| leucoplast ཚོས་མེད་དབང་ཕྲ། དཀར་རྫས་དབང་ཕྲ། | biol. A starch-storing colorless plastid in the cells of roots and underground or internal plant parts. | རྩི་ཤིང་གི་རྩ་བ་དང་། སའི་འོག་ཏུ་ཡོད་པའི་ཆ་ཤས་སམ། ནང་ངོས་ཀྱི་ཁུལ་དུ་ཡོད་ཅིང་བག་ཚི་གསོག་ཉར་བྱེད་མཁན་གྱི་ཁ་དོག་མེད་པའི་ནུས་སྦྱོར་དབང་ཕྲ་ཞིག |
| leucine ལུ་སིན། | chem. One of the essential amino acids, present in most common proteins and particularly abundant in hemoglobin. One of the first amino acids discovered (1819), it is used in biochemical research and as a nutritional supplement. | སྤྲི་རྫས་དཀྱུས་མ་ཕལ་མོ་ཆེའི་ནང་དང། ལྷག་པར་དུ་ཁྲག་དམར་སྤྲི་རྫས་ཀྱི་ནང་དུ་ཕོན་ཆེན་ཡོད་པའི་ངེས་མཁོའི་ཨེ་མེ་ནོ་སྐྱུར་རྫས་ཤིག ལུ་སིན་ནི་(ཕྱི་ལོ་ ༡༨༡༩) ཐོག་མར་གསར་རྙེད་བྱུང་བའི་ཨེ་མི་ནོ་སྐྱུར་རྫས་ཀྱི་རིགས་གཅིག་ཡིན་པ་དང། སྐྱེ་དངོས་རྫས་འགྱུར་གྱི་ཞིབ་འཇུག་དང་འཚོ་བཅུད་ཀྱི་ཁ་སྐོང་གི་ཆེད་དུ་སྤྱོད། |
| Lethality ཉེན་ཚབས། | biol. | |
| lethal disease སྲོག་འཕྲོག་ནད། ཚབས་ཆེའི་ནད། འཆི་ནད། | biol. | |
| Lesson plan སློབ་ཚན་འཆར་འགོད། | Pedagog. | |
| lesion ཉམས་སྐྱོན། | biol. Any structural change in a bodily part resulting from injury or disease | རྨས་སྐྱོན་ནམ་ན་ཚ་ལ་བརྟེན་ནས་ལུས་པོའི་ཆ་ཤས་ཤིག་གི་ཆགས་བཀོད་ལ་བྱུང་བའི་འགྱུར་བ། |
| lepton ལེབ་ཊོན། | phys. Class of elementary particles that are not involved with the nuclear force. It includes the electron and its neutrino, the muon and its neutrino, and the tau and its neutrino. | ལྟེ་རྡུལ་གྱི་ཤུགས་དང་འབྲེལ་བ་མེད་པའི་རྩ་རྡུལ་གྱི་སྡེ་ཚན་ཞིག འདི་ཁོངས་སུ་གློག་རྡུལ་དང་དང་དེའི་བར་རྡུལ་ཕྲ་མོ། མི་ཨོན་དང་དེའི་བར་རྡུལ་ཕྲ་མོ། ཊའུ་དང་དེའི་བར་རྡུལ་ཕྲ་མོ་བཅས་འདུས། |
| Leptin ལེབ་ཊིན་རྨེན་རྫས། | biol. | |
| Lenz’s law ལན་ཛིའི་གཏན་ཁྲིམས། | phys. A law stating that the direction of an induced current is always such as to oppose the change in the circuit or the magnetic field that produces it. | སྐུལ་སྐྲུན་བྱས་པའི་གློག་རྒྱུན་གྱི་ཁ་ཕྱོགས་ནི་གློག་ལམ་དེའི་འགྱུར་བའམ་དེ་བསྐྲུན་བྱེད་ཀྱི་ཁབ་ལེན་ར་བའི་འགྱུར་བ་དང་དུས་རྟག་དུ་ཁ་གཏད་དུ་ཡོད་པར་བརྗོད་པའི་གཏན་ཁྲིམས་ཤིག |
| lentiform nucleus སྲན་གཟུགས་ཚོམ་བུ། | neurosci. | |
| lenticular lens སྦུབས་ཤེལ། | phys. A lenticular lens is an array of magnifying lenses, designed so that when viewed from slightly different angles, different images are magnified. | སྦུབས་ཤེལ་ནི་ཆེ་ཤེལ་མང་པོ་རུ་བསྟར་སྒྲིག་སྟེ་གྲུབ་པ་ཞིག་ཡིན་ཞིང་། ཟུར་ཚད་མི་འདྲ་བའི་སྒོ་ནས་བལྟ་སྐབས་སྣང་བརྙན་ཡང་མི་འདྲ་བ་ཆེར་བསྐྱེད་པར་བྱེད། |
| lenticular cloud སྦུབས་སྤྲིན། | phys. | |
| lens དྭངས་ཤེལ། | phys. Piece of glass or other transparent material that can bring light to a focus. | འོད་ཟེར་འདུ་གནས་ཤིག་ལ་སླེབས་སུ་འཇུག་ཐུབ་པའི་ཤེལ་ལམ་དྭངས་གསལ་དངོས་རྫས་ཀྱི་དུམ་བུ་ཞིག |
| length contraction རྒྱང་འཁུམ། | phys. Shrinkage of space, and therefore of matter, in a frame of reference moving at relativistic speeds. | ལྟོས་གྲུབ་ཀྱི་མགྱོགས་ཚད་ཅིག་གི་སྟེང་ནས་འགུལ་སྐྱོད་བྱེད་ཀྱིན་པའི་ལྟོས་གཞི་ཞིག་ཏུ་ནམ་མཁའ་འཁུམ་པ་ལ་བརྟེན་ནས་བེམ་གཟུགས་འཁུམ་པ། |
| length རིང་ཚད། དཀྱུས། | phys. The measurement or extent of something from end to end; the greater of two or the greatest of three dimensions of an object. | དངོས་པོ་ཞིག་གི་སྣེ་གཅིག་ནས་སྣེ་གཞན་དེའི་དབར་གྱི་བར་ཐག་གི་ཚད་འཇལ་ལ་གོ ཕྱོགས་ཆ་གཉིས་ལྡན་ཞིག་གི་མཐའ་རིང་བ་དེའམ་ཕྱོགས་ཆ་གསུམ་ལྡན་ཞིག་གི་མཐའ་རིང་ཤོས་དེ་ལ་གོ |