| impulse རྡེག་ངར། | phys. Product of force and the time interval during which the force acts. Impulse produces change in momentum. Impulse = Ft = Δ(mv) | ཕོག་པའི་ཤུགས་དང་ཤུགས་དེ་ཕོག་པའི་དུས་ཡུན་གཉིས་ཀྱི་བསྒྱུར་ཐོབ། རྡེག་ངར་གྱིས་འགུལ་ཚད་ལ་འགྱུར་བ་གཏོང་གི་ཡོད། རྡེག་ངར། = Ft = Δ(mv) |
| impulse འཕར་བརྡ། | neurosci. The electrochemical transmission of a signal along a nerve fiber that produces an excitatory or inhibitory response at a target tissue, such as a muscle or another nerve. | ཤ་སྒྲིམ་ཞིག་གམ་དབང་རྩ་གཞན་ཞིག་ལྟ་བུའི་དམིགས་འབེན་ཕུང་གྲུབ་ཅིག་ཏུ་སད་སློང་གི་ཡ་ལན་ནམ་སྡོམ་བྱེད་ཀྱི་ཡ་ལན་སྐྲུན་པར་བྱེད་པའི་དབང་རྩ་ཉག་མའི་རྒྱུད་དུ་བརྡ་འཕྲིན་ཞིག་གློག་རྫས་ཀྱི་ངོ་བོར་རྒྱུད་གཏོང་བྱེད་པ་དེ་ལ་གོ |
| impossible event མི་སྲིད་པའི་བྱུང་བ། | | |
| implode ནང་འཐོར། | phys. Collapse or cause to collapse violently inwards. | ཤུགས་དྲག་པོའི་སྒོ་ནས་ནང་གི་ཕྱོགས་སུ་རྡིབ་པའམ་རྡིབ་པར་རྐྱེན་བྱེད་པ། |
| implicit memory མངོན་མེད་དྲན་པ། | neurosci. Implicit memory (also called "nondeclarative" memory) is a type of long-term memory that stands in contrast to explicit memory in that it doesn't require conscious thought. It allows you to do things by rote. This memory isn't always easy to verbalize, since it flows effortlessly in our actions. | མངོན་མེད་དྲན་པ་ (བརྗོད་མེད་དྲན་པ་ཞེས་ཀྱང་ཟེར་) ནི་བརྟན་འཛིན་དྲན་པའི་རིགས་ཤིག་སྟེ་མངོན་གསལ་དྲན་པའི་ལྡོག་ཕྱོགས་ཡིན་ཞིང་འདིའི་སྐབས་སུ་ཤེས་ཚོར་དང་བཅས་པའི་བསམ་གཞིག་གཏོང་མི་དགོས། འདི་ཡིས་ཁྱེད་ལ་བློ་འཛིན་ལ་བརྟེན་ནས་བྱ་བ་བྱེད་དུ་འཇུག དྲན་པ་འདི་ནི་ང་ཚོའི་བྱ་བའི་ཁྲོད་དུ་རྩོལ་མེད་དུ་འབྱུང་གི་ཡོད་པས་ཚིག་གི་བརྗོད་པར་འདྲེན་དཀའ་བ་ཡོད། |
| Implicit knowledge མངོན་མེད་ཤེས་བྱ། | SEE Learning | |
| Implicit bias མངོན་མེད་ཕྱོགས་ལྷུང་། | SEE Learning | |
| implantation ༡ འདེབས་འཛུགས། ༢ ཐོགས་འབྱར། | biol. 1. The act or an instance of implanting. 2.The process by which a fertilized egg implants in the uterine lining. | ༡ ས་བོན་འདེབས་འཛུགས་བྱེད་པའི་བྱ་བའམ་བྱུང་བ་ལ་གོ ༢ འདྲེས་སྦྱོར་གྲུབ་པའི་ཁམས་དམར་ཞིག་བུ་སྣོད་ཀྱི་ནང་ཤར་འབྱར་བའི་རྒྱུད་རིམ་ལ་གོ [འདྲེས་སྦྱོར་གྲུབ་པའི་ས་བོན་ཕྲ་ཕུང་གི་ཤུན་པགས་ལ་ཐོགས་ཏེ་འབྱར་བ།] |
