Search:
TermEnglish DefinitionTibetan Definition
kilo- ཀི་ལོ། phys. Prefix that means thousand, as in kolowatt or kilogram. ཀི་ལོ་ཝཊ་དང་ཀི་ལོ་གྷ་རམ་ཞེས་བྲིས་པ་ལྟར་ཆིག་སྟོང་གི་དོན་མཚོན་པའི་སྔོན་འཇུག་ཡི་གེ
keystone species གཙོ་གནད་ཉེ་རིགས། སྲོག་རྡོ་ལྟ་བུའི་ཉེ་རིགས། biol. Species important in determining the persistence of biological diversity within its ecological community. སྐྱེ་ཁམས་ཀྱི་ཚོགས་སྡེ་ཞིག་གི་སྐྱེ་དངོས་ཀྱི་སྣ་ཚོགས་རང་བཞིན་རྒྱུན་གནས་ཐུབ་མིན་ཐག་གཅོད་པར་གལ་ཆེ་བའི་ཉེ་རིགས།
kettledrum ལྡིར་རྔ། phys. A large hemispherical drum, often made of copper or brass with a parchment head. ཟངས་སམ་རག་གིས་བཟོས་ཤིང་སྟེང་ངོས་ཀོ་ཤོག་གིས་གཡོག་ཡོད་པའི་ཟླུམ་ཕྱེད་དབྱིབས་ཀྱི་རྔ་ཆེན་པོ་ཞིག
ketone ཀེ་ཊོན། chem. An organic molecule that contains a carbonyl group, CO, attached to two alkyl groups. The simplest is propanone, CH3COCH3. ཁར་སྦོན་ནིལ་ CO སྡེ་ཚན་གཅིག་དང་ལྡན་པ་དེ་ཨལ་ཀིལ་སྡེ་ཚན་གཉིས་དང་མཐུད་སྦྱོར་བྱས་པའི་སྐྱེ་ལྡན་འདུས་རྡུལ་ཞིག ཀེ་ཊོན་སྟབས་བདེ་ཤོས་ནི་པོར་པེ་ནོན་ཡིན་ཞིང་ CH3COCH3 ཡིས་མཚོན།
keratinocytes ཀེར་ཊིན་ཕྲ་ཕུང་། biol. An epidermal cell that produces keratin. ཀེ་ར་ཊིན་ཐོན་སྐྱེད་བྱེད་མཁན་གྱི་ཕྱི་པགས་ཕྲ་ཕུང་ཞིག
keratin ཀེ་ར་ཊིན། biol. A tough fibrous protein found particularly in the epidermis of vertebrate skin and forming structures such as hair, claws, hooves and fingernails. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་པགས་པའི་ཤུན་པགས་ཀྱི་ནང་དུ་ཡོད་པའི་རྩ་རྒྱུས་ཅན་གྱི་སྤྲི་རྫས་མཁྲེགས་པོ་ཞིག་ལ་ཟེར་ཞིང་། སྐྲ་དང་། སྡེར་མོ། རྨིག་པ། སེན་མོ་ལྟ་བུའི་བཟོ་བཀོད་འགྲུབ་ཀྱི་ཡོད།
Kepler’s laws ཁེབ་ལར་གྱི་གཏན་ཁྲིམས། phys. Law 1: The path of each planet around the Sun is an ellipse with the Sun at one focus. Law 2: The line from the Sun to any planet sweeps out equal areas of space in equal time intervals. Law 3: The square of the orbital period of a planet is directly proportional to the cube of the average distance of the planet