Search:
TermEnglish DefinitionTibetan Definition
Trimer གསུམ་སྦྱོར། neurosci.
trilobite འབུ་གསུམ་ཤལ། biol. A member of the extinct arthropod class Trilobita, common as fossils in rocks of Cambrian and Silurian age. རྩ་སྟོང་ཟིན་པའི་རྐང་ཚིགས་ཅན་གྱི་(ཆེས་སྔ་དུས་ཀྱི་ཤུན་སྐོགས་ཅན་གྱི་སྲོག་ཆག་གི་རིགས་)ཊྲ་ཡི་ལོ་བྷི་ཊའི་སྡེའི་རིགས་ཤིག་ལ་གོ་བ་དང། ཁེམ་སྦི་རི་ཡན་དང་སི་ལུ་རི་ཡན་དུས་རབས་ཀྱི་བྲག་རྡོའི་ནང་དུ་འགྱུར་རྡོའི་ངོ་བོར་ཡོངས་གྲགས་སུ་ཡོད།
Triidothyronine (T3) གསུམ་ལྡན་ཨོལ་མདུད་རྨེན་རྫས། biol.
trigonometry ཟུར་གསུམ་རིག་པ། math. The branch of mathematics that deals with the relationships between the sides and the angles of triangles and the calculations based on them, particularly the trigonometric functions. ཟུར་གསུམ་མ་ཞིག་གི་མཐའ་དང་ཟུར་ཁུག་དབར་གྱི་འབྲེལ་བ་ཁག་དང་། འབྲེལ་བ་དེ་དག་གཞིར་བཞག་པའི་རྩིས་རྒྱག བྱེ་བྲག་ཏུ་ཟུར་གསུམ་རིག་པའི་ལྟོས་གྲངས་བཅས་དང་འབྲེལ་བའི་ཨང་རྩིས་ཀྱི་སྡེ་ཚན་ཞིག
trigeminal nerve གསུམ་གྱེས་དབང་རྩ། neurosci. The fifth cranial nerve, formed of the ophthalmic nerve, the maxillary nerve and the mandibular nerve, which controls the sensory nerves in the forehead, face and chin, and the muscles in the jaw མིག་འགྲམ་དབང་རྩ་དང་། ཡ་མགལ་དབང་རྩ། མ་མགལ་དབང་རྩ་བཅས་ཀྱིས་གྲུབ་པའི་ཐོད་རུས་དབང་རྩ་ལྔ་པ་དེ་ལ་གོ་ཞིང་། ཐོད་པ་དང་། གདོང་། མ་ནེ་བཅས་ཀྱི་དབང་ཚོར་དབང་རྩ་དང་། འགྲམ་པའི་ཤ་སྒྲིམ་བཅས་ལ་སྟངས་འཛིན་བྱེད།
Trigeminal ganglia གསུམ་གྱེས་རྩ་འདུས། neurosci.
Trifoliolate འདབ་གསུམ་ལོ་མ། ལོ་མ་གསུམ་མ། biol.
tricuspid valve རྩེ་གསུམ་སྐྱི་འདབ། biol. The three-segmented valve of the heart that keeps blood in the right ventricle from flowing back into the right atrium. ཁུང་ཤག་གཡས་པའི་ནང་གི་ཁྲག་དེ་སྙིང་གི་སྦུབས་སྟོད་གཡས་མའི་ནང་དུ་ཕྱིར་རྒྱུ་རུ་མི་འཇུག་པར་འགོག་མཁན་གྱི་ཆ་ཤས་གསུམ་ལྡན་གྱི་སྙིང་གི་སྐྱི་འདབ་ལ་ཟེར།
Trichophyton ཧམ་ཤ་སྐྲ་ཉག་ཅན། biol.
Trichomoniasis ཊི་ཁོ་གསང་ནད། biol.
Trichomonas གདོད་སྲིན་སྐྲ་ཉག་ཅན་གྱི་རྒྱུད། biol.
Trichomonads གདོད་སྲིན་སྐྲ་ཉག་ཅན། biol.
Triceps-jerk ཉྭ་གསུམ་ལྡོག་འགུལ། neurosci. [དཔུང་རྐང་ཉྭ་གསུམ་ལྡོག་འགུལ།]
triceps དཔུང་རྐང་ཉྭ་གསུམ། biol. A large three-headed muscle running along the back of the upper arm and serving to extend the forearm. དཔུང་པའི་རྒྱབ་ངོས་སུ་ཡོད་ཅིང་ལག་ངར་རྐྱོང་བར་གྲོགས་བྱེད་མཁན་སྣེ་གསུམ་ཅན་གྱི་ཤ་སྒྲིམ་ཆེན་པོ་ཞིག།
Triassic period སུམ་རྩེགས་དུས་རབས། biol.