Search:
TermEnglish DefinitionTibetan Definition
glycerol གྷི་ལི་སི་རོལ། chem. A sweet, syrupy liquid obtained from animal fats and oils or by the fermentation of glucose. It is used as a solvent, sweetener, and antifreeze and in making explosives and soaps. སེམས་ཅན་གྱི་ཚིལ་ཞག་དང་སྣུམ་ནས་བླངས་པའམ། ཡང་ན་སྒུ་ལུ་མངར་རྫས་ཀྱི་ཕབས་སྦྱོར་ལས་བྱུང་བའི་བུར་ཁུ་འདྲ་བའི་གཤེར་གཟུགས་མངར་མོ་ཞིག འདི་ནི་བཞུ་བྱེད་དང། མངར་རྫས། འཁྱག་འགོག་བཅས་སུ་སྤྱོད་ལ། འགལ་རྫས་དང་འདག་རྫས་བཟོ་བར་ཡང་སྤྱོད།
glycerin གྷི་ལི་སི་རིན། biol. Glycerol or a preparation of glycerol. གྷི་ལི་སི་རོལ་ལམ་གྷི་ལི་སི་རོལ་གྱིས་བཟོས་པ་ཞིག
glyceride གྷི་ལི་སི་ར་ཡི་ཌི། biol. An ester formed between one or more fatty acids and glycerol. Glycerides are found in plant oils and animal fats. གྷི་ལི་སི་རོལ་དང་ཚིལ་ལྡན་སྐྱུར་གཅིག་གམ་དུ་མ་ལྷན་དུ་སྡེབ་པ་ལས་གྲུབ་པའི་སྐྱུར་ཚིལ་ཞིག་ལ་གོ་ཞིང་། རྩི་ཤིང་གི་སྣུམ་དང་སྲོག་ཆགས་ཀྱི་ཚིལ་ནང་དུ་ཡོད།
glyceraldehyde phosphate dehydrogenase གྷི་ལི་སེར་ཨལ་ཌི་ཧ་ཡི་ཊི་ ཕོ་སི་ཕེཊ་ ཌི་ཧ་ཡེ་ཌོ་རྗེན་སྨིན་རྫས། chem.
glyceraldehyde 3-phosphate གྷི་ལི་སི་རལ་ཊི་ཧཊ་ ༣-ཕོ་སི་ཕེཊ། chem.
glyceraldehyde གྷི་ལ་ཡི་སི་རལ་ཌི་ཧ་ཡིཌ། biol.
glutaminergic གུ་ལུ་ཊ་མིན་ནེར་རྗིག། chem.
glutamic acid གུ་ལུ་སྐྱུར། chem. An acidic amino acid which is a constituent of many proteins. སྤྲི་རྫས་མང་པོའི་ནང་དུ་ཡོད་པའི་ཨེ་མི་ནོ་སྐྱུར་རྫས་ཤིག
glutamatergic cells གུ་ལུ་ཊ་མེ་བཀོལ་བའི་ཕྲ་ཕུང། biol.
glutamate receptor སྒུ་ལུ་ཊ་མེ་སྣེ་ལེན་པ། neurosci.
glutamate གུ་ལུ་ཊ་མེཊ། chem. An amino acid that functions as an excitatory neurotransmitter. It is the most common of neurotransmitters and is found in virtually half of all neural tissue. སྐུལ་བྱེད་དབང་རྩ་འཕྲིན་པའི་བྱེད་ལས་སྤེལ་མཁན་གྱི་ཨེ་མི་ནོ་སྐྱུར་རྫས་ཤིག འདི་ནི་དབང་རྩ་འཕྲིན་པ་འབེལ་ཤོས་དེ་ཡིན་ལ་དབང་རྩའི་ཕུང་གྲུབ་བརྒྱ་ཆ་ལྔ་བཅུ་ཙམ་གྱི་ནང་དུ་ཡོད་པ་ཡིན།
gluon རྒུལ་ཨོན་རྡུལ། phys. The strong force is now thought to be mediated by exchange of particles carrying color charge called gluons. ད་ལྟའི་ཆར། ཚོས་ལྡན་གློག་ཁུར་འཁྱེར་མཁན་གྱི་རྡུལ་ཏེ་རྒུལ་ཨོན་རྡུལ་བརྗེ་རེས་བྱེད་པ་ལ་བརྟེན་ནས་དྲག་ཤུགས་འབྱུང་བར་འདོད།
glue molecule འབྱར་བག་འདུས་རྡུལ། biol.
glucose monomer གུལ་མངར་རྐྱང་གཟུགས། biol.
glucose གུལ་མངར། གུ་ལུ་མངར་རྫས། མངར་བཅུད། biol. Is a simple sugar and is an important source of energy for the body — and the main source of energy for the brain. སྒུ་ལུ་མངར་རྫས་ནི་སྟབས་བདེའི་ཀ་ར་ཞིག་ཡིན་ཞིང་ང་ཚོའི་ལུས་པོ་ལ་མཁོ་བའི་ནུས་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང། ཀླད་པའི་ནུས་པའི་འབྱུང་ཁུངས་གཙོ་བོ་དེ་ཡང་རེད།