| Inhibitory control འགོག་པའི་ཚོད་འཛིན། | neurosci. | [ཡ་ལན་འགོག་པའི་ཚོད་འཛིན།] |
| inhibitory འགོག་སྡོམ། | neurosci. | |
| Inhibitor འགོག་བྱེད། སྡོམ་བྱེད། | Biol. | |
| inhibition ངར་འདོམ། བཀག་འགོག | biol. The action of inhibiting, restricting, or hindering a process. | རྒྱུད་རིམ་ཞིག་འགོག་སྡོམ་བྱེད་པའམ། དམ་བསྒྲགས་བྱེད་པ། ཡང་ན། བར་དུ་གཅོད་པའི་བྱ་བ། |
| Inhibin འགོག་རྨེན། | biol. | [འགོག་བྱེད་རྨེན་རྫས།] |
| inherited traits རྒྱུད་ཐོབ་ཁྱད་གཤིས། | biol. | |
| Inheritance རྒྱུད་འཛིན། རྒྱུད་གཤིས། | biol. | |
| inheritance of acquired characteristics ཐོབ་ཆོས་རྒྱུད་འཛིན། | biol. The obsolete and discredited concept that somatic characteristics accumulated by one generation can somehow be transferred to the germ cells, and then on to succeeding generations. | རབས་གཅིག་ལ་ཐོབ་པའི་ལུས་པོའི་ཁྱད་གཤིས་ཁག་ས་བོན་ཕྲ་ཕུང་ལ་རྒྱུད་སྤྲོད་བྱེད་ཐུབ་དང་། དེ་ནས་རབས་རྗེས་མ་རྣམས་ལ་རྒྱུད་སྤྲོད་བྱེད་ཐུབ་པར་འདོད་པའི་བེད་སྤྱོད་མེད་ཅིང་ཆ་འཇོག་དབེན་པའི་ལྟ་ཚུལ་ཞིག [རིགས་ཤིག་ལ་ཐོབ་པའི་ཁྱད་ཆོས་རྣམས་རིགས་རྒྱུད་ཕྱི་མས་རྒྱུད་འཛིན་བྱེད་པ།] |
| Inherent value ལྷན་སྐྱེས་རིན་ཐང་། | SEE Learning | |
| inhale དབུགས་རྔུབ་པ། | biol. | |
| ingestion ནང་དུ་བསྡུ་བ། ནང་འདྲེན། ནང་འཇིབ། ནང་ལ་རྔུབ་པ། མིད་པ། | biol. The process of absorbing nutrients or medications into the body by eating or drinking them. | ཟ་བའམ་འཐུང་བའི་བྱ་བ་ལ་བརྟེན་ནས་ལུས་པོའི་ནང་དུ་འཚོ་བཅུད་དམ། སྨན་ནང་འདྲེན་བྱེད་པའི་རྒྱུད་རིམ་ཞིག |
| Infundibulum ཀླད་གཅེའུ། | neurosci. | [ཀླད་པའི་ནང་གི་གཅེའུ་དབྱིབས་ཀྱི་ཆ་ཤས་ཤིག] |
| infrasonic དམའ་སྒྲའི། | phys. Term applied to sound frequencies below 20 Hz, the normal lower limit of human hearing. | ཟློས་ཕྱོད་ 20Hz སྟེ་མིས་ཐོས་ཚད་ཀྱི་མ་མཐའ་ལས་ཆུང་བ་ཡོད་པའི་སྒྲ་ལ་སྤྱོད་པའི་ཚིག་ཅིག |
| infrared waves དམར་ཕྱིའི་རླབས། | phys. Electromagnetic waves that have a lower frequency that visible red light. | སྣང་རུང་གི་འོད་དམར་པོ་ལས་ཟློས་ཕྱོད་དམའ་བ་ཡོད་པའི་གློག་ཁབ་ལེན་གྱི་རླབས། |
| infrared telescope དམར་ཕྱི་རྒྱང་ཤེལ། | phys. A reflecting telescope used to detect and study infrared radiation from space; refractors cannot be employed because glass is opaque at these wavelengths. | བར་སྣང་ཁམས་ཀྱི་དམར་ཕྱི་འགྱེད་འཕྲོ་རྩད་གཅོད་དང་ཞིབ་འཇུག་བྱེད་པར་སྤྱོད་པའི་ལྡོག་འཕྲོའི་རྒྱང་ཤེལ་ཞིག འཁྱོག་འཕྲོའི་རྒྱང་ཤེལ་བེད་སྤྱད་ན་མི་འགྲིག་སྟེ། རླབས་ཐག་འདིའི་སྐབས་སུ་ཤེལ་སྒོ་ཕྱི་ནང་མི་གསལ་བའི་རྣམ་པར་འགྱུར་གྱི་ཡོད། |