Search:
TermEnglish DefinitionTibetan Definition
forearm ལག་ངར། biol.
forced vibration སྐུལ་འདར། phys. Vibration of an object caused by the vibrations of a nearby object. The sounding board in a musical instrument amplifies the sound through forced vibration. ཉེ་འགྲམ་གྱི་དངོས་པོ་གཞན་ཞིག་གི་འདར་འགུལ་ལ་བརྟེན་ནས་དངོས་པོ་ཞིག་ལ་བྱུང་བའི་འདར་འགུལ། རོལ་ཆའི་ནང་གི་སྒྲ་པང་གིས་སྐུལ་འདར་ལ་བརྟེན་ནས་སྒྲ་ཇེ་ཆེར་གཏོང་གི་ཡོད།
force pair ཤུགས་ཟུང་། ཤུགས་ཆ་གཅིག phys.
force of repulsion བཟློག་ཤུགས། phys. The force that causes particles or bodies to repel one another, as from having the same electric charge or magnetic polarity. གློག་ཁུར་རམ་ཁབ་ལེན་གྱི་སྣེ་མོ་མཚུངས་བ་གཉིས་ཀྱིས་ཕན་ཚུན་འབུད་རྒྱག་གཏོང་བ་དང་མཚུངས་བར་རྡུལ་ལམ་དངོས་པོ་ཕན་ཚུན་འབུད་རེས་བྱེད་པའི་ཤུགས་ལ་གོ
force of impact བརྡབ་ཤུགས། phys. The force between two bodies during impact. དངོས་པོ་གཉིས་གདོང་ཐུག་རྒྱག་པའི་སྐབས་སུ་དེ་གཉིས་ཀྱི་དབར་དུ་ཡོད་པའི་ཤུགས།
force multiplier ཤུགས་ལྡབ་སྤེལ་བྱེད། phys. Machine designed to multiply a small effort in order to move a larger load. The ratio by which a machine multiplies the effort is called its mechanical advantage. Examples of a force multiplier include crowbar, wheelbarrow, nutcrackers, and bottle opener. རྩོལ་བ་ཆུང་ཆུང་ཞིག་ལྡབ་ཀྱིས་ཇེ་ཆེར་བཏང་སྟེ་དོ་པོ་ཆེན་པོ་ཞིག་སྒུལ་བའི་ཕྱིར་དུ་འཆར་འགོད་བྱས་པའི་འཕྲུལ་ཆས་ཤིག འཕྲུལ་ཆས་དེས་རྩོལ་བ་དེ་ཅི་ཙམ་གྱིས་ཇེ་ཆེར་བཏང་བའི་བསྡུར་ཚད་དེ་ལ་འཕྲུལ་ལས་ཀྱི་ཁེ་ཕན་ཟེར། ཤུགས་ལྡབ་སྤེལ་བྱེད་ཀྱི་དཔེ་མཚོན་ནི། ལྕགས་ཧྲེང་དང་། ལག་འདྲུད་འཁོར་ལོ། སྟར་སྐམ། ཤེལ་དམ་གྱི་ཁ་འབྱེད་ཆས་ལྟ་བུ་ཡིན་ནོ།
force field ཤུགས་ར། phys. That which exists in the space surrounding a mass, electric charge, or magnet, so that another mass, electric charge, or magnet introduced into this region will experience a force. Examples of force fields are gravitational fields, electric fields, and magnetic fields. གདོས་ཚད་ཅིག་གམ། གློག་ཁུར་ཞིག ཡང་ན། ཁབ་ལེན་ཞིག་གི་མཐའ་རུ་ཡོད་པའི་ཆོས་ཏེ། འདི་ཡོད་པ་ལ་བརྟེན་ནས་མངའ་ཁོངས་དེ་རུ་བཞག་པའི་གདོས་ཚད་གཞན་ཞིག་གམ། གློག་ཁུར་གཞན་ཞིག ཡང་ན། ཁབ་ལེན་གཞན་ཞིག་གིས་ཤུགས་ཤིག་ཚོར་གྱི་ཡོད། ཤུགས་རའི་དཔེ་མཚོན་ནི། འཐེན་ཤུགས་ཀྱི་ར་བ་དང་། གློག་ར། ཁབ་ལེན་ར་བ་བཅས་ཡིན།
force carrier ཤུགས་ཐེག་རྡུལ། phys.
force ཤུགས། phys. Any influence that tends to accelerate an object; a push or pull; measured in newtons. Force is a vector quantity. བརྩི་གཞི་ནེའུ་ཊོན་དུ་ཚད་འཇལ་ཞིང་འབུད་འཐེན་གང་རུང་ལ་བརྟེན་ནས་དངོས་པོ་ཞིག་ལ་མྱུར་སྣོན་འབྱུང་བར་བྱེད་པའི་ཤུགས་རྐྱེན་གང་རུང་རུང་ཞིག་ལ་གོ། ཤུགས་ནི་ཕྱོགས་ལྡན་གྲངས་འབོར་ཞིག་ཡིན།
food-depleted area ཟས་ཕོངས་ས་ཁུལ། biol.
