Search:
TermEnglish DefinitionTibetan Definition
golf player སྒོལ་རྩེད་པ། sport.
golf club སྒོལ་རྒྱུག sport.
golf སྒོལ་རྩེད། sport.
goiter ལྦ་བ། སྦ་བ། biol. An endocrine gland in vertebrates, located in the neck region, which produces thyroid hormones including thyroxine. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་མཇིང་པའི་ཁུལ་དུ་ཡོད་པའི་ནང་རྨེན་རྨེན་བུ་ཞིག་ལ་གོ་ཞིང་། ཐཡི་རོ་ཛིན་ལ་སོགས་པའི་ཨོལ་མདུད་རྨེན་རྫས་ཐོན་སྐྱེད།
Goblet cell ཕོར་དབྱིབས་ཕྲ་ཕུང་། biol.
Goal-oriented planning དམིགས་གཙོའི་འཆར་འགོད། neurosci. [དམིགས་ཡུལ་གཙོ་བཟུང་གི་འཆར་འགོད།]
goal-directed behavior དམིགས་གཏད་སྤྱོད་ལམ། (དམིགས་ཡུལ་ལ་གཏད་པའི་སྤྱོད་ལམ།) neurosci.
go-signal སོང་བརྡ།
glymphatic system འབྱར་ཆུ་མ་ལག། (འབྱར་སྐྱི་དང་ཆུ་སེར་གྱི་མ་ལག) neurosci.
glycosidic མངར་བཅས་ཀྱི། biol.
glycoprotein མངར་བཅས་སྤྲི་རྫས། biol. A molecule consisting of a protein unit complexed with a carbohydrate. Glycoproteins form important structural and functional components of plasma membranes. སྤྲི་རྫས་ཤིག་ཁར་སྦོ་མངར་རྫས་དང་སྡེབ་ནས་གྲུབ་པའི་འདུས་རྡུལ་ཞིག་ལ་གོ་ཞིང་། མངར་བཅས་སྤྲི་རྫས་ནི་ཆུ་སེར་སྐྱི་མོའི་བཀོད་པ་དང་བྱེད་ལས་གཉིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
glycolysis མངར་རྫས་ཞིག་འགྱུར། biol. The process in cell metabolism by which glucose is broken down in a series of steps, producing ATP and pyruvic acid. བསྟར་ཆགས་ཀྱི་རྒྱུད་རིམ་ཞིག་ལ་བརྟེན་ནས་སྒུལ་མངར་དེ་ཞིབ་ཞིབ་བཏང་སྟེ་ཨེ་ཊི་པི་དང་པེ་རུ་ཝིག་སྐྱུར་རྫས་སྐྲུན་པར་བྱེད་པའི་ཕྲ་ཕུང་ནུས་འགྱུར་གྱི་བྱེད་རིམ་ཞིག
glycolipid མངར་བཅས་ལི་ཚིལ། biol. A lipid that contains one or more carbohydrate groups. ཁར་སྦོ་མངར་རྫས་ཀྱི་སྡེ་གཅིག་གམ་ཁ་ཤས་དང་ལྡན་པའི་ལི་ཚིལ་ཞིག་ལ་ཟེར།
glycogen མངར་སྐྱེད། chem. A carbohydrate stored in the liver and muscles of animals that is converted to glucose for energy when glucose levels in the blood are low or when the muscles need fuel. སྲོག་ཆགས་ཀྱི་མཆིན་པ་དང་ཤ་སྒྲིམ་གྱི་ནང་དུ་གསོག་འཇོག་བྱས་ནས་ཡོད་པའི་ཁར་སྦོ་མངར་རྫས་ཤིག་ལ་ཟེར། ཁྲག་གི་ནང་དུ་སྒུལ་མངར་གྱི་ཚད་རིམ་དམའ་པོ་ཡོད་པའི་སྐབས་སམ། ཤ་གནད་སྒྲིམ་པ་ལ་བུད་རྫས་དགོས་བའི་སྐབས་སུ་སྒུལ་མངར་ལ་བརྗེ་སྒྱུར་བྱས་ཏེ་ནུས་པ་མཁོ་སྤྲོད་བྱེད།
glycine གྷི་ལི་སིན། chem. NH2CH2COOH The simplest amino acid. It can be made from bromoethanoic acid using the Gabriel synthesis. NH2CH2COOH. ཨེ་མི་ནོ་སྐྱུར་རྫས་སྟབས་བདེ་ཤོས་དེ་ཡིན་པ་དང་། གྷེབ་རིལ་སྡེབ་སྦྱོར་ཐབས་ལམ་ལྟར་སྦོ་རོ་མོ་ཨི་ཐེ་ནོ་སྐྱུར་རྫས་ནས་བཟོ་ཐུབ་པ་ཡིན།