Search:
TermEnglish DefinitionTibetan Definition
intercalation གསེབ་འཇུག Insertion in between the elements of an ordered series. གྲལ་སྒྲིག་པའི་བསྟར་རིམ་ཞིག་གི་གྲུབ་ཆའི་དབར་དུ་བར་འཇུག་བྱེད་པའི་བྱ་བ།
intercalating agent གསེབ་འཇུག་བྱེད་རྐྱེན། biol. Any molecule that inserts itself between the base pairs in a DNA molecule, but is not a part of normal DNA metabolism; some intercalating agents disrupt the alignment and pairing of bases in DNA, resulting in mistakes during replication. ཌི་ཨེན་ཨེ་འདུས་རྡུལ་གྱི་གཞི་ཟུང་གི་དབར་དུ་རང་འགུལ་གྱིས་ནང་འཇུག་བྱེད་པའི་འདུས་རྡུལ་གང་རུང་རུང་ཞིག་ལ་གོ་མོད། ཌི་ཨེན་ཨེ་ཡི་རྒྱུན་ལྡན་གྱི་ནུས་འགྱུར་གྱི་ཆ་ཤས་ཤིག་མིན། གསེབ་འཇུག་བྱེད་རྐྱེན་འགའ་ཞིག་གིས་ཌི་ཨེན་ཨེ་ཡི་གཞི་རྟེན་ཟུང་སྦྲེལ་དང་སྙོམ་སྒྲིག་ལ་བར་ཆད་བྱེད་པས། དེའི་མཇུག་འབྲས་སུ་ངོ་བཤུ་བྱེད་རིམ་གྱི་སྐབས་སུ་སྐྱོན་འབྱུང་གི་ཡོད།
Intercalary meristem བར་སྐྱེ་འབུས་སྣེ། biol.
interactive figure ལན་ལྡོན་དཔེ་རིས།
interaction work སྦྲེལ་སྦྱོར་ལས་ཀ། phys.
interaction action སྦྲེལ་སྦྱོར་བྱ་བ། phys.
interaction འཐབ་སྦྱོར། སྦྲེལ་སྦྱོར། phys. Mutual action between objects where each object exerts an equal and opposite force on the other. དངོས་པོ་རེ་རེས་དངོས་པོ་གཞན་དེའི་སྟེང་དུ་ཆེ་ཆུང་མཉམ་ཞིང་ཁ་ཕྱོགས་ལྡོག་པའི་ཤུགས་འདོན་པར་བྱེད་པའི་དངོས་པོའི་དབར་གྱི་ཐུན་མོང་གི་བྱ་བ།
inter-cell fluid ཕྲ་ཕུང་བར་གྱི་གཤེར། biol.
intentional practice ཆེད་དམིགས་ལག་ལེན། SEE Learning
intention tremor དམིགས་འཛུགས་འདར་སིག biol. A trembling of a part of the body when attempting a precise movement, associated especially with disease of the cerebellum. འགུལ་བསྐྱོད་བྱེ་བྲག་པ་ཞིག་རྩོམ་པར་འབད་པའི་སྐབས་སུ་ལུས་པོའི་ཆ་ཤས་ཤིག་འདར་སིག་བྱེད་པ་ལ་ཟེར་ཞིང་། འདི་ནི་ཀླད་སྙིང་གི་ནད་དང་དམིགས་བསལ་གྱི་འབྲེལ་བ་ཡོད།
intensity དྲག་ཚད། phys. 1. The rate at which radiant energy is transferred per unit area. 2. Power per square meter carried by a sound wave, often measured in decibels. ༡.རྒྱ་ཁྱོན་གྲུ་བཞི་མ་རེ་རེ་ནས་འོད་ཀྱི་ནུས་པ་ཅི་ཙམ་འཕྲོ་བཞིན་པའི་ཚད། ༢. སྒྲ་རླབས་ཀྱི་འཁྱེར་བའི་མི་ཊར་གྲུ་བཞི་མ་རེ་ལ་ཡོད་པའི་སྟོབས་ཚད་དེ་སྤྱིར་བཏང་དུ་ཌེ་སི་བྷེལ་དུ་ཚད་འཇལ་བྱེད།
Intelligible ཤེས་རྟོགས་ཐུབ་པ། Pedagog.
Intellectual understanding ཐོས་བསམ་གྱི་གོ་རྟོགས། SEE Learning
Intellectual knowledge ཐོས་བསམ་གྱི་ཡོན་ཏན། SEE Learning
integumentary system པགས་པ་མ་ལག biol. The bodily system consisting of the skin and its associated structures, such as the hair, nails, sweat glands, and sebaceous glands. པགས་པ་མ་ལག་ནི། པགས་པ་དང་། དེའི་འབྲེལ་ཡོད་ཀྱི་བཀོད་པ་སྐྲ་དང་། སེན་མོ། རྔུལ་ཆུའི་རྨེན་བུ། ཚིལ་རྨེན་ལྟ་བུ་དང་ལྡན་པའི་ལུས་པོའི་མ་ལག་ལ་ཟེར།