Search:
TermEnglish DefinitionTibetan Definition
gravitational potential energy འཐེན་ཤུགས་ཀྱི་གནས་ལྟོས་ནུས་པ། phys. Energy associated with a gravitational field, which on Earth results from the gravitational interaction of a body and Earth Potential energy (PE) then equals mass (m) times the acceleration due to gravity (g) times height (h) from a reference level such as Earth’s surface. PE=mgh འཐེན་ཤུགས་ར་བ་ལ་བརྟེན་ནས་བྱུང་བའི་ནུས་པ་སྟེ། སའི་གོ་ལའི་སྟེང་དུ་དངོས་གཟུགས་ཤིག་དང་སའི་གོ་ལའི་གནས་ལྟོས་ནུས་པ་ (PE) གཉིས་དབར་གྱི་སྦྲེལ་སྦྱོར་ལ་བརྟེན་ནས་བྱུང་ཞིང་། གདོས་ཚད་(m) དང་། འཐེན་ཤུགས་ལ་བརྟེན་པའི་མྱུར་སྣོན་ (g)། སའི་གོ་ལའི་སྟེང་གི་ཚད་འཇོག་ས་ཞིག་ནས་བརྩིས་པའི་མཐོ་ཚད་ (h) བཅས་ཀྱི་བསྒྱུར་ཐོབ་དང་མཚུངས་སོ། PE=mgh
gravitational lensing འཐེན་ཤུགས་འོད་འཁྱོག phys. The redirection or bending of light rays traveling in the gravitational field of an object, predicted by the general theory of relativity and commonly observed near massive objects like the sun, other stars, and distant galaxies. དངོས་པོ་ཞིག་གི་འཐེན་ཤུགས་ཀྱི་ར་བའི་ནང་ནས་འོད་ཟེར་བགྲོད་སྐབས་འོད་ཟེར་གྱི་ཁ་ཕྱོགས་ལ་འགྱུར་བ་འགྲོ་བའམ་འོད་ཟེར་འཁྱོག་འགྲོ་བ་དེ་ལ་གོ་ཞིང་། སྤྱི་ཁྱབ་ལྟོས་གྲུབ་རྣམ་གཞག་གིས་ཚོད་དཔག་བྱས་ཡོད་པ་དང་། ཉི་མ་དང་། སྐར་མ་གཞན། ཐག་རིང་བའི་དགུ་ཚིགས་ལྟ་བུའི་བོངས་ཚད་ཆེ་བའི་དངོས་པོའི་མཐའ་རུ་འཆར་ཅན་དུ་མངོན་གྱི་ཡོད།
gravitational lens འཐེན་ཤུགས་ཀྱི་དྭངས་ཤེལ། phys.
gravitational interaction འཐེན་ཤུགས་ཀྱི་སྦྲེལ་སྦྱོར། phys. The gravitational interaction, some 1040 times weaker than the electromagnetic interaction, is the weakest of all. The force that it generates acts between all bodies that have mass and the force is always attractive. གློག་ཁབ་ལེན་གྱི་སྦྲེལ་སྦྱོར་ལས་ལྡབ་ 1040 ཡིས་ཆུང་བའི་འཐེན་ཤུགས་སྦྲེལ་སྦྱོར་ནི་སྦྲེལ་སྦྱོར་བཞི་ལས་ཞན་ཤོས་དེ་ཡིན། སྦྲེལ་སྦྱོར་འདི་ཡིས་བསྐྲུན་པའི་ཤུགས་ཀྱིས་གདོས་ཚད་ཡོད་པའི་དངོས་པོའི་དབར་དུ་ནུས་པ་འདོན་པར་བྱེད་ལ། ཤུགས་དེ་ནི་རྟག་ཏུ་འཐེན་པའི་རང་བཞིན་ཅན་ཡིན།
gravitational force འཐེན་ཤུགས། phys. The force of attraction between all masses in the universe; especially the attraction of the earth's mass for bodies near its surface འཇིག་རྟེན་ཁམས་སུ་ཡོད་པའི་བོངས་ཚད་ཅན་གྱི་དངོས་པོ་ཚང་མའི་དབར་དུ་ཡོད་པའི་འགུག་ཤུགས། ལྷག་པར་དུ་སའི་གོ་ལའི་ཕྱི་ངོས་དང་ཐག་ཉེ་སར་ཡོད་པའི་དངོས་པོའི་སྟེང་དུ་ཕོག་པའི་སའི་གོ་ལའི་འཐེན་ཤུགས།
gravitational field སའི་འཐེན་ཤུགས་ར་བ། phys. Force field that exists in the space around every mass or group of masses; measured in newtons per kilogram. གདོས་ཚད་ཅིག་གམ་གདོས་ཚད་ཀྱི་འདུས་ཚོགས་ཤིག་གི་མཐའ་འཁོར་གྱི་བར་སྣང་དུ་ཡོད་པའི་ཤུགས་ར་ཡིན་ཞིང་ཀི་ལོ་གྷ་རམ་རེ་ལ་ནེའུ་ཊོན་ག་ཚོད་ཡོད་མེད་ཀྱི་བརྩི་གཞི་རུ་ཚད་འཇལ་བྱེད།
