་བབས་པའི་དུས་སྐབས་ནས་འགོ་འཛུགས་བྱེད་ཅིང་ཟླ་མཚན་ཆད་པའི་ལོ་ཚོད་ལ་མཇུག་སྒྲིལ་བར་བྱེད།
menstrual cycle ཟླ་མཚན་རྒྱུན་འཁོར། biol. The series of bodily changes in women and other female primates in which the lining of the uterus thickens to allow for implantation of a fertilized egg. The cycle takes about a month to complete, with ovulation usually occurring around the midway point. If the egg produced is not fertilized, the lining of the uterus breaks down and is discharged during menstruation. བུད་མེད་དང་མཐོ་རིམ་སྲོག་ཆགས་མོ་ཡི་བུ་སྣོད་ཀྱི་ནང་ཤ་མཐུག་པོར་གྱུར་ཏེ་ཁམས་འདུས་ས་བོན་ཐོགས་འབྱར་བྱེད་དུ་འཇུག་པའི་ལུས་ནང་གི་བསྟར་རིམ་གྱི་འགྱུར་བ་དེ་ལ་གོ་བ་དང་། རྒྱུན་འཁོར་འདི་ཟླ་གཅིག་ཙམ་གྱི་ནང་དུ་མཇུག་རྫོགས་པར་བྱེད་ཅིང་ཁམས་དམར་གློད་འདོན་གྱི་བྱ་བ་དུས་དཀྱིལ་ཙམ་ལ་འབྱུང་། གལ་ཏེ་ཁམས་དམར་གློད་འདོན་བྱས་མོད་ཁམས་དཀར་དང་འདྲེས་སྦྱོར་མ་བྱས་ཚེ། བུ་སྣོད་ཀྱི་ནང་ཤ་ཐོར་བཤིག་ཏུ་གྱུར་ཏེ་ཟླ་མཚན་གྱི་སྐབས་སུ་ཕྱིར་འབབ་ཀྱི་ཡོད།
menopause ཟླ་མཚན་ཆད་པ། biol. The permanent cessation of menstruation, usually occurring between the ages of 45 and 55. ཟླ་མཚན་གཏན་དུ་ཆད་པ་ལ་ཟེར་ཞིང་སྤྱིར་བཏང་ལོ་ན་ ༤༥ ནས་ ༥༥ བར་འབྱུང་གི་ཡོད།
meningocele རྒྱ་དར་འབུར་ནད། biol. A problem where part of the meninges pushes through the skull or backbone, causing a raised area under the skin. ཀླད་སྐྱིའི་ཆ་ཤས་ཤིག་གིས་ཀ་ལིའམ་སྒལ་རུས་བརྒྱུད་དེ་འབུད་རྒྱག་བཏང་བ་ལ་བརྟེན་ནས་པགས་པའི་འོག་ཏུ་འབུར་ཡོང་བའི་ཁུལ་ཞིག་བསྐྲུན་པའི་སྐྱོན་ཞིག
meningitis འཛུམ་བུ་ལྟག་བརྒྱལ། neurosci. Inflammation of the meninges of the brain and the spinal cord, most often caused by a bacterial or viral infection and characterized by fever, vomiting, intense headache, and stiff neck. དུས་སྐབས་ཕལ་ཆེ་བར་གཉན་སྲིན་ནམ་སྲིན་བུའི་གཉན་ཁ་ཡིས་སྐྱེད་པའི་རྒྱུངས་པ་དང་ཀླད་པའི་རྒྱ་དར་གྱི་ཚ་སྐྲང་ལ་གོ་ཞིང་། ནད་རྟགས་སུ་ཚ་བ་འཕར་བ་དང་། སྐྱུག་མེར་ལངས་པ། མགོ་ནད་དྲག་པོ། མཇིང་པ་ཧྲེང་པ་བཅས་འབྱུང་གི་ཡོད།