| insulin རྨེན་གཤེར་ཨིན་སུ་ལིན། མངར་འཇུ་རྨེན་གཤེར། | biol. A hormone produced in the pancreas by the islets of Langerhans, which regulates the amount of glucose in the blood. The lack of insulin causes a form of diabetes. | གཤེར་རྨེན་ནང་གི་ལན་གྷར་ཧནྶ་ཕུང་ཚོགས་ཀྱིས་སྐྱེད་སྐྲུན་བྱས་ཤིང་ཁྲག་ལམ་གྱི་གུ་ལུ་མངར་རྫས་ཀྱི་མང་ཉུང་ལ་སྟངས་འཛིན་བྱེད་མཁན་གྱི་རྨེན་རྫས་ཤིག རྨེན་གཤེར་ཨིན་སུ་ལིན་ཉུང་དྲགས་པ་དེ་ཡིས་གཅིན་སྙི་ཟ་ཁུའི་རིགས་ཤིག་སྐྱེད་པར་བྱེད། |
| insulator འགོག་གཟུགས། ཆོད་གཟུགས། | phys. (a) Material that is a poor conductor of heat and that delays the transfer of heat. (b) Material that is a poor conductor of electricity. | (ཀ) དྲོད་ནུས་ཁྲིད་མཁན་གྱི་ཁྲིད་གཟུགས་སྐྱོ་བོ་སྟེ་དྲོད་ནུས་རྒྱུད་སྤྲོད་ཇེ་དལ་དུ་གཏོང་བའི་དངོས་པོ། (ཁ) གློག་གི་ཁྲིད་གཟུགས་སྐྱོ་བོ་ཡིན་པའི་དངོས་པོ། |
| insulation བར་འཚང་། | phys. | |
| insulate གཅོད་པ། | | |
| insular lobe གླིང་ཤུན་འདབ་མ། | neurosci. | |
| insular cortex གླིང་ཤུན། | neurosci. A part of the cerebral cortex beneath the temporal, parietal, and frontal lobes; believed to be involved in consciousness, feelings, and social relations. | རྣ་ལྟག་འདབ་མ་དང་། གཙུག་འདབ། མདུན་འདབ་བཅས་ཀྱི་གཤམ་འོག་ཏུ་ཡོད་པའི་ཀླད་ཆེན་ཀླད་ཤུན་གྱི་ཆ་ཤས་ཤིག་ལ་གོ་ཞིང་། ཤེས་པ་དང་། མྱོང་ཚོར། སྤྱི་ཚོགས་འབྲེལ་ལམ་བཅས་དང་འབྲེལ་བ་ཡོད་པར་འདོད། |
| insula གླིང་ཞོ། | neurosci. A region of the brain deep in the cerebral cortex. | ཀླད་ཆེན་ཀླད་ཤུན་གྱི་གཏིང་དུ་ཡོད་པའི་ཀླད་པའི་ཁུལ་ཞིག་ལ་ཟེར། |
| instrumentalism མཁོ་སྤྱོད་རིང་ལུགས། | phil. | |
| instructor སློབ་ཁྲིད་པ། | SEE Learning | |
| instinct གཉུག་གཤིས། བག་ཆགས། | biol. A natural or intuitive way of acting or thinking. | རང་བྱུང་ངམ་ལྷན་སྐྱེས་ཀྱི་བྱ་བ་བྱེད་སྟངས་སམ་བསམ་བློ་གཏོང་སྟངས་ཤིག |
| instantaneous speed འཕྲལ་གྱི་མགྱོགས་ཚད། སྐབས་ཐོག་མགྱོགས་ཚད། | phys. | |
| inspiration སེམས་འགུལ། | SEE Learning | |
| inspection ལྟ་རྟོག། | biol. Careful examination or scrutiny. | གཟབ་ནན་གྱི་བརྟག་པའམ་ཞིབ་བརྟག |
| insomnia གཉིད་ཡེར། | biol. Inability to sleep adequately. The causes may include poor sleeping conditions, circulatory or brain disorders, breathing disorders, mental distress, or physical discomfort. | གཉིད་འདང་ངེས་ཤིག་ཁུག་མི་ཐུབ་པ་ལ་ཟེར། འདིའི་འབྱུང་རྐྱེན་ནི་ཉལ་སའི་གནས་སྟངས་ཞན་པོ་དང། འཁོར་སྐྱོད་མ་ལག་གམ་ཀླད་པའི་འཁྲུག་སྐྱོན། དབུགས་འབྱིན་རྔུབ་ཀྱི་འཁྲུག་སྐྱོན། སེམས་སྡུག་གམ་ཡང་ན་གཟུགས་མི་བདེ་བ་བཅས་ཡིན་སྲིད། |
| insoluble བཞུ་མི་ཐུབ་པ། | chem. Incapable of being dissolved; incapable of forming a solution, esp in water | གཤེར་ཁུའི་ནང་དུ་བཞུ་མི་ནུས་པ་སྟེ། བྱེ་བྲག་ཏུ་ཆུའི་ནང་དུ་བཞུ་ཁུ་འགྲུབ་མི་ཐུབ་པ། |