| latent heat of fusion འདུས་སྒྱུར་གབ་དྲོད། | phys. The amount of energy required to change a unit mass of a substance from solid to liquid (and vice versa). | གདོས་ཚད་བརྩི་གཞི་གཅིག་ཅན་གྱི་དངོས་རྫས་ཤིག་སྲ་གཟུགས་ནས་གཤེར་གཟུགས་ (དང་གོ་རིམ་ལྡོག་པ་) སུ་བསྒྱུར་བར་མཁོ་བའི་ནུས་པ། |
| latent construct མི་མངོན་བློས་བཏགས། | phil. Latent constructs are theoretical in nature; they cannot be observed directly and, therefore, cannot be measured directly either. To measure a latent construct, researchers capture indicators that represent the underlying construct. | མི་མངོན་བློས་བཏགས་ནི་རྣམ་གཞག་གི་རང་བཞིན་ཅན་ཡིན་ཞིང་ཐད་ཀར་རྟོག་ཞིབ་བྱེད་མི་ཐུབ་སྟབས། ཐད་ཀར་ཚད་ཡང་འཇལ་མི་ཐུབ་པ་ཡིན། མི་མངོན་བློས་བཏགས་ཤིག་ཚད་འཇལ་བྱེད་པར། དབྱེ་ཞིབ་པས་གཞི་རྩའི་བློས་བཏགས་མཚོན་པའི་རྟགས་མཚན་བསྡུ་ལེན་བྱེད་ཀྱི་ཡོད། |
| late elementary གཞི་རིམ་གོང་མ། | SEE Learning | |
| last universal common ancestor (LUCA) ཀུན་གྱི་མེས་པོ་མཐའ་མ། | biol. | |
| last theorem རྣམ་གཞག་མཐའ་མ། | phys. | |
| LASIK (Laser-assisted In Situ Keratomileusis) ལེ་སིག (ལེ་ཟེར་གཤག་བཅོས།) | phys. Corrective eye surgery in which a flap of the corneal surface is raised and a thin layer of underlying tissue is removed using a laser. | མིག་སྐྱིའི་ཕྱི་ངོས་ཀྱི་ལྷེབ་མ་ཞིག་ཡར་བཀྱགས་རྗེས་དེའི་འོག་ཏུ་ཡོད་པའི་ཕུང་གྲུབ་ཀྱི་རིམ་པ་ཞིག་ལེ་ཟེར་ལ་བརྟེན་ནས་ཕྱིར་འདོན་པར་བྱེད་པའི་མིག་གི་སྐྱོན་ཆ་སེལ་བའི་གཤག་བཅོས་ཤིག |
| Laser ལེ་ཟེར། | phys. Optical instrument that produces a beam of coherent light- that is, light with all waves of the same frequency, phase, and direction. The word is an acronym for light amplification by stimulated emission of radiation. | གཅིག་འདུས་འོད་དེ་རླབས་ཚང་མའི་ཟློས་ཕྱོད་དང་ངོ་། ཁ་ཕྱོགས་བཅས་མཚུངས་པའི་འཕྲོ་ཟེར་བསྐྲུན་པའི་འོད་རིག་པའི་ཡོ་ཆས་ཤིག ཚིག་འདི་ནི་འགྱེད་འཕྲོ་སྐུལ་ཐེབས་འཕྲོ་གཏོང་ལ་བརྟེན་ནས་འོད་ཟེར་ཆེར་སྐྱེད་ཅེས་པའི་བསྡུས་ཡིག་ཡིན། |
| larynx གྲེ་བ། | biol. The upper part of the trachea in most vertebrate animals, containing the vocal cords. Air passes through the larynx on the way to the lungs. | སྒལ་རུས་ཅན་གྱི་སྲོག་ཆགས་ཕལ་མོ་ཆེའི་གྲེ་ཐག་ཡོད་སའི་གློ་ཡུ་ཡི་སྟོད་ཀྱི་ཆ་ལ་ཟེར། རླུང་གྲེ་བ་བརྒྱུད་དེ་གློ་བའི་ནང་དུ་འགྲོ་བ་ཡིན། |
| larvae ཚང་འབུ། | biol. | |
| largest commercial steam system རླངས་སྤྱོད་ཚོང་ལས། | | |
| Large scale brain network ཁྱབ་ཆེའི་ཀླད་པའི་དྲ་ཚོགས། | neurosci. | |
| Large language model བརྡ་མཛོད་ཆེན་མོ། | Compt. | |
| large intestine རྒྱུ་ཆེན། | biol. The wide lower section of the intestine that extends from the end of the small intestine to the anus. In most vertebrate animals, it includes the cecum, colon, and rectum. | རྒྱུ་ཆུང་གི་ཞབས་སྣེ་ནས་བཤང་ལམ་གྱི་དབར་དུ་ཡོད་པའི་ཁ་ཞེང་ཆེ་བའི་རྒྱུ་མའི་ཆ་ཤས་འོག་མ་དེ་ལ་གོ སྒལ་རུས་ཅན་གྱི་སྲོག་ཆགས་ཕལ་མོ་ཆེར་མཚོན་ན་རྒྱུ་ཆེན་གྱི་ཁོངས་སུ་ལོང་སྟོད་དང་། རྒྱུ་དཀར། གཞང་དཀར་ནག་བཅས་འདུས། |
| Large Hadron Collider (LHC) སྲ་རྡུལ་བརྡབ་ཆས་ཆེན་མོ། | phys. A particle accelerator at the European Laboratory for Particle physics near Geneva, containing a circular underground tunnel 27km (16.8 miles) in circumference, around which two streams of hadrons are sent in opposite directions before being brought together in a high-energy collision. | ཇེ་ནི་ཝའི་ཉེ་འགྲམ་དུ་ཡོད་པའི་ཡུ་རོབ་རྡུལ་རིགས་དངོས་ཁམས་བརྟག་དཔྱད་ཁང་གི་མྱུར་སྣོན་རྡུལ་ཆས་ཤིག་སྟེ། མཐའ་འཁོར་རིང་ཚད་ལ་ཀི་ལོ་མི་ཊར་ ༢༧ (མེ་ལི་ ༡༦.༨) ཡོད་པའི་སྒོར་དབྱིབས་ཀྱི་ས་འོག་ཕུག་ལམ་ཞིག་གིས་གྲུབ་ཅིང་། ཕུག་ལམ་དེའི་རྒྱུད་དུ་སྲ་རྡུལ་གྱི་རྒྱུན་གཉིས་ལྡོག་ཕྱོགས་སུ་བཏང་སྟེ་ནུས་པ་མཐོ་བའི་རྡུང་ཁ་རྒྱག་ཏུ་འཇུག |
| language network སྐད་བརྡའི་དྲ་ཚོགས། | neurosci. | |