| hexose དྲུག་ཚན་མངར་རྫས། | chem. Any of the class of simple sugars whose molecules contain six carbon atoms, such as glucose and fructose. They generally have the chemical formula C₆H₁₂O₆. | གུ་ལུ་མངར་རྫས་དང་ཕུ་རུ་མངར་རྫས་ལྟ་བུའི་ཀ་རའི་འདུས་རྡུལ་གྱི་ནང་དུ་ཁར་སྦོན་རྡུལ་ཕྲན་དྲུག་དང་ལྡན་པའི་སྟབས་བདེའི་མངར་རྫས་ཀྱི་སྡེ་ཚན་གང་རུང་རུང་ཞིག་ལ་གོ་ཞིང་། སྤྱིར་བཏང་རྫས་སྦྱོར་གྱི་མན་ངག་ C₆H₁₂O₆ ཡིས་མཚོན་གྱི་ཡོད། |
| hexokinase དྲུག་སྦྱོར་སྨིན་རྫས། | chem. Any of a group of enzymes that accelerate the phosphorylation of hexoses in carbohydrate metabolism. | ཁར་སྦོ་མངར་རྫས་ཀྱི་ནུས་འགྱུར་གྱི་སྐབས་སུ་དྲུག་ཚན་མངར་རྫས་སུ་འོད་མའི་སྡེ་ཚན་སྣོན་འཇུག་བྱེད་པ་ཇེ་མགྱོགས་སུ་གཏོང་མཁན་གྱི་སྨིན་རྫས་གང་རུང་རུང་ཞིག་ལ་གོ། |
| Hexamer དྲུག་གཟུགས། | biol. | |
| hexagon དྲུག་དབྱིབས། | math. A polygon that has six sides. A honeycomb is hexagonal. | མཐའ་དྲུག་ཡོད་པའི་མཐའ་མང་རིས་དབྱིབས་ཤིག སྦྲང་ཚང་ནི་དྲུག་དབྱིབས་ཅན་ཞིག་རེད། |
| Heuristic འཕྲལ་མའི་ཐབས་ཤེས། | neurosci. | |
| heterozygous རིགས་འདྲེས། | biol. The state in which two different alleles for a particular gene are present in the same diploid genome. | རིགས་རྫས་བྱེ་བྲག་པ་གཅིག་གི་ཨེ་ལིལ་མི་འདྲ་བ་གཉིས་ཆ་རྐང་ལྗིད་ནོམ་གཅིག་གི་ནང་དུ་ཡོད་པའི་གནས་བབ་ཅིག |
| heterozygote སྣ་ཚོགས་ས་བོན་འདུས་ཁུང། | biol. An organism that has different alleles at a particular gene locus on homologous chromosomes. | སྙོམས་མཐུན་ཚོས་གཟུགས་ཀྱི་རིགས་རྫས་གནས་ས་ངེས་ཅན་ཞིག་ཏུ་ཨེ་ལིལ་མི་འདྲ་བ་དང་ལྡན་པའི་སྐྱེ་དངོས་ཤིག |
| heterotroph འཚོ་ནུས་གཞན་བརྟེན། | biol. An organism that is dependent on complex organic substances for nutrition because it cannot synthesize its own food. | རང་གི་ཟ་མ་རང་གིས་སྡེབ་སྦྱོར་བྱེད་མི་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཟས་བཅུད་ཀྱི་ཆེད་སྐྱེ་ལྡན་འདུས་རྫས་སྣ་ཚོགས་ལ་བརྟེན་མཁན་གྱི་སྐྱེ་དངོས་ཤིག་ལ་ཟེར། |
| Heterotrimeric G-proteins གསུམ་སྦྱོར་རྗི་སྤྲི་རྫས། | biol. | |
| Heteromodal cortex མང་འབྱོར་ཀླད་ཤུན། | neurosci. | [ཆ་འཕྲིན་སྣ་མང་འབྱོར་སའི་ཀླད་ཤུན་གྱི་ཆ་ཤས།] |
| Heterogenetic cortex མི་སྙོམས་ཀླད་ཤུན། | neurosci. | [ཤུན་པའི་རིམ་པ་ཆ་མི་སྙོམས་པ་སྟེ་གསུམ་ནས་ལྔ་དང་ལྡན་པའི་ཀླད་ཤུན།] |
| Heterogeneity analysis རྣམ་མང་དབྱེ་ཞིབ། | research | |
| Heschl’s Gyrus ཧེ་ཤལ་གྱི་ཟེ་རྒྱུད། | neurosci. | |
| hertz (Hz) ཧར་ཚི། | phys. SI unit of frequency. One hertz is one vibration per second. | ཟློས་ཕྱོད་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། ཧར་ཚི་གཅིག་ནི་སྐར་ཆ་རེ་ལ་འདར་འགུལ་རེ་བྱེད་པ་ལ་གོ |
| herpes virus མེ་དབལ་གཉན་སྲིན། | biol. Any of a group of DNA viruses causing herpes and other diseases. | མེ་དབལ་དང་ན་ཚ་གཞན་སྐྱེད་པར་བྱེད་མཁན་ཌི་ཨེན་ཨེ་དང་ལྡན་པའི་གཉན་སྲིན་གང་ཡང་རུང་བ་ཞིག་ལ་གོ |