| ionic compound གྱེས་རྡུལ་འདུས་རྫས། | chem. Substance formed by ionic bonding, a chemical bond of positively and negatively charged ions. Salts, bases and some acids are ionic compounds. | གྱེས་རྡུལ་ཕོ་དང་གྱེས་རྡུལ་མོ་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་གྱི་འཆིང་བ་སྟེ་གྱེས་རྡུལ་འཆིང་སྦྱོར་ལ་བརྟེན་ནས་གྲུབ་པའི་དངོས་རྫས་ལ་གོ་ཞིང་། ཚྭ་དང་། བུལ་རྫས། སྐྱུར་རྫས་ཁག་ཅིག་བཅས་ནི་གྱེས་རྡུལ་འདུས་རྫས་ཡིན། |
| ionic bond གྱེས་རྡུལ་འཆིང་བ། | chem. A chemical bond between two ions with opposite charges, characteristic of salts. | རྟགས་ལྡོག་པའི་ཁུར་དང་ལྡན་པའི་གྱེས་རྡུལ་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་འཆིང་བ་ལ་གོ་ཞིང་། ཚྭ་ཡི་ཐུན་མིན་ཁྱད་ཆོས་ཡིན། |
| ion pump གྱེས་རྡུལ་ཕུ་མདའ། | phys. A type of vacuum pump that can reduce the pressure in a container to about 1 nanopascal by passing a beam of electrons through the residual gas. | སྣོད་ཆས་ཤིག་གི་ནང་དུ་ལྷག་པའི་རླངས་གཟུགས་བརྒྱུད་ནས་གློག་རྡུལ་གྱི་འཕྲོ་ཟེར་ཞིག་བཏང་བ་ལ་བརྟེན་ནས་སྣོན་ཆས་དེའི་ནང་གི་གནོན་ཤུགས་ནེ་ནོ་པ་སི་ཀལ་གཅིག་ཙམ་གྱི་མཚམས་སུ་མར་འབབ་ཐུབ་པའི་སྟོང་སང་ཕུ་མདའི་རིགས་ཤིག |
| Ion channel གྱེས་རྡུལ་རྒྱུ་ལམ། | neurosci. | |
| ion གྱེས་རྡུལ། | chem. Atom (or group of atoms bound together) with a net electric charge, which is due to the loss or gain of electrons. A positive ion has a net positive charge. A negative ion has a net negative charge. | གློག་རྡུལ་བརླག་པའམ་ཐོབ་པ་ལ་བརྟེན་ནས་རྡུལ་ཕྲན་ (ཡང་ན་མཉམ་དུ་འབྱར་བའི་རྡུལ་ཕྲན་གྱི་ཚོགས་) གཅིག་ལ་གློག་གི་ཁུར་གཙང་ཡོད་པ་ཞིག གྱེས་རྡུལ་ཕོ་ཞིག་ལ་གཙང་ཁུར་ཕོ་ཡོད་ཅིང་། གྱེས་རྡུལ་མོ་ཞིག་ལ་གཙང་ཁུར་མོ་ཡོད་དོ། |
| iodized salt ལྦ་ཚྭ། | chem. | |
| iodine ཨ་ཡོ་ཌིན། | chem. The chemical element of atomic number 53, a non-metallic element forming black crystals and a violet vapour. | རྡུལ་གྲངས་ ༥༣ ཡིན་པའི་རྩ་རྫས་ཏེ། དྭངས་གཟུགས་ནག་པོ་དང་རླངས་པ་མུ་མེན་འགྲུབ་པར་བྱེད་པའི་ལྕགས་རིགས་མ་ཡིན་པའི་རྩ་རྫས་ཤིག |
| Involuntary muscle རྩོལ་མེད་ཤ་སྒྲིམ། | biol. | |
| Involuntary movement རྩོལ་མེད་འགུལ་སྐྱོད། | biol. | |
| investigation རྟོག་ཞིབ། | sci. method A careful examination or search in order to discover facts or gain information. | དངོས་དོན་གསར་རྙེད་བྱེད་པའི་ཆེད་དམ་ཆ་འཕྲིན་ལེན་པའི་ཆེད་དུ་སྒྲུབ་པའི་གཟབ་ནན་གྱི་བརྟག་དཔྱད་དམ་འཚོལ་ཞིབ་ལ་གོ |
| invertebrate སྒལ་རུས་མེད་པའི་སྲོག་ཆགས། སྒལ་མེད་སྲོག་ཆགས། | biol. Any animal that does not possess a backbone. | སྒལ་རུས་མི་ལྡན་པའི་སྲོག་ཆགས་གང་རུང་རུང་ཞིག་ལ་ཟེར། |
| Invertase ལུགས་ལྡོག་སྨིན་རྫས། | biol. | |
| Invert sugar ལུགས་ལྡོག་ཀ་ར། | biol. | |
| inversely proportional ལྡོག་འབྲེལ། | phys. Related so that as one becomes larger the other becomes smaller | དངོས་འབོར་ཞིག་ཆེ་རུ་འགྲོ་སྐབས་དངོས་འབོར་གཞན་དེ་ཆུང་དུ་འགྲོ་བའི་འབྲེལ་བ། |
| inversely ལྡོག་པའི། | phys. | |