Search:
TermEnglish DefinitionTibetan Definition
Writing-to-learn འབྲི་བཞིན་སྦྱོང་བ། Pedagog.
wormhole འབུ་ཁུང་། phys. Hypothetical enormous distortion of space and time, similar to a black hole, but opening out again in some other part of the universe. མཁའ་དུས་ཀྱི་ཡོ་འཁྱོག་ཆེན་པོ་རྟོག་བཏགས་ཤིག་ལ་གོ་ཞིང་། བུ་ག་ནག་པོ་དང་འདྲ་མོད་འཇིག་རྟེན་གྱི་ཆ་ཤས་གཞན་ཞིག་ཏུ་བུ་ག་འདིའི་ཁ་བརྡོལ་ཡོད་པ་ཡིན།
World Meteorological Organization འཛམ་གླིང་གནམ་དཔྱད་སྒྲིག་འཛུགས། environ. [འཛམ་གླིང་གནམ་གཤིས་བརྟག་དཔྱད་སྒྲིག་འཛུགས།]
world line སྲིད་ཐིག phys. The history of a particle is represented in space-time by a world line. This enables that position of a particle at time t to be found by slicing space-time at time t and finding where the slice cuts the world line of the particle. བར་སྣང་དང་དུས་ཀྱི་ནང་དུ་རྡུལ་ཞིག་གི་ལོ་རྒྱུས་སྲིད་ཐིག་གིས་མཚོན་པར་བྱེད། བར་སྣང་དང་དུས་ཡུན་གྱི་ཐིག་རིས་དུས་ཚོད་ t ཡི་སྐབས་སུ་དུམ་བུ་གཏུབ་སྐབས། ཕྲ་རྡུལ་དེའི་སྲིད་ཐིག་ས་གནས་གང་ཞིག་ཏུ་དུམ་བུར་གཏུབ་མིན་བཙལ་ཏེ། དུས་ཚོད་ t ཡི་སྐབས་ཀྱི་རྡུལ་དེའི་གནས་ས་རྙེད་པར་བྱེད།
working memory network  ལས་ཐོག་དྲན་པའི་དྲ་ཚོགས། neurosci.
working memory ལས་ཐོག་དྲན་པ། neurosci. Eemory that involves storing, focusing attention on, and manipulating information for a relatively short period of time ལྟོས་བཅས་ཀྱིས་དུས་ཡུན་ཐུང་ངུའི་རིང་ལ་ཆ་འཕྲིན་ཉར་ཚགས་བྱེད་པ་དང་། ཆ་འཕྲིན་ལ་དོ་སྣང་སྤྲོད་པ། ཆ་འཕྲིན་ལ་བཟོ་བཅོས་བྱེད་པ་བཅས་དང་འབྲེལ་བའི་དྲན་པ།
working assumption སྐབས་དོན་ཆ་བཞག neurosci.
Workdays ལས་དུས་ཉིན་མོ། neurosci.
work-energy theory རྩོལ་ནུས་རྣམ་གཞག phys. Work done on an object is equal to the kinetic energy gained by the object.་Work = ΔKE དངོས་པོ་ཞིག་གི་སྟེང་དུ་བསྒྲུབས་པའི་ལས་ཀ་ནི་དངོས་པོ་དེ་ལ་ཐོབ་པའི་འགུལ་སྐྱོད་ནུས་པ་དང་མཚུངས། ལས་ཀ =ΔKE
Work station /Station སློབ་སྟེགས། སློབ་ཚུགས། Pedagog.
work function ཕྱིར་ཕུད་རྩོལ་བ། phys.
work ལས་ཀ རྩོལ་བ། phys. Product of the force on an object and the distance through which the object is moved (when force is constant and motion is in a straight line in the direction of the force); measured in joules. Work = force X distance དངོས་པོ་ཞིག་གི་སྟེང་དུ་བཀོལ་བའི་ཤུགས་དང་དངོས་པོ་དེ་སྒུལ་བའི་བར་ཐག་གཉིས་ཀྱི་སྒྱུར་ཐོབ་(ཤུགས་ལ་འགྱུར་བ་མེད་ཅིང་འགུལ་སྐྱོད་ནི་ཤུགས་ཀྱི་ཁ་ཕྱོགས་སུ་དྲང་ཐད་དུ་ཡོད་སྐབས་) ལ་གོ་ཞིང་བརྩི་གཞི་འཇུལ་དུ་ཚད་འཇལ། ལས་ཀ = ཤུགས། x བར་ཐག
word-classification task ཐ་སྙད་དབྱེ་བསལ་བྱེད་སྒོ། neurosci.
Woodwind ཤིང་འབུད་རོལ་ཆས། phys.
woodpecker ཤིང་རྟ་མོ། biol. A bird with a strong bill and a stiff tail, which climbs tree trunks to find insects and drums on dead wood to mark territory. མཆུ་ཏོ་མཁྲེངས་ཤིང་རྔ་མ་རེངས་པོ་ཡོད་པའི་བྱ་ཞིག ཤིང་སྡོང་གི་གཞུང་རྟའི་ངོས་སུ་འགོས་ཏེ་འབུ་སྲིན་འཚོལ་བ་དང་། ཤིང་སྡོང་སྐམ་པོ་རྡུང་སྟེ་རང་གི་མངའ་ཁོངས་ལ་རྟགས་རྒྱག་པར་བྱེད།