Search:
TermEnglish DefinitionTibetan Definition
graphic organizer བསམ་རིས་འགོད་ཐབས། འཆར་འགོད་དཔེ་རིས། Pedagog. [བསམ་བློའི་འདོད་ཚུལ་སོགས་དཔེ་རིས་སུ་འགོད་ཐབས།]
graph paper ཐིག་རིས་བྲིས་ཤོག phys. Paper ruled usually into small squares of equal size for use in drawing charts, graphs, or diagrams. རེའུ་མིག་གམ། ཐིག་རིས། ཡང་ན་དཔེ་རིས་འབྲི་བའི་ཆེད་དུ་ཆེ་ཆུང་མཚུངས་པའི་གྲུ་བཞི་ཁ་གང་མ་ཆུང་ཆུང་མང་པོའི་སྐྱ་ཐིག་ཕབ་ཡོད་པའི་ཤོག་བུ།
graph ཐིག་རིས། math. A diagram that illustrates the relationship between two variables. It usually consists of two perpendicular axes, calibrated in the units of the variables and crossing at a point called the origin. འགྱུར་གྲངས་གཉིས་དབར་གྱི་འབྲེལ་བ་མཚོན་པར་བྱེད་པའི་རིས་དབྱིབས་ཤིག རིས་དབྱིབས་འདི་ནི་འགྱུར་གྲངས་ཀྱི་བརྩི་གཞི་གཞི་བཞག་སྟེ་ཚད་གཞི་བཀོད་པའི་ཕན་ཚུན་དྲང་འཕྱང་ཡིན་པའི་གཙོ་ཐིག་གཉིས་ཀྱིས་གྲུབ་ཅིང་། གཙོ་ཐིག་དེ་གཉིས་རྩ་བའམ་ལྟེ་བར་འབོད་པའི་ཚེག་ཅིག་གི་སྟེང་དུ་སྣོལ་ཡོད།
granulocyte ཟེགས་ལྡན་ཁྲག་ཕུང། biol. Any of several kinds of white blood cells that contain granular material in the cytoplasm and are important in the body’s defense against infection. Granulocytes are the most numerous of the white blood cells in humans. གཉན་ཁ་འགོག་པར་གལ་ཆེན་ཡིན་ཞིང་།ཕྲ་ཚིའི་ནང་དུ་ཟེགས་མ་ལྟ་བུའི་དངོས་རྫས་ཡོད་པའི་ཁྲག་དཀར་ཕྲ་ཕུང་གི་རིགས་གང་རུང་རུང་ཞིག་ལ་གོ། ཟེགས་ལྡན་ཁྲག་ཕུང་ནི་མིའི་ལུས་པོའི་ནང་གི་ཁྲག་དཀར་ཕྲ་ཕུང་མང་ཤོས་དེ་ཡིན།
granule cell ཟེགས་ཆུང་ཕྲ་ཕུང། neurosci. A neuron with a very small cell body. ཕྲ་ཕུང་གི་ལུས་ཧ་ཅང་ཆུང་ཆུང་ཡིན་པའི་དབང་རྩ་ཕྲ་གཟུགས་ཤིག
granule ཟེགས་ཆུང་། phys.
granular cell ཟླུམ་ཟེགས་ཕྲ་ཕུང། biol.
Grand Unified Theory (GUT) གཅིག་སྡུད་ཆེན་པོའི་རྣམ་གཞག phys. A theory attempting to give a single explanation of the strong, weak, and electromagnetic interactions between subatomic particles. ཕྲ་རྡུལ་དབར་གྱི་དྲག་ཤུགས་དང་། ཞན་ཤུགས། གློག་ཁབ་ལེན་གྱི་ཤུགས་བཅས་ལ་འགྲེལ་བཤད་རྐང་གཅིག་གིས་འཐུས་པར་འབད་མཁན་གྱི་རྣམ་གཞག་ཅིག
grand unified force གཅིག་སྡུད་ཆེན་པོའི་ཤུགས། phys.
grana ལྗང་ཆུན། biol. Any of the membrane layers in a chloroplast ལྗང་རྫས་དབང་ཕྲའི་ནང་གི་སྐྱི་མོའི་རིམ་པ་གང་རུང་ལ་གོ
gram-positive bacteria གྷར་ཚོས་ལེན་པའི་སྲིན་བུ། biol.
gram-negative bacteria གྷར་ཚོས་མི་ལེན་པའི་སྲིན་བུ། biol.
gram (g) གྷ་རམ། phys. A metric unit of mass. It is one-thousandth of a kilogram. བཅུ་ལུགས་ཀྱི་གདོས་ཚད་ཀྱི་བརྩི་གཞི་ཞིག འདི་ནི་ཀི་ལོ་གྷ་རམ་གཅིག་གི་སྟོང་ཆའི་གཅིག་ཡིན།
gradualism རིམ་འགྱུར་རིང་ལུགས། biol. The view that evolution proceeds by imperceptibly small, cumulative steps over long periods of time rather than by abrupt, major changes. འཕེལ་འགྱུར་ནི་གློ་བུར་དུ་འགྱུར་བ་ཆེན་པོ་ཐེབས་ནས་བྱུང་བ་མིན་པར། དུས་ཡུན་རིང་པོའི་ནང་ལ་ཧ་ཅང་ཆུང་བའི་འགྱུར་བ་རིམ་གྱིས་གསོག་སྟེ་བྱུང་བར་བརྗོད་པའི་འདོད་ཚུལ་ཞིག
gradient གཟར་ཚད། phys. An increase or decrease in the magnitude of a property (e.g. temperature, pressure, or concentration) observed in passing from one point or moment to another. གནས་སམ་གནས་སྐབས་གཅིག་ནས་གཞན་དུ་བགྲོད་པའི་སྐབས་སུ་བྱུང་བའི་ཁྱད་ཆོས་ (དཔེར་ན། དྲོད་ཚད་དམ། གནོན་ཤུགས། འདུས་ཚད། ལྟ་བུ།) ཤིག་གི་འབོར་ཚད་ཀྱི་འགྱུར་ལྡོག་ལ་གོ