from the Sun (T2 ~ r3 for all planets). གཏན་ཁྲིམས་དང་པོ། ཉི་མའི་མཐའ་ཡི་གཟའ་སྐར་སོ་སོའི་སྐོར་ལམ་ནི་ལྟེ་ཚེག་གཅིག་ཉི་མ་ཡིན་པའི་འཇོང་དབྱིངས་ཤིག་ཡིན། གཏན་ཁྲིམས་གཉིས་པ། ཉི་མ་ནས་གཟའ་སྐར་གང་རུང་རུང་ཞིག་ཏུ་བྲིས་པའི་ཐིག་གིས་དུས་ཡུན་གཅིག་མཚུངས་ཤིག་གི་ནང་དུ་མཁའ་དབྱིངས་ཀྱི་རྒྱ་ཁྱོན་གཅིག་མཚུངས་ཤིག་འགེབ་པར་བྱེད། གཏན་ཁྲིམས་གསུམ་པ། གཟའ་སྐར་ཞིག་གི་གཞན་སྐོར་དུས་ཡུན་གྱི་རང་ཉིས་སྒྱུར་ནི་གཟའ་སྐར་དེ་དང་ཉི་མའི་དབར་གྱི་ཆ་སྙོམས་བར་ཐག་གི་རང་སུམ་སྒྱུར་དང་ཐད་འབྲེལ་ཡིན་ (གཟའ་སྐར་ཚང་མར་ T2 ~ r3 ཡིན་) །
Kelvin Scale ཁེལ་ཝིན་ཚད་རྟགས། phys. Temperature scale, measured in kelvins, K, whose zero (called absolute zero) is the temperature at which it is impossible to extract any more internal energy from a material. 0 K= -273.15ºC. There are no negative temperatures on the Kelvin scale. ཁེལ་ཝིན་ K གྱི་བརྩི་གཞི་རུ་ཚད་འཇལ་བྱེད་པའི་དྲོད་ཚད་ཀྱི་ཚད་རྟགས། ཚད་རྟགས་འདིའི་དྲོད་ཚད་ཀླད་ཀོར་ (ཚུགས་ཐུབ་ཀླད་ཀོར་ཞེས་བརྗོད་) ནི་དངོས་པོ་ཞིག་ནས་ནང་ནུས་ཅི་ཡང་སྔོགས་འདོན་བྱེད་མི་ཐུབ་པའི་དྲོད་ཚད་དེ་ཡིན། ཁེལ་ཝིན་ཚད་རྟགས་ཀྱི་ནང་དུ་ལྡོག་མའི་དྲོད་ཚད་མེད། 0 K= -273.15ºC
Kelvin (K ) ཀེལ་ཝིན། phys. SI unit of temperature. A temperature measured in kelvins (symbol K) indicates the number of units above absolute zero. Divisions on the Kelvin scale and Celsius scale are the same size, so a change in temperature of 1 kelvin equals a change in temperature of 1 Celsius degree. དྲོད་ཚད་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། ཀེལ་ཝིན་ (མཚོན་རྟགས་ K) དུ་ཚད་འཇལ་བའི་དྲོད་ཚད་ཀྱིས་ཚུགས་ཐུབ་ཀླད་ཀོར་གྱི་སྟེང་དུ་ཡོད་པའི་ཁ་གྲངས་མཚོན། ཀེལ་ཝིན་ཚད་རྟགས་དང་བརྒྱ་ཚད་ཚད་རྟགས་གཉིས་ཀྱི་ཆ་བགོས་ནི་གཅིག་མཚུངས་ཡིན་པས། དྲོད་ཚད་ཀེལ་ཝིན་ ༡ འགྱུར་བ་ཕྱིན་པ་ནི་དྲོད་ཚད་བརྒྱ་ཚད་ ༡ འགྱུར་བ་ཕྱིན་པ་དང་མཚུངས།