| implantable contact lens གཏན་འཛུགས་འཕྲད་ཤེལ། འཛུགས་ཤེལ། | phys. These lenses are similar to small contact lenses, that are placed inside of the eye instead of on the surface. Once in place, the lens cannot be seen or felt and requires no maintenance. Lens implants have been used for many years and are considered a safe solution for those whose vision correction falls outside of acceptable parameters. | གཏན་འཛུགས་འཕྲད་ཤེལ་ནི་འཕྲད་ཤེལ་ཆུང་ཆུང་ཞིག་དང་འདྲ་མོད། མིག་ངོས་སུ་འཇོག་པ་མིན་པར་མིག་གི་ནང་རོལ་དུ་འཇུག་གི་ཡོད། མིག་གི་ནང་རོལ་དུ་ཏག་ཏག་བཅུག་རྗེས་དྭངས་ཤེལ་འདི་མཐོང་མི་ཐུབ་ལ་ཡོད་པ་ཚོར་ཡང་མི་ཐུབ་པ་མ་ཟད། རྒྱུན་གནས་བདག་སྐྱོང་ཡང་བྱེད་མི་དགོས། དྭངས་ཤེལ་འདི་མིག་ནང་དུ་འཇུག་རྒྱུའི་ཐབས་ལམ་འདི་ལོ་མང་རིང་ལ་བེད་སྤྱོད་བྱས་ཡོད་པ་དང་། མིག་གི་མཐོང་རྒྱ་སྐྱོ་ཞིང་བཅོས་ཐབས་གཞན་གྱིས་མི་ཕན་པ་དག་ལ་གཏན་འཛུགས་འཕྲད་ཤེལ་ནི་ཉེན་ཁ་མེད་པའི་བཅོས་ཐབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། |
| Imperfections སྐྱོན་ཆ། | SEE Learning | |
| Impairment ཉམས་སྐྱོན། | biol. | |
| immunotherapy ནད་འགོག་གསོ་ཐབས། | biol. Treatment that improves ability of the immune system to fight disease | ན་ཚ་ལ་རྒོལ་འཛིང་བྱེད་པའི་ནད་འགོག་མ་ལག་གི་ནུས་པ་གོང་འཕེལ་གཏོང་བའི་གསོ་ཐབས་ཤིག་ལ་ཟེར། |
| immunosuppression ནད་འགོག་ནུས་གནོན། | biol. The partial or complete suppression of the immune response of an individual. It is induced to help the survival of an organ after a transplant operation. | སྐྱེ་དངོས་བྱེ་བྲག་པ་ཞིག་གི་ནད་འགོག་ཡ་ལན་ཆ་ཙམ་མམ་ཆ་ཚང་འགོག་ཐབས་བྱེད་པ་ལ་ཟེར། དབང་པོ་སྤོ་འཛུགས་གཤག་བཅོས་ཀྱི་རྗེས་སུ། འདི་ཡིས་དབང་པོ་ཞིག་གསོན་གནས་ཐུབ་པར་རོགས་རམ་བྱེད། |
| immunology ལུས་ཟུངས་རིག་པ། ནད་འགོག་རིག་པ། | biol. The branch of medicine and biology concerned with immunity. | ནད་འགོག་རང་བཞིན་དང་འབྲེལ་བ་ཡོད་པའི་སྨན་དཔྱད་དང་སྐྱེ་དངོས་ཀྱི་སྡེ་ཚན་ཞིག |
| immunologist ནད་འགོག་རིག་པ་བ། | biol. Immunologists are scientists or clinicians who specialise in the field of Immunology. | ནད་འགོག་རིག་པའི་སྡེ་ཚན་ལ་ཆེད་ལས་པ་ཡིན་པའི་ཚན་རིག་པའམ་སྨན་པ་ཞིག |