| hydrophobic interaction ཆུར་དངངས་འཐབ་སྦྱོར། | chem. An interaction between a hydrophobic part of a molecule and an aqueous environment. Such interactions are particularly significant in establishing the three-dimensional shape of enzymes in solution. | འདུས་རྡུལ་ཞིག་གི་ཆུ་བཟློག་རང་གཤིས་ཅན་གྱི་ཆ་ཤས་དང་ཆུ་ལྡན་ཁོར་ཡུག་ཅིག་དབར་གྱི་འཐབ་སྦྱོར་ལ་ཟེར། བཞུ་ཁུའི་ནང་དུ་སྤྲི་རྫས་ཀྱི་ཕྱོགས་ཆ་གསུམ་ལྡན་གྱི་དབྱིབས་གྲུབ་ཏུ་འཇུག་པས་འཐབ་སྦྱོར་འདི་ནི་དམིགས་བསལ་གྱི་གལ་ཆེན་པོ་ཡིན། |
| hydrophobic fats ཆུ་བཟློག་ཞག་ཚིལ། | biol. | |
| hydrophobic ཆུ་བཟློག་རང་གཤིས། ཆུར་དངངས་རང་གཤིས། | chem. Tending to repel or fail to mix with water. | ཆུ་དང་མཉམ་དུ་བསྲེས་མི་ཐུབ་པའམ་ཆུ་ཕྱིར་ཟློག་པར་བྱེད་པའི་ནུས་པ་ཅན། |
| hydrophilic ཆུ་མོས་རང་གཤིས། | chem. Having a tendency to mix with, dissolve in, or be wetted by water. | ཆུ་དང་མཉམ་དུ་བསྲེས་ཐུབ་པ། ཆུའི་ནང་དུ་བཞུ་ཐུབ་པ། ཡང་ན་ཆུ་ཡིས་རློན་པ་བཟོ་ཐུབ་པའི་ནུས་པ་ལྡན་པ། |
| hydrolyze ཆུས་འཕྲལ་གཏོང་བ། | phys. Break down (a compound) by chemical reaction with water. | (འདུས་རྡུལ་ཞིག་)ཆུ་དང་རྫས་སྦྱོར་བྱས་ཏེ་ཆ་གསེས་གཏོང་བ། |
| hydrolytic enzymes ཆུ་གསིལ་སྨིན་རྫས། | biol. | |
| hydrolysis ཆུ་གསིལ་རྫས་སྦྱོར། ཆུ་བཤིག་རྫས་སྦྱོར། | biol. | [ཆུ་གསིལ་བ་སྟེ་ཆུའི་འདུས་རྡུལ་བཤིག་པ་ལ་བརྟེན་ནས་བྱུང་བའི་རྫས་སྦྱོར།] |
| Hydrolase ཆུ་བཤིག་སྨིན་རྫས། | biol. | |
| hydrogen ions ཡང་རླུང་གྱེས་རྡུལ། | chem. The positively charged ion, H+, characteristic of acids, that consists of a hydrogen atom that has lost an electron | ཕོ་ཁུར་དང་ལྡན་པའི་གྱེས་རྡུལ་ཏེ་ H+ ཡིན། འདི་ནི་སྐྱུར་རྫས་ཀྱི་ཐུན་མིན་ཁྱད་ཆོས་ཡིན་ཞིང་། གློག་རྡུལ་གཅིག་བརླགས་ཟིན་པའི་ཡང་རླུང་རྡུལ་ཕྲན་གཅིག་གིས་གྲུབ། |
| Hydrogen fusion reaction ཡང་རླུང་འདུས་འགྱུར། | phys. | |
| hydrogen bonding ཡང་རླུང་འཆིང་སྦྱོར། | chem. The effect of hydrogen bonds, which are the strongest intermolecular force; this is largely responsible for the unique properties of water and for the ability of molecules in living systems to maintain the appropriate structure to carry out their biochemical functions; e.g., the double helix structure of DNA. | འདུས་རྡུལ་དབར་གྱི་འཆིང་ཤུགས་ཆེ་ཤོས་ཡིན་པའི་ཡང་རླུང་འཆིང་བའི་ཤུགས་རྐྱེན་དེ་ལ་གོ་ཞིང་། འདི་ནི་ཆུའི་ཐུན་མིན་ཁྱད་ཆོས་དང་འབྲེལ་བ་ཡོད་ཅིང་། སྐྱེ་ལྡན་མ་ལག་ནང་གི་འདུས་རྡུལ་ལ་ཆགས་བཀོད་ངེས་ཅན་ཞིག་ཉར་བཟུང་བྱེད་པའི་ནུས་པ་དང་དེ་དག་གིས་སྐྱེ་དངོས་རྫས་སྦྱོར་གྱི་བྱེད་ལས་སྒྲུབ་པའི་ནུས་པ་དང་ཡང་འབྲེལ་བ་ཡོད་པ་ཡིན། དཔེར་ན། ཌི་ཨེན་ཨེ་ཡི་གཅུས་གཟུགས་ཉིས་ལྡན་གྱི་ཆགས་བཀོད་ལྟ་བུ། |
| hydrogen bond ཡང་རླུང་འཆིང་བ། | chem. A chemical bond in which a hydrogen atom of one molecule is attracted to an electronegative atom, especially a nitrogen, oxygen, or fluorine atom, usually of another molecule. | འདུས་རྡུལ་ཞིག་གི་ཡང་རླུང་རྡུལ་ཕྲན་དེ་འདུས་རྡུལ་གཞན་ཞིག་གི་གློག་གི་མོ་གཤིས་ཆེ་བའི་རྡུལ་ཕྲན་ཟེ་རླུང་ངམ། འཚོ་རླུང་། ཡང་ན། ཕུ་ལའོ་རིན་ལྟ་བུ་ལ་འབྱར་བར་བྱེད་པའི་རྫས་སྦྱོར་གྱི་འཆིང་བ་ཞིག |
| hydrogen ཡང་རླུང། | chem. A colourless, odourless, highly flammable gas, the chemical element of atomic number 1 | ཁ་དོག་མེད་ཅིང་། དྲི་མ་མེད་ལ། འབར་སྐྱེན་པའི་རླངས་གཟུགས། རྡུལ་གྲངས་གཅིག་ཅན་གྱི་རྩ་རྫས། |
| hydrofoil ཆུ་གཤོག | phys. A winglike structure attached to the hull of a boat that raises all or part of the hull out of the water when the boat is moving forward, thus reducing drag. | མཚོ་གྲུ་ཡི་ཕྱི་སྒྲོམ་ལ་སྦྱར་ཡོད་པའི་གཤོག་པའི་དབྱིབས་ཀྱི་ཆགས་བཀོད་ཅིག་ལ་གོ་ཞིང་། མཚོ་གྲུ་མདུན་དུ་བགྲོད་སྐབས་ཕྱི་སྒྲོམ་ཆ་ཚང་ངམ་ཆ་ཤས་ཤིག་ཆུ་ཁ་རུ་ཡར་འགྱོགས་པར་བྱེད་པས་འདྲུད་ཤུགས་ཇེ་ཉུང་དུ་གཏོང་། |
| hydroelectricity ཆུ་གློག། | phys. | |