Search:
TermEnglish DefinitionTibetan Definition
law of conservation of momentum འགུལ་ཚད་ཉར་ཚགས་ཀྱི་གཏན་ཁྲིམས། phys. In the absence of an external force, the momentum of a system remains unchanged. Hence, the momentum before an event involving only internal forces is equal to the momentum after the event: mv (before event) = mv (after event) ཕྱི་ཤུགས་ཤིག་མེད་ཚེ་མ་ལག་ཅིག་གི་འགུལ་ཚད་འགྱུར་མེད་དུ་གནས་ཀྱི་ཡོད། དེར་བརྟེན་ནང་ཤུགས་ཁོ་ནར་བརྟེན་པའི་བྱུང་བ་ཞིག་གི་སྔ་རྗེས་གཉིས་ཀྱི་འགུལ་ཚད་མཚུངས་པ་ཡིན། mv (སྔོན།) =mv (རྗེས།)
law གཏན་ཁྲིམས། phys. General hypothesis or statement about the relationship of natural quantities that has been tested over and over again and has not been contradicted. Also known as a principle. ཡང་ནས་བསྐྱར་དུ་བརྟག་དཔྱད་བྱས་ཀྱང་དགག་བྱ་མ་བྱུང་བའི་རང་བྱུང་ཁམས་ཀྱི་འབོར་ཚད་དབར་གྱི་འབྲེལ་བའི་སྐོར་ཀྱི་སྤྱི་ཁྱབ་ཚོད་གཞག་གམ་སྡོམ་ཚིག་ཅིག འདི་ལ་རྩ་དོན་ཞེས་ཀྱང་བརྗོད།
Laurasiatheria ལཱོ་ར་ནུ་གསོའི་སྲོག་ཆགས། biol. [ལཱོ་ར་གླིང་གི་ནུ་གསོའི་སྲོག་ཆགས།]
laundry འཁྲུ་གཤལ། ཁྲང་འཁྲུད།
launching speed འཕེན་གཏོང་མགྱོགས་ཚད། phys.
Laughing gas དགོད་རླངས། chem. [དགོད་བྲོ་སློང་བའི་རླངས་རྫས།]
lattice ལིང་ཚེ། རྒྱ་ཚེག phys.  A regular repeated three-dimensional arrangement of atoms, ions, or molecules in a metal or other crystalline solid. ལྕགས་རིགས་དང་། ཡང་ན། ཤེལ་རྡོ་དང་འདྲ་བའི་མཁྲེགས་གཟུགས་ཀྱི་ནང་དུ་ཡོད་པའི་རྡུལ་ཕྲན་ནམ། གྱེས་རྡུལ། འདུས་རྡུལ་གྱི་སྒྲིག་སྟངས་ཆ་མཉམ་ཞིང་བསྐྱར་ཟློས་བྱས་ཡོད་ལ་ཕྱོགས་ངོས་གསུམ་དང་ལྡན་པ་ཞིག
latitude འཕྲེད་ཐིག math. The angular distance of a point on the earth’s surface, measured from the equator along the meridian passing through the point. Latitude is measured from the equator, from 0° to 90° north and from 0° to 90° south. སའི་གོ་ལའི་ཕྱི་ངོས་སུ་ཡོད་པའི་ཚེག་ཅིག་གི་ཟུར་ཁུག་གི་རྒྱང་ཐག་ལ་གོ་ཞིང་། སའི་གོ་དཀྱིལ་ཐིག་ནས་ཚེག་དེ་དང་འཕྲད་སའི་གཞུང་ཐིག་གི་རྒྱུད་དུ་ཚད་འཇལ་བར་བྱེད། འཕྲེད་ཐིག་ནི་སའི་གོ་ལའི་དཀྱིལ་ཐིག་ནས་བྱང་ཕྱོགས་སུ་ཟུར་ཚད་ 0° ནས་ 90° བར་དང་། ལྷོ་ཕྱོགས་སུ་ཟུར་ཚད་ 0° ནས་ 90° བར་དུ་ཚད་འཇལ་གྱི་ཡོད།
lathe དཀྲུག་འཁོར། phys. A machine for use in working metal, wood, etc., which holds the material and rotates it about a horizontal axis so that it can be shaped with a handheld tool. ལྕགས་རིགས་དང་ཤིང་སོགས་ལ་བཟོ་ལྟ་བཟོ་བར་སྤྱོད་པའི་འཕྲུལ་ཆས་ཤིག་སྟེ། འདི་ཡིས་དངོས་པའི་རྒྱུ་ཆ་དེ་དམ་དུ་བཟུང་སྟེ་འཕྲེད་རྒྱུད་སྲོག་ཤིང་ལ་བརྟེན་ནས་སྐོར་བ་བྱེད་དུ་འཇུག་པས། ལག་བཟུང་ཡོ་ཆས་ཤིག་སྤྱད་དེ་དངོས་པོ་དེར་བཟོ་ལྟ་བཟོ་ཆོག་པ་ཡིན།
lateral view གཞོགས་ངོས་ཀྱི་རྣམ་པ། bio.
lateral ventricle གཞོགས་ཤག neurosci. Central cavity within each of the two cerebral hemispheres of the cerebrum; these are lined with special cells and filled with cerebrospinal fluid. ཀླད་ཆེན་གྱི་ཟླུམ་ཕྱེད་གཉིས་པོ་སོ་སོའི་ནང་རོལ་གྱི་ཁོག་སྟོང་ལྟེ་བ་དེ་ལ་གོ་བ་དང་། ནང་ཤ་ཕྲ་ཕུང་དམིགས་བསལ་བས་གཡོགས་ཤིང་ནང་རོལ་ཀླད་རྒྱུངས་གཤེར་ཁུ་ཡིས་ཁེངས་ཡོད།
Lateral thinking གསར་གཏོད་བསམ་བློ། pedagog.
lateral temporal cortex རྣ་ལྟག་ཀླད་ཤུན་གྱི་གཞོགས་ངོས། neurosci.
lateral sulcus གཞོགས་ཀྱི་ཀླད་སུལ། neurosci.
lateral septum གཞོགས་ཀྱི་བཅད་རྒྱ། bio.