food web ཟས་དྲ། biol. A system of interlocking and interdependent food chains. ལུ་གུ་རྒྱུད་དུ་སྦྲེལ་ཞིང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པའི་ཟས་ཕྲེང་གི་མ་ལག་ཅིག
food system ཟས་ཀྱི་རྒྱུད་རིམ། biol.
food pyramid ཟས་ཕུང་གནས་རིམ། biol. Triangular graph of the food web in a given ecological community, with producers represented at the lowest trophic levels and consumers at the higher levels. Aka ecological pyramid. སྣོད་བཅུད་ཀྱི་ཚོགས་སྡེ་བྱེ་བྲག་པ་ཞིག་གི་ཟས་དྲའི་བཀོད་རིས་ཟུར་གསུམ་ཅན་དེ་ལ་གོ་ཞིང་། ཐོན་སྐྱེད་བྱེད་པོ་ནི་འོག་རིམ་དང་ཉེར་སྤྱོད་པ་ནི་སྟེང་རིམ་དུ་བཀོད་ཡོད་པ་དང་། འདི་ལ་སྣོད་བཅུད་གནས་རིམ་ཡང་ཟེར།
food irradiation ཟས་སྲུང་འགྱེད་སྤྲོ། phys. The process of treating food with any of various types of radiation; specifically the exposure of food to ionizing radiation as a method of destroying microorganisms and insects, prolonging shelf life. འགྱེད་འཕྲོའི་རིགས་སྣ་ཚོགས་པ་སྤྱད་དེ་ཟ་མ་ཇེ་ལེགས་སུ་གཏོང་བའི་རྒྱུད་རིམ་ལ་གོ་ཞིང་། ལྷག་པར་དུ། འབུ་ཕྲ་དང་འབུ་སྲིན་མེད་པར་བཟོ་བའི་ཐབས་སུ་གྱེས་རྡུལ་སྐྲུན་མཁན་གྱི་འགྱེད་འཕྲོའི་ནང་དུ་ཟ་མ་ལྡེ་བ་འདི་ཡིས་ཟ་མའི་བང་ཁྲི་སྟེང་གི་ཚོ་ཡུན་ཇེ་རིང་དུ་གཏོང་གི་ཡོད། [འགྱེད་འཕྲོ་ཕོག་ཏུ་བཅུག་པ་ལ་བརྟེན་ནས་ནས་ཟས་སྲུང་བ་སྟེ་ཟས་རྒྱུན་རིང་ལ་འཕྲོ་བརླག་ཏུ་འགྲོ་རུ་མི་འཇུག་པ།]
food chain ཟས་ཕྲེང། biol. The transfer of energy through various stages as a result of the feeding patterns of a series of organisms. A typical food chain begins with green plants that derive their energy from sunlight, then continues with organisms that eat these plants, then other organisms that consume the plant-eating organisms, then decomposers that break down the dead bodies of those organisms so that they can be used as soil nutrients by plants, and so on as the chain continues. སྐྱེ་དངོས་ཀྱིས་ཟས་ཟ་བའི་རྣམ་པ་གཞི་ལ་བཞག་སྟེ་སྐྱེ་དངོས་ཀྱི་སྡེ་ཚན་སྣ་ཚོགས་པའི་ནང་དུ་ནུས་པ་རྒྱུད་སྤེལ་བྱེད་པ་དེར་གོ་བ་དང་། སྤྱིར་བཏང་གི་ཟས་ཕྲེང་ཞིག་ནི་ཉི་འོད་ནས་ནུས་པ་ལེན་མཁན་གྱི་རྩི་ཤིང་ལྗང་ཁུ་ནས་འགོ་བཙུགས་ཏེ། རྩི་ཤིང་ཟ་མཁན་གྱི་སྐྱེ་དངོས་དང། དེ་ནས་རྩི་ཤིང་ཟ་མཁན་གྱི་སྐྱེ་དངོས་དེ་ཟ་མཁན་གྱི་སྐྱེ་དངོས་གཞན། དེ་ནས་སྐྱེ་དངོས་དེ་དག་གི་རོ་རྣམས་དུམ་བར་བཏང་སྟེ་རུལ་དུ་འཇུག་མཁན་གྱི་ཞིག་བྱེད་སྐྱེ་དངོས་བཅས་ཚུད་ཡོད་པ་དང་། རུལ་ནས་ལྷག་མ་རྣམས་སླར་ཡང་རྩི་ཤིང་གིས་ས་ཡི་བཅུད་ལྟ་བུར་བེད་སྤྱོད་བྱེད་པ་ལ་སོགས་པ་རིམ་གྱིས་བྱུང་སྟེ་ཟས་ཕྲེང་འདི་རྒྱུན་མཐུད་དེ་འབྱུང་བ་ཡིན།