| giardiasis རྗ་ཌི་གཉན་ཚད། | biol. Intestinal infection with giardia, which can cause abdominal cramps, diarrhea, or nausea in humans. | རྗ་ཌི་ཡིས་སྐྱེད་པའི་རྒྱུ་མའི་གཉན་ཁ་ཞིག་ལ་གོ་ཞིང་། མིའི་ལྟོ་བའི་ཁུལ་དུ་རྩ་འཆུས་འབྱུང་བའམ། བཤལ་ནད་འབྱུང་བ། ཡང་ན། སྐྱུག་མེར་ལངས་བའི་རྐྱེན་བྱེད། |
| giants སྐར་ཆེན། | phys. A star of relatively great size and luminosity compared to ordinary stars of the main sequence, and 10–100 times the diameter of the sun. | གཙོ་རིམ་སྐར་མ་དཀྱུས་མ་ཁག་དང་བསྡུར་ན་བོངས་ཚད་དང་བཀྲག་མདངས་གཉིས་ཀ་ཆེ་བའི་སྐར་མ་ལ་གོ་ཞིང་། ཉི་མའི་ཚངས་ཐིག་ལས་ལྡབ་ 10 ནས་ 100 ཡིས་ཆེ་བ་ཡོད། |
| giant star སྐར་ཆེན། | phys. | |
| giant molecular cloud འདུས་རྡུལ་སྤྲིན་ཆེན། | phys. | |
| GI Bill རྗི་ཨཻ་ཁྲིམས་འཆར། (གཞུང་གནང་ཁྲིམས་འཆར་།) | | |
| Ghrelin རྨེན་རྫས་གྷི་རེ་ལིན། | biol. | |
| geyser གནམ་འཐོར་ཆུ་ཚན། | phys. A hot spring in which water intermittently boils, sending a tall column of water and steam into the air. | བར་མཚམས་ཡོད་པའི་སྒོ་ནས་ཆུ་འཁོལ་རྗེས་རླུང་ཁམས་སུ་ཆུ་དང་རླངས་པ་གཉིས་གཏོར་བར་བྱེད་པའི་ཆུ་ཚན་ཞིག |
| Gestation མངལ་གྱི་གནས་སྐབས། | biol. | |
| germline mutation སོན་ཐིག་འགྱུར་ལྡོག | biol. A gene change in a body's reproductive cell (egg or sperm) that becomes incorporated into the DNA of every cell in the body of the offspring. Germline mutations are passed on from parents to offspring. Also called hereditary mutation. | ལུས་པོའི་སྐྱེད་འཕེལ་རིགས་རྫས་ (ཁམས་དཀར་དམར་གང་རུང་) ལ་བྱུང་བའི་འགྱུར་བ་ཞིག་སྟེ། འགྱུར་བ་དེ་རིགས་རྒྱུད་ཕྱི་མའི་ཕྲ་ཕུང་ཐམས་ཅད་ཀྱི་ཌི་ཨེན་ཨེ་དང་མཉམ་སྡེབ་བྱེད་པ་ཡིན། སོན་ཐིག་འགྱུར་ལྡོག་ནི་ཕ་མ་ནས་བུ་ཕྲུག་ལ་བརྒྱུད་གཏོང་བྱེད་ཅིང་འདི་ལ་རྒྱུད་འདེད་ཀྱི་འགྱུར་ལྡོག་ཀྱང་ཟེར། |
| germline DNA སོན་ཐིག་ཌི་ཨེན་ཨེ། | biol. The DNA in germ cells. Germline DNA is the source of DNA for all other cells in the body. Also called constitutional DNA. | ས་བོན་ཕྲ་ཕུང་དུ་ཡོད་པའི་ཌི་ཨེན་ཨེ། སོན་ཐིག་ཌི་ཨེན་ཨེ་ནི་ལུས་པོའི་ནང་གི་ཕྲ་ཕུང་གཞན་ཀུན་གྱི་ཌི་ཨེན་ཨེའི་འབྱུང་ཁུངས་ཡིན། གྲུབ་ཆའི་ཌི་ཨེན་ཨེ་ཞེས་ཀྱང་བརྗོད། |
| germination མྱུ་གུ་འབུས་པ། | biol. The beginning of growth, as of a seed, spore, or bud. The germination of most seeds and spores occurs in response to warmth and water. | ས་བོན་ནམ། སོན་ཐིག ཡང་ན་ཐེའུ་ཡི་ཐོག་མའི་འཚར་འཕེལ་ལ་གོ ས་བོན་དང་སོན་ཐིག་ཕལ་ཆེ་བ་དྲོད་དང་ཆུ་ལ་འཕྲད་སྐབས་མྱུ་གུ་འབུས་ཀྱི་ཡོད། |
| germinal neuroepithelium cells དབང་རྩ་སྦུ་གུའི་ས་བོན་ཕྲ་ཕུང་། | neurosci. | |
| germanium རྩ་རྫས་ཇར་མེ་ནི་ཡམ། | chem. The chemical element of atomic number 32, a shiny grey metalloid. Germanium was important in the making of transistors and other semiconductor devices, but has been largely replaced by silicon. | འཚེར་མདངས་དང་ལྡན་ཞིང་མདོག་སྐྱ་བོ་ཡིན་པའི་ཆོས་མཐུན་ལྕགས་རིགས་ཤིག་སྟེ་རྡུལ་གྲངས་ ༣༢ ཡིན་པའི་རྩ་རྫས། ཇར་མེ་ནི་ཡམ་ནི་གློག་འདྲེན་སྦུ་གུ་དང་ཕྱེད་ཁྲིད་གཟུགས་ཀྱི་གློག་ཆས་བཟོ་བར་གལ་འགངས་ཆེན་པོ་ཡིན་མོད། ཕྱིས་སུ་ཇར་མེ་ནི་ཡམ་གྱི་ཚབ་ཏུ་སི་ལི་ཀོན་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་ཡོད། |
| germ theory ཕྲ་སྲིན་རྣམ་གཞག | biol. The theory that all infectious diseases are caused by microorganisms. | འགོས་ནད་ཐམས་ཅད་ནི་ཕྲ་དངོས་ཀྱིས་རྒྱུ་རྐྱེན་བྱས་པར་བརྗོད་པའི་རྣམ་གཞག་ཅིག |
| Germ layer སྦྲུམ་ཕུང་རིམ་པ། | biol. | [གྲོད་སྦྲུམ་ཕྲ་ཕུང་གི་རིམ་པ།] |