| glucose གུལ་མངར། གུ་ལུ་མངར་རྫས། མངར་བཅུད། | biol. Is a simple sugar and is an important source of energy for the body — and the main source of energy for the brain. | སྒུ་ལུ་མངར་རྫས་ནི་སྟབས་བདེའི་ཀ་ར་ཞིག་ཡིན་ཞིང་ང་ཚོའི་ལུས་པོ་ལ་མཁོ་བའི་ནུས་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང། ཀླད་པའི་ནུས་པའི་འབྱུང་ཁུངས་གཙོ་བོ་དེ་ཡང་རེད། |
| Gluconeogenesis གུལ་མངར་གསར་གྲུབ། | biol. | |
| glucocorticoid receptor (GR) གུ་ལུ་ཁོ་ཁོར་ཊི་ཁོ་ཡི་ཌི་སྣེ་ལེན་པ། | biol. | |
| glossopteris ལྕེ་དབྱིབས་རེ་རལ། | biol. | |
| glossopharyngeal nerve ལྕེ་མགྲིན་དབང་རྩ། | neurosci. The ninth cranial nerve, which supplies the tongue, throat, and one of the salivary glands (the parotid gland). Problems with the glossopharyngeal nerve result in difficulties with tasting and swallowing. | ལྕེ་དང་མགྲིན་པ། མཆིལ་རྨེན་གཅིག་ (རྣ་འགྲམ་རྨེན་བུ་) བཅས་ལ་དབང་རྩའི་འཕྲིན་པ་རྒྱུད་གཏོང་བྱེད་མཁན་གྱི་ཐོད་རུས་དབང་རྩ་དགུ་པ་དེ་ལ་གོ ལྕེ་མགྲིན་དབང་རྩ་ལ་སྐྱོན་ཤོར་ཚེ་རོ་མྱོང་བ་དང་ཁྱུར་མིད་གཏོང་བ་གཉིས་ལ་དཀའ་ངལ་འབྱུང་། |
| Glomerulus རྩ་ཚོམ། | biol. | [མཁལ་མའི་རྩ་ཚོམ་སྟེ་མཁལ་མའི་ཚགས།] |
| globus pallidus ཟླུམ་སྐྱ། | neurosci. One of the subcortical nuclei that make up the BASAL GANGLIA. It functions as an excitatory structure of the extra-pyramidal motor system. | ཞབས་གནས་རྩ་འདུས་གྲུབ་པར་བྱེད་པའི་ཀླད་ཤུན་འོག་མའི་ཚོམ་བུ་ཞིག འདི་ཡིས་གཏོར་གཟུགས་ཕྱི་ཡི་འགུལ་སྐྱོད་མ་ལག་གི་ངར་སད་རང་གཤིས་ཅན་གྱི་ཆ་ཤས་ཀྱི་བྱེད་ལས་སྤེལ་གྱི་ཡོད། |
| globular cluster ཟླུམ་ཚོམ། | phys. A dense system of ten thousand to a million stars that has a roughly spherical structure and orbits a galaxy. Most known galaxies have numerous globular clusters. | སྐར་མ་ཁྲི་གཅིག་ནས་ས་ཡ་གཅིག་ཙམ་གྱིས་གྲུབ་པའི་སྟུག་འཛིང་གི་མ་ལག་ཅིག་སྟེ། རོབ་ཙམ་གྱིས་ཟླུམ་གཟུགས་སུ་སྣང་ལ་དགུ་ཚིགས་ཤིག་ལ་སྐོར་བ་བྱེད། ང་ཚོས་ཧ་གོ་བའི་དགུ་ཚིགས་ཕལ་ཆེ་བའི་ནང་དུ་ཟླུམ་ཚོམ་མང་པོ་ཡོད་པ་ཡིན། |
| globin protein ཟླུམ་སྤྲི། | biol. Protein in hemoglobin, the oxygen-carrying compound of red blood cells. | ཁྲག་དམར་སྤྲི་རྫས་སུ་ཡོད་པའི་སྤྲི་རྫས་ཏེ་ཁྲག་དམར་ཕྲ་ཕུང་གི་འཚོ་རླུང་སྐྱེལ་འདྲེན་བྱེད་མཁན་གྱི་འདུས་རྡུལ་ལ་གོ |
| globin ཟླུམ་སྤྲི། | biol. Any of a group of heme-containing proteins, including myoglobin and hemoglobin, that can bind oxygen and other gases. | ཧེམ་རུ་ཁག་དང་ལྡན་པའི་སྤྲི་རྫས་ཀྱི་སྡེ་གང་རུང་རུང་ཞིག་ལ་ཟེར་ཞིང་། དེའི་ཁོངས་སུ་འཚོ་རླུང་དང་རླངས་རྫས་གཞན་ལ་འཆིང་སྦྱོར་ཐུབ་པའི་ཤ་གནད་ཟླུམ་སྤྲི་དང་ཁྲག་དམར་སྤྲི་རྫས་ལ་སོགས་པ་ཚུད་ཡོད། |
| global warming གོ་ལ་ཚ་འགྱུར། | phys. An increase in the average temperature of the earth's atmosphere, especially a sustained increase sufficient to cause climatic change. | སའི་གོ་ལའི་རླུང་ཁམས་ཀྱི་ཆ་སྙོམས་དྲོད་ཚད་ཇེ་མཐོར་གྱུར་བ་ལ་གོ་ཞིང་། བྱེ་བྲག་ཏུ་གནམ་གཤིས་གྱི་འགྱུར་བ་སྐྲུན་ནུས་པའི་རྒྱུན་གནས་ཀྱི་དྲོད་ཚད་འཕེལ་བ་ལ་གོ |
| glioma སྤྱིན་སྐྱི་རྩ་སྐྲན། | biol. A tumor arising from glial cells. | འབྱར་སྐྱི་ཕྲ་ཕུང་ནས་ཐོན་པའི་སྐྲན་ཞིག |
| gliding cart ལྡིང་འཁོར། | | |
| glial cell འབྱར་སྐྱི་ཕྲ་ཕུང་། | biol. Any of the cells that hold nerve cells in place and help them work the way they should. | དབང་རྩའི་ཕྲ་ཕུང་རྣམས་རང་གནས་སུ་བཟུང་བར་བྱེད་ཅིང་དབང་རྩའི་བྱ་བ་ཏག་ཏག་སྒྲུབ་པར་རམ་འདེགས་བྱེད་མཁན་གྱི་ཕྲ་ཕུང་གང་ཡང་རུང་བ་ཞིག |
| glaucoma ནང་འགྲིབ། | biol. A disease in which pressure inside the eye causes gradual loss of vision. | མིག་གི་ནང་རོལ་གྱིི་གནོན་ཤུགས་ལ་བརྟེན་ནས་རིམ་གྱིས་མཐོང་ཚོར་ཉམས་པའི་ནད་ཅིག |