| habitat སྡོད་གནས། འཚོ་གནས། | biol. The natural home or environment of an animal, plant, or other organism. | སྲོག་ཆགས་སམ། རྩི་ཤིང་། ཡང་ན་སྐྱེ་དངོས་གཞན་ཞིག་གི་རང་བྱུང་གི་ཁྱིམ་མམ་ཁོར་ཡུག་ལ་གོ |
| Habitable zone འཚོ་རུང་ས་ཁུལ། | phys. | |
| H.R diagram ཧེ་ཅི་ཨར་དཔེ་རིས། | phys. | |
| H. Pylori ཨེ་ཆི་པཻ་ལོ་རི་སྲིན་བུ། (ཕོ་སྨད་དབྱུག་སྲིན།) | biol. | |
| gyrus rectus ཟེ་རྒྱུད་དྲོང་པོ། | neurosci. | |
| gyrus (gyri) ཟེ་རྒྱུད། | neurosci. A ridge or fold between two clefts on the cerebral surface in the brain. | ཀླད་ཆེན་གྱི་ཀླད་ཤུན་སྟེང་གི་གས་སྲུབས་གཉིས་དབར་གྱི་སྡིངས་ཁའམ་ལྟེབ་སུལ་ལ་གོ [ཀླད་ཆེན་ཕྱི་ཤུན་སྟེང་དུ་ཆགས་པའི་འབུར་བོའི་ཆ་ཤས།] |
| gyroscope འཁོར་མཐོང་ཡོ་ཆས། | phys. A disc with a heavy rim mounted in a double gimbal so that its axis can adopt any orientation in space. | མཐའ་ལྕགས་ལྕི་བའི་སྡེར་མ་ཞིག་སོར་གནས་སྟེགས་ཕུར་གཉིས་ལྡན་ཞིག་གི་ནང་དུ་བཙུགས་ཡོད་པས། བར་སྣང་ཁམས་སུ་འཁོད་ལུགས་གང་འདྲ་ཡིན་རུང་སྡེར་མ་དེའི་སྲོག་ཤིང་གིས་བསྟུན་འགྱུར་བྱེད་ཐུབ། |
| gymnosperm གཅེར་སོན་རྩི་ཤིང་། གཅེར་སོན། | biol. Any of a group of woody plants (e.g. conifers) that produce naked seeds not enclosed in an ovary | ཟེའུ་འབྲུའི་མངལ་ཁང་གིས་བཏུམ་མེད་པའི་ས་བོན་གཅེར་བུའི་རིགས་སྐྱེད་སྐྲུན་བྱེད་མཁན་གྱི་ནགས་གནས་རྩི་ཤིང་(ཐང་ཤིང་ལྟ་བུ་)གི་སྡེ་ཚན་གང་ཡང་རུང་བ་ཞིག་ལ་གོ [གཅེར་བུའི་ས་སོན་དང་ལྡན་པའི་རྩི་ཤིང་ངམ་ས་བོན་ལ་སྐོགས་ཤུན་མེད་པའི་རྩི་ཤིང་།] |
| gut ཟས་ལམ། ཟས་རྒྱུ་ལམ། | biol. The alimentary canal or a portion thereof, especially the intestine or stomach. | ཟས་ཀྱི་རྒྱུ་ལམ་མམ་ཡང་ན་རྒྱུ་མ་དང་ལྟོ་བ་ལྟ་བུའི་ཟས་ཀྱི་རྒྱུ་ལམ་གྱི་ཆ་ཤས་ལ་གོ |
| gustatory cortex རོ་ཚོར་ཀླད་ཤུན། | neurosci. | |
| gum སོ་རྙིལ། | biol. The firm connective tissue covered by mucous membrane that envelops the alveolar arches of the jaw and surrounds the bases of the teeth. | རྙིལ་རུས་ཀྱི་གུག་ཆ་གཡོགས་ཤིང་སོའི་རྩ་བ་མཐའ་ནས་སྐོར་བའི་སྲ་འཐས་ཀྱི་མཐུད་སྦྱོར་ཕུང་གྲུབ་བེ་སྣབས་ཀྱི་སྐྱི་མོ་དང་ལྡན་པ་དེ་ལ་གོ |
| Gulf Stream མཚོ་ཁུག་ཆུ་རྒྱུན། | biol. A relatively warm ocean current flowing northeastwards off the Atlantic coast of the US from the Gulf of Mexico | མེག་སི་ཀོ་ཡི་མཚོ་ཁུག་ནས་འགོ་བཙུགས་ཏེ་ཨ་རིའི་ཨེཊ་ལན་ཊིག་མཚོ་འགྲམ་རྒྱུད་དེ་བྱང་ཤར་ཕྱོགས་སུ་རྒྱུ་བའི་རྒྱ་མཚོའི་ཆུ་རྒྱུན་དྲོན་མོ་ཞིག་ལ་གོ |
| guitar གྷི་ཊར། | mus. | |
| guideway འདྲེན་ལམ། | phys. A groove or track along which something moves. | དངོས་པོ་ཞིག་འགུལ་སྐྱོད་གཏོང་སའི་ཤུར་ཁའམ་བགྲོད་ལམ། |
| Guide on the side གཞོགས་འདེགས་སློབ་སྟོན་པ། | SEE Learning | |