kelp མཚོ་རྩ་ལྦ་གཅོད། biol. Any of several brown seaweeds commonly found on Atlantic and Pacific coasts, a type of brown algae. A source of iodine and potassium compounds ཨེཊ་ལན་ཊིག་རྒྱ་མཚོའི་འགྲམ་རྒྱུད་དང་ཞི་བདེ་རྒྱ་མཚོའི་འགྲམ་རྒྱུད་དུ་ཡོད་པའི་མཚོ་རྩ་སྨུག་པོ་གང་རུང་རུང་ཞིག་སྟེ། ཆུ་བལ་སྨུག་པོའི་རིགས་ཤིག འདི་ནི་ལྦ་ཚྭ་དང་དུག་སེལ་དཀར་པོའི་འདུས་རྫས་ཀྱི་འབྱུང་ཁུངས་ཤིག་ཡིན། [ལྦ་བ་མེད་པར་བཟོ་བའམ་གཅོད་པར་ཕན་པའི་ལྦ་ཚྭ་དང་ལྡན་པའི་མཚོ་རྩ་ཞིག]
karyotype ཚོས་གཟུགས་བསྟར་སྒྲིག biol. Characteristics of the set of chromosomes of a cell or organism (their number, sizes and shapes). A photograph or diagram of chromosomes, generally arranged in pairs and in order of size, is termed a karyogram. སྐྱེ་དངོས་སམ་ཕྲ་ཕུང་ཞིག་གི་ཚོས་གཟུགས་སྡེ་ཚན་གྱི་ཐུན་མིན་ཁྱད་ཆོས་ (ཁ་གྲངས་དང་། ཆེ་ཆུང་། དབྱིབས།) ་ལ་ཟེར། ཚོས་གཟུགས་རྣམས་ཆེ་ཆུང་ལ་གཞི་བཞག་སྟེ་ཟུང་ཚན་དུ་གྲལ་སྒྲིག་པའི་རི་མོའམ་པར་རིས་ལ་ཚོས་གཟུགས་བཀྲ་རིས་ཟེར།
karyogram ཚོས་གཟུགས་བཀྲ་རིས། biol. A diagram or photograph of the chromosomes of a cell, arranged in homologous pairs and in a numbered sequence. ཚོས་གཟུགས་རྣམས་ཁུངས་མཐུན་གྱི་ཟུང་ཚན་དང། ཨང་རིམ་ལྟར་སྒྲིག་པའི་ཕྲ་ཕུང་ཞིག་གི་ཚོས་གཟུགས་ཀྱི་རི་མོའམ་པར་རིས་ཤིག་ལ་ཟེར།
Kaon ཀེ་ཨོན་རྡུལ། phys. Any of a group of four mesons, one positively charged and one negatively charged, having a mass 966 times that of an electron, and two electrically neutral, having a mass 974 times that of an electron. འབྲིང་རྡུལ་བཞི་ཡིས་གྲུབ་པའི་སྡེ་ཚན་གང་རུང་རུང་ཞིག་ལ་གོ་བ་དང་། ཕོ་ཁུར་དང་ལྡན་པ་གཅིག་དང་མོ་ཁུར་དང་ལྡན་པ་གཅིག་ཡོད་པ་དེ་གཉིས་སོ་སོའི་གདོས་ཚད་ནི་གློག་རྡུལ་གཅིག་གི་གདོས་ཚད་ཀྱི་ལྡབ་ ༩༦༦ ཡིན་པ་དང་། གློག་ཁུར་མེད་མཁན་གཉིས་ཡོད་པ་སོ་སོའི་གདོད་ཚད་ནི་གློག་ཁུར་གྱི་གདོས་ཚད་ཀྱི་ལྡབ་ ༩༧༤ ཡིན་ནོ།
Kallmann syndrome ཁཱལ་མཱན་རྟགས་འདུས། neurosci.
k-selection རན་འདེམས། (ཁཱེ་-འདེམས་སྒྲུག) biol. A form of selection that occurs in an environment at or near carrying capacity, favoring a reproductive strategy in which few offspring are produced. ཁོར་ཡུག་ཅིག་གི་ཐེག་ཚད་ལ་སླེབས་པའི་སྐབས་སམ་ཐེག་ཚད་ལ་ཉེ་བའི་སྐབས་སུ་རྒྱུད་འཛར་ཉུང་ངུ་སྐྱེད་པའི་སྐྱེ་འཕེལ་གྱི་ཐབས་བྱུས་ལ་ཕྱོགས་པར་འགྱུར་བའི་འདེམས་སྒྲུག་གི་རྣམ་པ་ཞིག