| Language acquisition སྐད་ཡིག་ཤེས་ཚུལ། སྐད་ཡིག་ཤེས་ཐབས། | phil. | |
| lancelet མདུང་ཉ། | biol. A small elongated marine invertebrate that resembles a fish but lacks jaws and obvious sense organs. Lancelets possess a notochord and are among the most primitive chordates. | ཉ་དང་འདྲ་མོད་འགྲམ་པ་དང་ཚོར་ཤེས་དབང་པོ་དབེན་པའི་སྒལ་རུས་མེད་པའི་མཚོ་གནས་སྲོག་ཆགས་ཆུང་ཆུང་ནར་གཟུགས་སུ་ཡོད་པ་ཞིག མདུང་ཉ་ལ་སྒལ་ཐིག་ཡོད་ཅིང་ཆེས་གདོད་མའི་དུས་ཀྱི་སྒལ་ཐིག་ཅན་གྱི་ཁོངས་སུ་གཏོགས། [མདུང་དབྱིབས་ཅན་གྱི་ཉ་དང་འདྲ་བའི་མཚོ་གནས་སྲོག་ཆགས།] |
| lamprey ཉ་པད་པ། | biol. An eel-like aquatic jawless vertebrate that has a sucker mouth with horny teeth and a rasping tongue. The adult is often parasitic, attaching itself to other fish and sucking their blood. | འགྲམ་པ་མེད་ཅིང་མཁྲེགས་ཤིང་རྣོ་བའི་སོ་དང་གསག་རྡར་ཅན་གྱི་ལྕེ་དང་ལྡན་པའི་འཇིབ་བྱེད་ཀྱི་ཁ་ཅན་གྱི་ཆུ་གནས་སྒལ་རུས་ཅན་གྱི་སྲོག་ཆགས་ཉ་ལེབ་རིང་དང་འདྲ་བ་ཞིག ནར་སོན་ཚེ་ཉ་གཞན་གྱི་སྟེང་དུ་འབྱར་ཏེ་ཁྲག་འཇིབ་སྟེ་འཚོ་མཁན་གྱི་གཞན་ཟ་སྲོག་ཆགས་ཤིག་ཡིན། |
| lambda (l) ལམ་ཌ། | phys. The eleventh letter of the Greek alphabet (Λ, λ). It represents wavelength. | གྷི་རིག་གི་གསལ་བྱེད་བཅུ་གཅིག་པ་ (Λ, λ) ཡིན་ཞིང་རླབས་ཐག་མཚོན་པར་བྱེད། |
| Lagomorpha ཡོས་གཟུགས་ཅན། | biol. | [ཡོས་གཟུགས་ཅན་གྱི་ཡོས་དང་། རི་བོང་། ཨ་བྲ།] |
| ladybird ཨ་མ་ཁྲ་ཐིག | biol. A small beetle with a domed back, typically red or yellow with black spots. | རྒྱབ་ངོས་བ་གམ་གྱི་དབྱིབས་སུ་ཡོད་ཅིང་། ཁ་དོག་དམར་པོའམ་སེར་པོའི་སྟེང་དུ་ཐིག་ལེ་ནག་པོ་ཡོད་པའི་འབུ་སྦུར་བ་ཆུང་ཆུང་ཞིག |
| lactose འོ་མའི་མངར་རྫས། ལེག་མངར། | chem. A disaccharide sugar present in milk. It is hydrolysed by the enzyme lactase into the monosaccharides glucose and galactose. | འོ་མའི་ནང་དུ་ཡོད་པའི་ཀ་ར་ཉིས་ལྡན་གྱི་མངར་རྫས་ཤིག། འདི་ནི་འོ་མངར་སྨིན་རྫས་གྱིས་ཀ་ར་རྐྱང་ལྡན་གྱི་སྒུ་ལུ་མངར་རྫས་དང་གེ་ལེག་མངར་རྫས་གཉིས་སུ་ཆུས་འཕྲལ་གཏོང་བ་ཡིན། |
| Lactobacillus ཞོ་རྩི་སྲིན་བུ། | biol. | |
| Lactobacillus casei ཞོ་རྩི་ཁེ་སི། | biol. | |
| lactic acid fermentation འོ་སྐྱུར་ཕབས་སྦྱོར། | biol. The aerobic or anaerobic fermentation of carbohydrates with lactic acid as a major end product. | ཐོན་རྫས་གཙོ་བོ་འོ་སྐྱུར་སྐྲུན་པར་བྱེད་པའི་ཁར་སྦོ་མངར་རྫས་ཀྱི་རླུང་ལྡན་ཕབས་སྦྱོར་རམ་རླུང་མེད་ཕབས་སྦྱོར། |
| lactic acid འོ་མའི་སྐྱུར་རྫས། | chem. An organic acid produced when milk sours or various fruits ferment. It is used as a flavoring and preservative for foods. Lactic acid is also produced by muscle tissue during exercise, especially when oxygen supply is limited, and can cause cramping pains. | འོ་མ་སྐྱུར་བའམ་ཤིང་ཏོག་སྣ་ཚོགས་ཤིག་སྐྱུར་བའི་སྐབས་སུ་ཐོན་སྐྱེད་བྱུང་བའི་སྐྱེ་ལྡན་གྱི་སྐྱུར་རྫས་ཤིག འདི་ནི་ཟས་ལ་བྲོ་བ་འདོན་པ་དང་ཟས་ཀྱི་རུལ་སུངས་འགོག་རྫས་ལྟ་བུར་སྤྱོད། འོ་མའི་སྐྱུར་རྫས་ནི་ལུས་སྦྱོང་གི་སྐབས་སུ་ཤ་སྒྲིམ་ཕུང་གྲུབ་ཀྱིས་ཀྱང་སྐྱེད་སྐྲུན་བྱེད་ལ། ལྷག་པར་དུ་འཚོ་རླུང་མཁོ་སྤྲོད་ཀྱི་ཚད་གཞི་ཚད་བཀག་ཅན་དུ་འགྱུར་སྐབས་སྐྱེད་སྐྲུན་བྱེད་པ་དང་། འདིས་རྩ་འཆུས་ཀྱི་ན་ཟུག་སློང་ཐུབ། |
| lactation འོ་མ་འབབ་སྐྱེད། | biol. Secretion or formation of milk by the mammary glands. | ནུ་མའི་རྨེན་བུ་ཡིས་འོ་མ་བཟོ་བའམ་འོ་མ་འབབ་ཏུ་འཇུག་པའི་བྱ་བ། |
| Lacrimal gland མིག་ཆུའི་རྨེན་བུ། | biol. | |
| Lac operon (lactose operon) ལེག་མངར་ཨོ་པེ་རོན། | biol. | |
| Labrocyte ལེ་བྷི་རོ་དཀར་ཕུང་། | biol. | |