Search:
TermEnglish DefinitionTibetan Definition
homo sapiens སད་མི། biol. Homo sapiens, ( Latin: “wise man”) the species to which all modern human beings belong. Homo sapiens is one of several species grouped into the genus Homo, but it is the only one that is not extinct. སད་མི་ (ལ་ཊིན་སྐད་དུ་ "བློ་གྲོས་ཅན་གྱི་མི་" ) ནི་དེང་རབས་ཀྱི་འགྲོ་བ་མིའི་རིགས་གཏོགས་སའི་ཉེ་རིགས་དེ་ལ་གོ སད་མི་ནི་ཧོ་མོ་ཞེས་པའི་རྒྱུད་ལ་གཏོགས་པའི་ཉེ་རིགས་འགའི་ནང་གི་གཅིག་ཡིན་ཞིང་རྩ་སྟོང་དུ་མ་ཕྱིན་པ་ཁོ་ན་དེའོ།
Hominoid སྤྲ་མིའི་སྡེ། biol.
hominini སྤྲ་མི་ཚོགས་པ། biol. Tribe within the hominid subfamily Homininae. Most distinctive attribute is bi-pedalism - upright walking. སྤྲ་མི་ཁྱིམ་རྒྱུད་ཀྱི་ནང་གསེས་སྤྲ་མི་ཁྱིམ་ཚན་དུ་གཏོགས་པའི་ཚོ་པ་ལ་གོ་ཞིང་། མངོན་གསལ་དོད་པོའི་ཁྱད་ཆོས་ནི་རྐང་པ་གཉིས་སྤྱད་དེ་འགྲེང་སྟེ་བགྲོད་པ་དེ་ཡིན།
homininae སྤྲ་མི་ཁྱིམ་ཚན། biol. Hominid subfamily. Includes the African ape and human clades སྤྲ་མི་ཁྱིམ་རྒྱུད་ཀྱི་ནང་གསེས་སྡེ་ཚན་ལ་གོ་ཞིང་། ཨ་ཧྥི་རི་ཁའི་མི་རྒོད་དང་མིའི་ཚོ་པ་འདིའི་ཁོངས་སུ་གཏོགས།
hominid སྤྲ་མི་ཁྱིམ་རྒྱུད། biol. Any of a group of large primates that includes modern humans, orangutans, gorillas, chimpanzees, and bonobos, as well as their extinct relatives. དེང་རབས་ཀྱི་མི་དང། ནགས་དྲེད། མི་རྒོད། ཅིན་པན་ཛི། སྦོ་ནོ་སྦོ། དེ་བཞིན་དུ་རྩ་སྟོང་སོང་བའི་ཁོང་ཚོའི་ཉེ་འབྲེལ་རྣམས་ཚུད་པའི་སྲོག་ཆགས་ཆེན་པོའི་སྡེ་གང་ཡང་རུང་བ་ཞིག་ལ་གོ
Homeroom མ་ཁང་། SEE Learning [འཛིན་ཁང་ཨ་མ།]
Homeotic mutant མཚུངས་སྐྱེས་འགྱུར་བག biol.
Homeotic gene མཚུངས་སྐྱེས་རིགས་རྫས། biol.
homeostatic sleep drive ཐ་མལ་གཉིད་དུབ་ཀྱི་སྐུལ་ཤུགས། Neurosci.
Homeostatic process མལ་བབས་བྱེད་རིམ། neurosci.
Homeostatic drive ཐ་མལ་གནས་བབ་ཀྱི་སྐུལ་ཤུགས། Neurosci.
Homeostasis རང་མལ་གནས་བབ། biol.
homeostasis རྣམ་པར་མ་འགྱུར་བ། ཐ་མལ་གནས་བབ། biol. The tendency of an organism or cell to maintain stable internal conditions regardless of changing outside conditions. The ability of warm-blooded animals to maintain a steady body temperature is an example of homeostasis. འགྱུར་བ་དང་ལྡན་པའི་ཕྱིའི་གནས་སྟངས་ལ་མ་ལྟོས་པར་སྐྱེ་དངོས་ཤིག་གམ་ཕྲ་ཕུང་ཞིག་གིས་རང་ཉིད་ཀྱི་ནང་གི་གནས་སྟངས་དེ་བརྟན་པོའི་ངང་རྒྱུད་འཛིན་བྱེད་ཐུབ་པའི་ནུས་པ་དེ་ལ་གོ དཔེར་ན། ཁྲག་དྲོན་པོ་དང་ལྡན་པའི་སྲོག་ཆགས་ཀྱིས་ཁྲག་གི་དྲོད་ཚད་བརྟན་པོར་གནས་བར་བྱེད་ཐུབ་པ་ལྟ་བུ།
Homeosis མཚུངས་སྐྱེས། biol. [སྲོག་ཆགས་ཤིག་གི་ལུས་པོའི་ཆ་ཤས་ཤིག་ཆ་ཤས་གཞན་ཞིག་དང་མཚུངས་པར་སྐྱེས་པའམ་གཞན་ཞིག་གི་ཚབ་ཏུ་སྐྱེས་པ།]
homeobox gene མཐུན་སྒམ་རིགས་རྫས། biol. Any of a large family of genes containing a characteristic sequence of nucleotides, called the “homeobox,” that codes for an amino acid sequence that binds to DNA. Homeobox genes are found in all multicellular organisms and play an important role in embryologic development. མཐུན་སྒམ་" ཞེས་འབོད་པའི་ཉིང་རྡུལ་གྲུབ་ཆའི་ཐུན་མིན་བསྟར་རིམ་དང་ལྡན་པའི་རིགས་རྫས་ཀྱི་སྡེ་ཆེན་པོ་ཞིག་གི་ནང་ཚན་གང་ཡང་རུང་བ་ཞིག་ལ་གོ་ཞིང་། འདི་ཡིས་ཌི་ཨེན་ཨེ་དང་འཆིང་སྦྱོར་བྱེད་མཁན་གྱི་ཨེ་མི་ནོ་སྐྱུར་རྫས་ཀྱི་གསང་བརྡ་སྒྲིག་པར་བྱེད། མཐུན་སྒམ་རིགས་རྫས་ནི་ཕྲ་ཕུང་མང་ལྡན་གྱི་སྐྱེ་དངོས་ཚང་མའི་ནང་དུ་ཡོད་ཅིང་སྦྲུམ་སྲིང་གི་འཚར་འཕེལ་ལ་བྱེད་ལས་གལ་ཆེན་འདོན།