| herbivore རྩ་གཟན། | biol. An animal that feeds chiefly on plants. | གཙོ་བོ་རྩི་ཤིང་ཟས་སུ་སྤྱོད་པའི་སྲོག་ཆགས། |
| Herbicide སྔོ་ཡན་སེལ་རྫས། | biol. | |
| herbal remedies སྔོ་བཅོས། | biol. | |
| herapathite རྫས་ཧེ་ར་པེ་ཐེ་ཡིཊ། | phys. | |
| heptagon བདུན་དབྱིབས། | math. A polygon with seven sides and seven angles. | མཐའ་བདུན་དང་ཟུར་བདུན་ཡོད་པའི་མཐའ་མང་རིས་དབྱིབས་ཤིག |
| hepatocellular carcinoma མཆིན་ཕུང་འབྲས་ནད། | biol. A type of adenocarcinoma and the most common type of liver tumor. | རྨེན་སྦྲེལ་འབྲས་ནད་ཀྱི་རིགས་ཤིག་ཡིན་ཤིང་མཆིན་པའི་འབྲས་ནད་ཀྱི་རིགས་ཁྱབ་ཆེ་ཤོས་དེ་ཡིན། |
| hepatitis C མཆིན་པའི་གཉན་ཚད་ 'ག' | biol. A severe form of viral hepatitis transmitted through infected blood, causing chronic liver disease. | གཉན་ཁ་ཅན་གྱི་ཁྲག་བརྒྱུད་དེ་འགོས་ཤིང་མཆིན་ནད་དྲག་པོ་བསྐྲུན་མཁན་མཆིན་པའི་གཉན་ཚད་ཀྱི་རིགས་ཚབས་ཆེན་ཞིག |
| hepatitis B མཆིན་པའི་གཉན་ཚད་ 'ཁ' | biol. A severe form of viral hepatitis transmitted in infected blood, causing fever, debility, and jaundice. | གཉན་ཁ་ཅན་གྱི་ཁྲག་བརྒྱུད་དེ་འགོས་ཤིང་། ཚད་ནད་དང་། ལུས་ཟུངས་ཉམས་པ། མཁྲིས་ནད་བཅས་བསྐྲུན་མཁན་མཆིན་པའི་གཉན་ཚད་ཀྱི་རིགས་ཚབས་ཆེན་ཞིག |
| hemorrhagic stroke (ཀླད་པའི་) ཚ་གྲིབ། | biol. A hemorrhagic stroke is bleeding (hemorrhage) that suddenly interferes with the brain's function. This bleeding can occur either within the brain or between the brain and the skull. | ཚ་གྲིབ་ནི་ཀླད་པའི་བྱེད་ལས་ལ་གློ་བུར་དུ་ཐེ་བྱུས་བྱེད་པའི་ཁྲག་བཞུར་ (ཁྲག་ཤོར་) ལ་གོ་ཞིང་། འདི་ནི་ཀླད་པའི་ནང་རོལ་ལམ། ཡང་ན་ཀླད་པ་དང་ཀ་ལི་གཉིས་ཀྱི་དབར་གང་རུང་དུ་འབྱུང་ཐུབ། |
| hemorrhage ཁྲག་སྣོལ། | biol. Excessive discharge of blood from the blood vessels; profuse bleeding. | ཁྲག་རྩ་ནས་ཁྲག་ཧ་ཅང་མང་པོ་ཐོན་པ་སྟེ། ཁྲག་རྒྱུན་ཆད་མེད་པར་ཐོན་པ། |
| hemolymph ཁྲག་དོད་ཆུ་སེར། | biol. The circulatory fluid of arthropods and some mollusks, analogous to blood and lymph in vertebrates. | རྐང་ཚིགས་ཅན་གྱི་སྲོག་ཆགས་རྣམས་དང་ལུས་སྙི་སྲོག་ཆགས་འགའི་འཁོར་སྐྱོད་མ་ལག་ནང་གི་གཤེར་ཁུ་ལ་གོ་ཞིང་། སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཁྲག་དང་ཆུ་སེར་གཉིས་དང་མཚུངས། |
| hemoglobin ཁྲག་དམར་སྤྲི་རྫས། | biol. The iron-containing protein in the blood of vertebrate animals that binds to oxygen and carries it from the lungs to the body tissues. Hemoglobin is contained in the red blood cells and gives these cells their characteristic color. Hemoglobin is also found in some invertebrates, where it circulates freely in the blood. | སྒལ་རུས་ཅན་གྱི་སྲོགས་ཆགས་ཀྱི་ཁྲག་གི་ནང་དུ་ཡོད་ཅིང་འཚོ་རླུང་དང་འཆིང་སྦྱོར་བྱས་རྗེས་འཚོ་རླུང་དེ་གློ་བ་ནས་ལུས་པོའི་ཕུང་གྲུབ་རྣམས་ལ་སྐྱེལ་འདྲེན་བྱེད་མཁན་ལྕགས་རྫས་དང་ལྡན་པའི་སྤྲི་རྫས་དེ་ལ་གོ་ཞིང་། ཁྲག་དམར་སྤྲི་རྫས་དེ་ཁྲག་དམར་ཕྲ་ཕུང་གི་ནང་དུ་ཡོད་པས་དེ་ལ་རང་གི་ཁྱད་ཆོས་དང་ལྡན་པའི་ཁ་དོག་དེ་སྦྱིན་གྱི་ཡོད། ཁྲག་དམར་སྤྲི་རྫས་ནི་སྒལ་རུས་མེད་པའི་སྲོག་ཆགས་འགའི་ནང་དུའང་ཡོད་ཅིང་དེ་དག་གི་ཁྲག་གི་ནང་དུ་རང་དབང་གི་སྒོ་ནས་འཁོར་སྐྱོད་བྱེད། |
| Hemodynamic Response Function ཁྲག་འགུལ་ཡ་ལན་ལྟོས་གྲངས། | Neurosci. | |
| hemizygous རིགས་ཕྱེད། | biol. Having only a single copy of a gene instead of the customary two copies. All the genes on the single X chromosome in the male are hemizygous. | འཆར་ཅན་ལྟར་ཡོད་པའི་རིགས་རྫས་ཀྱི་འདྲ་བཤུས་གཉིས་པོའི་ཚབ་ཏུ་རིགས་རྫས་ཀྱི་འདྲ་བཤུས་རྐང་གཅིག་རང་ལྡན་པ་ལ་ཟེར། སྐྱེས་པ་ཕོ་ཡིི་ཚོས་གཟུགས་རྐྱང་པ་ X སྟེང་གི་རིགས་རྫས་ཐམས་ཅད་ནི་རིགས་ཕྱེད་ཡིན། |
| hemisphere ཟླུམ་ཕྱེད། | math. One of the two portions of a sphere cut off by a plane through its centre. | ཟླུམ་གཟུགས་ཤིག་སྒོར་ལྟེ་རྒྱུད་ནས་ངོས་ཤིག་གིས་དུམ་བུ་གཉིས་ལ་བགོས་པའི་ཆ་ཤས་ལས་གང་ཡང་རུང་བ་ཞིག |