Search:
TermEnglish DefinitionTibetan Definition
lateral inhibition གཞོགས་ཀྱི་བཀག་སྡོམ། neurosci.
lateral heart སྙིང་གི་གཞོགས་ངོས། biol.
lateral geniculate nucleus (LGN) འཕྲེད་ཀྱི་ལྷ་ངའི་ཀླད་ཞོ། neurosci.
lateral geniculate body གཞོགས་ཀྱི་ལྷ་ངའི་ལྷུ་གཟུགས། neurosci. One of two elevations of the lateral posterior thalamus receiving visual impulses from the retina via the optic nerves and tracts and relaying the impulses to the calcarine (visual) cortex. དྲ་སྐྱི་ནས་བྱུང་བའི་མཐོང་ཚོར་འཕར་བརྡ་དེ་མཐོང་ཚོར་དབང་རྩ་དང་བརྡ་ལམ་བརྒྱུད་ནས་ཚུར་ལེན་པ་དང་། དེ་ནས་འཕར་བརྡ་དེ་དག་མཐོང་ཚོར་ཀླད་ཤུན་ལ་རྒྱུད་གཏོང་བྱེད་མཁན་ཀླད་སྦུག་རྒྱབ་ཀྱི་གཞོགས་ངོས་སུ་ཡོད་པའི་འབུར་གཟུགས་གཉིས་ལས་གང་རུང་ཞིག
lateral fissure གཞོགས་སྲུབས། neurosci. The deepest and most conspicuous of the cortical fissures of the brain, extending between the frontal and temporal lobes, then back and slightly upward over the lateral aspect of the cerebral hemisphere. ཀླད་པའི་ཀླད་ཤུན་གྱི་སྲུབས་ཀ་གཏིང་རིང་ཞིང་མངོན་གསལ་ཧ་ཅང་ཆེ་བ་དེ་ལ་གོ འདི་ནི་མདུན་འདབ་དང་རྣ་ལྟག་འདབ་མའི་དབར་དུ་བརྐྱངས་ཡོད་པ་དང་། དེ་ནས་ཕྱིར་འཁོར་ཏེ་ཅུང་ཙམ་ཡར་སྐྱོག་པའི་སྒོ་ནས་ཀླད་ཆེན་ཟླུམ་ཕྱེད་ཀྱི་གཞོགས་ངོས་སུ་བརྐྱངས་ཡོད་དོ།
lateral column གཞོགས་གཞུང། neurosci. A lateral extension of the gray matter in each lateral half of the spinal cord present in the thoracic and upper lumbar regions—called also lateral horn. མཁལ་མའི་སྟོད་ཁུལ་དང་བྲང་ཁོག་གི་ཁུལ་དུ་རྒྱུངས་པ་ནས་གཞོགས་སུ་བསྣར་བའི་སྐྱ་རྫས་ལ་གོ་ཞིང་། འདི་ལ་གཞོགས་རྭ་ཞེས་ཀྱང་ཟེར།
lateral central nucleus (ཁམ་ཙིག་ཀླད་ཞོའི་) ལྟེ་ཁུལ་གྱི་གཞོགས་ཆ། neurosci.
lateral ཕྲེད་ཕྱོགས། རྒྱང་ཕྱོགས།
Latent Variable མངོན་མེད་འགྱུར་གྲངས། མངོན་མེད་འགྱུར་ཆོས། Res.
latent heat of vaporization རླངས་སྒྱུར་གབ་དྲོད། phys. The amount of energy required to change a unit mass of a substance from liquid to gas (and vice versa). གདོས་ཚད་བརྩི་གཞི་གཅིག་ཅན་གྱི་དངོས་རྫས་ཤིག་གཤེར་གཟུགས་ནས་རླངས་གཟུགས་ (དང་གོ་རིམ་ལྡོག་པ་) སུ་བསྒྱུར་བར་མཁོ་བའི་ནུས་པ།
latent heat of sublimation སྲ་རླངས་ཐད་སྒྱུར་གྱི་གབ་དྲོད། phys.  The latent heat of sublimation at a particular temperature is the amount of heat required to convert a unit mass of solid into gas. དྲོད་ཚད་ངེས་ཅན་ཞིག་གི་སྐབས་ཀྱི་སྲ་རླངས་ཐད་སྒྱུར་གྱི་གབ་དྲོད་ནི་སྲ་གཟུགས་ཀྱི་གདོས་ཚད་གཅིག་རླངས་གཟུགས་སུ་བསྒྱུར་བར་མཁོ་བའི་དྲོད་ནུས་ལ་གོ
latent heat of fusion འདུས་སྒྱུར་གབ་དྲོད། phys. The amount of energy required to change a unit mass of a substance from solid to liquid (and vice versa). གདོས་ཚད་བརྩི་གཞི་གཅིག་ཅན་གྱི་དངོས་རྫས་ཤིག་སྲ་གཟུགས་ནས་གཤེར་གཟུགས་ (དང་གོ་རིམ་ལྡོག་པ་) སུ་བསྒྱུར་བར་མཁོ་བའི་ནུས་པ།
latent construct མི་མངོན་བློས་བཏགས། phil. Latent constructs are theoretical in nature; they cannot be observed directly and, therefore, cannot be measured directly either. To measure a latent construct, researchers capture indicators that represent the underlying construct. མི་མངོན་བློས་བཏགས་ནི་རྣམ་གཞག་གི་རང་བཞིན་ཅན་ཡིན་ཞིང་ཐད་ཀར་རྟོག་ཞིབ་བྱེད་མི་ཐུབ་སྟབས། ཐད་ཀར་ཚད་ཡང་འཇལ་མི་ཐུབ་པ་ཡིན། མི་མངོན་བློས་བཏགས་ཤིག་ཚད་འཇལ་བྱེད་པར། དབྱེ་ཞིབ་པས་གཞི་རྩའི་བློས་བཏགས་མཚོན་པའི་རྟགས་མཚན་བསྡུ་ལེན་བྱེད་ཀྱི་ཡོད།
late elementary གཞི་རིམ་གོང་མ། SEE Learning
last universal common ancestor (LUCA) ཀུན་གྱི་མེས་པོ་མཐའ་མ། biol.