gravitational collapse འཐེན་ཤུགས་རྡིབ་རུབ། phys. A phenomenon predicted by the general theory of relativity in which matter compressed beyond a critical density collapses as a consequence of gravitational attraction until it becomes a point singularity. The singularity resulting from gravitational collapse can interpreted as indicating both the limits of the theory of general relativity and the necessity of constructing quantum gravity. འཐེན་ཤུགས་ལ་བརྟེན་ནས་བེམ་གཟུགས་ཤིག་ཉེར་མཁོའི་སྟུག་ཚད་ལས་བརྒལ་ཏེ་བཙིར་བ་ཡིན་ན་བེམ་གཟུགས་དེ་ཚེག་ལྟ་བའི་ཁེར་རྐྱང་རང་བཞིན་དུ་མ་གྱུར་དབར་དུ་རྡིབ་འགྲོ་བར་འདོད་པའི་སྤྱིར་བཏང་ལྟོས་གྲུབ་རྣམ་གཞག་གི་དཔག་ཚུལ་ཞིག འཐེན་ཤུགས་རྡིབ་རུབ་ལས་བྱུང་བའི་ཁེར་རྐྱང་རང་བཞིན་གྱིས་སྤྱིར་བཏང་ལྟོས་གྲུབ་རྣམ་གཞག་གི་བཅད་མཚམས་དང་ཚད་རྡུལ་འཐེན་ཤུགས་ཀྱི་ལྟ་ཚུལ་བཟོ་བའི་གལ་གནད་མཚོན་པར་ངོས་འཛིན་བྱས་ཆོག
gravitation སའི་འཐེན་ཤུགས། phys. Attraction between objects due to mass. གདོས་ཚད་ལ་བརྟེན་ནས་དངོས་པོའི་དབར་དུ་ཡོད་པའི་འགུག་ཤུགས།
gravitate འཐེན་འགུལ། phys. Move, or tend to move, towards a centre of gravity or other attractive force. འཐེན་ཤུགས་ཀྱི་ལྟེ་བ་ཞིག་གམ་འགུག་ཤུགས་གཞན་གྱི་ཁ་ཕྱོགས་སུ་འགུལ་བའམ་འགུལ་བར་ཕྱོགས་པ།
gratification ཚིམས་སྣང་། SEE Learning
graphic organizer བསམ་རིས་འགོད་ཐབས། འཆར་འགོད་དཔེ་རིས། Pedagog. [བསམ་བློའི་འདོད་ཚུལ་སོགས་དཔེ་རིས་སུ་འགོད་ཐབས།]
graph paper ཐིག་རིས་བྲིས་ཤོག phys. Paper ruled usually into small squares of equal size for use in drawing charts, graphs, or diagrams. རེའུ་མིག་གམ། ཐིག་རིས། ཡང་ན་དཔེ་རིས་འབྲི་བའི་ཆེད་དུ་ཆེ་ཆུང་མཚུངས་པའི་གྲུ་བཞི་ཁ་གང་མ་ཆུང་ཆུང་མང་པོའི་སྐྱ་ཐིག་ཕབ་ཡོད་པའི་ཤོག་བུ།
graph ཐིག་རིས། math. A diagram that illustrates the relationship between two variables. It usually consists of two perpendicular axes, calibrated in the units of the variables and crossing at a point called the origin. འགྱུར་གྲངས་གཉིས་དབར་གྱི་འབྲེལ་བ་མཚོན་པར་བྱེད་པའི་རིས་དབྱིབས་ཤིག རིས་དབྱིབས་འདི་ནི་འགྱུར་གྲངས་ཀྱི་བརྩི་གཞི་གཞི་བཞག་སྟེ་ཚད་གཞི་བཀོད་པའི་ཕན་ཚུན་དྲང་འཕྱང་ཡིན་པའི་གཙོ་ཐིག་གཉིས་ཀྱིས་གྲུབ་ཅིང་། གཙོ་ཐིག་དེ་གཉིས་རྩ་བའམ་ལྟེ་བར་འབོད་པའི་ཚེག་ཅིག་གི་སྟེང་དུ་སྣོལ་ཡོད།
granulocyte ཟེགས་ལྡན་ཁྲག་ཕུང། biol. Any of several kinds of white blood cells that contain granular material in the cytoplasm and are important in the body’s defense against infection. Granulocytes are the most numerous of the white blood cells in humans. གཉན་ཁ་འགོག་པར་གལ་ཆེན་ཡིན་ཞིང་།ཕྲ་ཚིའི་ནང་དུ་ཟེགས་མ་ལྟ་བུའི་དངོས་རྫས་ཡོད་པའི་ཁྲག་དཀར་ཕྲ་ཕུང་གི་རིགས་གང་རུང་རུང་ཞིག་ལ་གོ། ཟེགས་ལྡན་ཁྲག་ཕུང་ནི་མིའི་ལུས་པོའི་ནང་གི་ཁྲག་དཀར་ཕྲ་ཕུང་མང་ཤོས་དེ་ཡིན།
granule cell ཟེགས་ཆུང་ཕྲ་ཕུང། neurosci. A neuron with a very small cell body. ཕྲ་ཕུང་གི་ལུས་ཧ་ཅང་ཆུང་ཆུང་ཡིན་པའི་དབང་རྩ་ཕྲ་གཟུགས་ཤིག