Search:
TermEnglish DefinitionTibetan Definition
heme group ཧིམ་སྡེ། biol. Portion of a hemoglobin molecule that contains an iron atom that readily binds with oxygen; each hemoglobin molecule contains four heme groups. ལྕགས་རྡུལ་དང་ལྡན་ཞིང་འཚོ་རླུང་དང་འཆིང་སྦྱོར་ལས་སླ་པོར་བྱེད་པའི་ཁྲག་དམར་སྤྲི་རྫས་ཀྱི་ཆ་ཤས་དེ་ལ་གོ་ཞིང་། ཁྲག་དམར་སྤྲི་རྫས་ཀྱི་འདུས་རྡུལ་རེ་ལ་ཧིམ་སྡེ་བཞི་རེ་ཡོད་པ་ཡིན།
hematopoietic stem cells མ་རྐང་ཁྲག་ཕུང། biol. An immature cell that can develop into all types of blood cells, including white blood cells, red blood cells, and platelets. Hematopoietic stem cells are found in the peripheral blood and the bone marrow. Also called blood stem cell. ཁྲག་དཀར་ཕྲ་ཕུང་དང་ཁྲག་དམར་ཕྲ་ཕུང་། ཁྲག་ཞིབ་བཅས་ཐེ་བའི་ཁྲག་གི་ཕྲ་ཕུང་གི་རིགས་གང་ཡང་རུང་བར་འཚར་འཕེལ་ཐུབ་པའི་ཁོ་ལག་མ་རྫོགས་པའི་ཕྲ་ཕུང་ཞིག་ལ་གོ་ཞིང་། མཐའ་འཁོར་གྱི་ཁྲག་དང་རྐང་མར་གྱི་ནང་དུ་གནས་ཡོད་པ་དང་། ཁྲག་གི་མ་རྐང་ཕྲ་ཕུང་ཞེས་ཀྱང་བརྗོད།
hematopoietic cells ཁྲག་འགྲུབ་ཕྲ་ཕུང། biol.
Hematopoiesis ཟུངས་ཁྲག་སྐྱེད་སྐྲུན། biol.
Hematoma ཁྲག་སྐྲན། biol.
Hematology ཁྲག་དཔྱད་རིག་པ། biol.
helix-turn-helix གཅུས་ཐག་གུག་སྦྲེལ། biol.
helix-loop-helix གཅུས་ཐག་ལུང་སྦྲེལ། biol.
helium (He) རྩ་རྫས་ཧི་ལི་ཡམ། chem. The element with atomic number 2 and relative atomic mass 4.003, which is the noble gas with the smallest atomic number. རྡུལ་ཕྲན་ཨང་གྲངས་ ༢ དང་ལྟོས་བཅས་ཀྱི་རྡུལ་ཕྲན་སྙོམས་གདོས་ ༤.༠༠༣ ཡོད་པའི་རྩ་རྫས་ཤིག་དེ་ཡིན་པ་དང། བཟང་རླངས་རྡུལ་གྲངས་ཆུང་ཤོས་དེ་ཡིན་ནོ།
Heliozoan ཉི་གཟུགས་གདོད་སྲིན། biol.
Heliozoa ཉི་གཟུགས་གདོད་སྲིན། (ཚན་པ།) biol.
helioseismology ཟི་རླབས་རིག་པ། phys. The study of seismic waves propagating in the sun, inferred from variations in solar brightness. ཉི་མའི་བཀྲག་མདངས་ཀྱི་ཁྱད་པར་ལ་བརྟེན་ནས་རྗེས་དཔག་བྱས་པའི་ཉི་མའི་ནང་དུ་རྒྱུ་བཞིན་པའི་ཟེ་རླབས་ལ་བརྟག་དཔྱད་བྱེད་པའི་རིག་པ།
heliocentric universe ཉི་མ་དབུས་གནས་ཀྱི་འཇིག་རྟེན། phys.
heliocentric model ཉི་མ་དབུས་གནས་དཔེ་གཞི། phys. A cosmological model in which the Sun is assumed to lie at or near a central point while the Earth and other bodies revolve around it. ཉི་མ་དབུས་ཀྱི་གནས་ཤིག་གམ། ཡང་ན་གནས་དེའི་གམ་དུ་གནས་ཤིང་སའི་གོ་ལ་དང་གཟའ་སྐར་གཞན་རྣམས་ཀྱིས་ཉི་མར་སྐོར་བ་བྱེད་པར་སྨྲ་བའི་སྣང་སྲིད་རིག་པའི་དཔེ་གཟུགས་ཤིག
helices གཅུས་ཐག biol. An extended spiral chain of atoms in a protein, nucleic acid, or other polymeric molecule. སྤྲི་རྫས་སམ། ཉིང་སྐྱུར། ཡང་ན་མང་ཟློས་འདུས་རྡུལ་གཞན་གྱི་ནང་དུ་ཡོད་པའི་རྡུལ་ཕྲན་གྱི་གཅུས་ཕྲེང་རིང་པོ་ཞིག་ལ་གོ