Search:
TermEnglish DefinitionTibetan Definition
jet engine རྒྱང་ཐོན་འཕྲུལ་འཁོར། phys. An engine, as an aircraft engine, that produces forward motion by the rearward exhaust of a jet of fluid or heated air and gases. གཤེར་གཟུགས་སམ་ཚ་པོར་བཟོས་པའི་རླུང་དང་རླངས་རྫས་རྒྱབ་ཕྱོགས་ནས་ཤུགས་ཀྱིས་ཕུད་པ་ལ་བརྟེན་ནས་མདུན་སྐྱོད་ཀྱི་འགུལ་སྐྱོད་སྐྲུན་པའི་འཕྲུལ་འཁོར་ཏེ། དཔེར་ན་གནམ་གྲུའི་འཕྲུལ་འཁོར་ལྟ་བུ།
jet ༡ རྒྱང་ཐོན། ༢ རྒྱང་ཐོན་འཕུར་གྲུ། phys. 1. A rapid stream of liquid or gas forced out of a small opening. 2. An aircraft powered by one or more jet engines ༡ བུ་ག་ཆུང་ཆུང་ཞིག་ནས་ཤུགས་ཀྱིས་ཐོན་པའི་གཤེར་གཟུགས་སམ་རླངས་གཟུགས་ཀྱི་རྒྱུན་ཞིག་ལ་གོ ༢ རྒྱང་ཐོན་འཕྲུལ་འཁོར་གཅིག་གམ་དུ་མས་སྒུལ་བའི་འཕུར་གྲུ་ཞིག
jerk མྱུར་སྣོན་འགྱུར་ཚད། phys. A single quick motion of short duration. དུས་ཡུན་ཐུང་ངུའི་རིང་ལ་བྱུང་བའི་འགུལ་སྐྱོད་མྱུར་མོ་ཞིག
jellyfish ཉ་ཕིག་ཕིག biol.
James-Lange theory ཇེམ་སི་དང་ལེང་གེའི་རྣམ་གཞག neurosci.
jackhammer རྗེག་ཐོ། phys. A handheld machine for drilling rock and breaking up pavement, operated by compressed air. བྲག་རྡོ་ལ་ཨི་ཁུང་འབིགས་པའམ་རྡོ་གཅལ་གཏོར་བའི་ཆེད་དུ་ལག་པས་བཟུང་སྟེ་བཀོལ་སྤྱོད་བྱེད་པའི་འཕྲུལ་ཆས་ཤིག་ལ་གོ་ཞིང་། བཙིར་གནོན་ཐེབས་པའི་རླུང་ཤུགས་ལ་བརྟེན་ནས་བྱེད་ལས་སྒྲུབ།
jack རྗེག་འདེགས། phys. A device for lifting heavy objects, especially one for raising the axle of a motor vehicle off the ground so that a wheel can be changed or the underside inspected. དངོས་པོ་ལྗིད་མོ་དང་། བྱེ་བྲག་ཏུ་རླངས་འཁོར་གྱི་འཁོར་ལོ་བརྗེ་བའམ་འོག་ཕྱོགས་ལ་བརྟག་དཔྱད་བྱེད་པའི་ཆེད་དུ་རླངས་འཁོར་གྱི་སྲོག་ཤིང་ཡར་འདེགས་པར་སྤྱོད་པའི་ཡོ་ཆས་ཤིག
Isotropy ཕྱོགས་མཉམ་རང་བཞིན། ཁ་ཕྱོགས་ལྟོས་མེད་རང་བཞིན། Neurosci.
isotropic ཁ་ཕྱོགས་ལྟོས་མེད། Neurosci.
isotropic fractionator ཕྱོགས་མཉམ་ཆ་འབྱེད། neurosci.
isotropic ཕྱོགས་མཉམ། phys. (of an object or substance) having a physical property that has the same value when measured in different directions. ཁ་ཕྱོགས་གང་དུ་ཚད་འཇལ་བྱས་ཀྱང་ཕྱིའི་ཁྱད་ཆོས་ཀྱི་འབོར་ཚད་འགྱུར་མེད་ཡིན་པའི་ (དངོས་པོའམ་དངོས་རྫས་ཀྱི་)།
isotopes གནས་མཉམ་རྩ་རྫས། chem. Atoms whose nuclei have the same number of protons but different numbers of neutrons. ལྟེ་རྡུལ་དུ་ཡོད་པའི་ཕོ་རྡུལ་གྱི་ཁ་གྲངས་གཅིག་ཀྱང་བར་རྡུལ་གྱི་ཁ་གྲངས་མི་གཅིག་པའི་རྡུལ་ཕྲན།
Isotonic solution གར་ཤེད་མཉམ་པའི་བཞུ་ཁུ། Biol.
Isomorphism མཚུངས་གཟུགས། biol.
Isometric growth མཉམ་པའི་འཚར་འགྲོས། biol.