| germ cell ས་བོན་ཕྲ་ཕུང། | biol. A cell that gives rise to a gamete. | ཁམས་རྡུལ་དུ་འགྱུར་བར་བྱེད་པའིི་ཕྲ་ཕུང་ཞིག |
| germ ཕྲ་སྲིན། | biol. A microscopic organism or agent, especially a bacterium or a virus that causes disease. | སྲིན་བུའམ་གཉན་སྲིན་ལྟ་བུའི་ན་ཚ་སྐྱེད་མཁན་གྱི་ཕྲ་དངོས་སམ་སློང་རྐྱེན་ལ་གོ |
| Geotropism ས་ཕྱོགས་འཚར་སྐྱེ། | biol. | |
| geothermal energy ས་ཚན་ནུས་པ། | phys. Heat within the earth’s interior that is a potential source of energy. Volcanoes, geysers, hot springs, and fumaroles are all sources of geothermal energy. | སའི་གོ་ལའི་ནང་རོལ་དུ་ཡོད་པའི་ཚ་ནུས་ནི་མངོན་དུ་མ་གྱུར་བའི་ནུས་པའི་འབྱུང་ཁུངས་ཤིག་ཡིན་ཞིང་། མེ་རི་དང་། གནམ་འཐོར་ཆུ་ཚན། ཆུ་ཚན། དུད་རླངས་སྲུབ་ཁ་བཅས་ནི་ས་ཚན་ནུས་པའི་འབྱུང་ཁུངས་ཡིན། |
| geosynchronous orbit གོ་ལ་མཉམ་བགྲོད་འཁོར་ལམ། | phys. | |
| geosphere ས་ཁམས། | biol. The lithosphere, hydrosphere, and atmosphere, considered as a single system. | རྡོ་ཁམས་དང་། ཆུ་ཁམས། རླུང་ཁམས་བཅས་མ་ལག་གཅིག་ཏུ་ངོས་འཛིན་བྱས་པ་ལ་གོ |
| geology ས་གཤིས་རིག་པ། | biol. The scientific study of the history, composition, and structure of the Earth, including its rocks, minerals, and landforms. | རྡོ་དང་། གཏེར་རྫས། ས་བབ་ཐེ་བའི་སའི་གོ་ལའི་ཆགས་བཀོད་དང་རྒྱུ་ཆ། ལོ་རྒྱུས་བཅས་ལ་བརྟག་པའི་ཚན་རིག་ཅིག |
| geologic time scale ས་ཁམས་དུས་ཚད། | biol. An arbitrary chronological arrangement of geologic events, usually in the form of a chart, used to show the absolute or relative age or duration of any portion of geologic time. | ས་ཁམས་ཀྱི་བྱུང་བ་རྣམས་བྱུང་སྔ་རིམ་ལྟར་རེའུ་མིག་ཏུ་སྒྲིག་པ་ཞིག་ལ་གོ་ཞིང་། ས་ཁམས་དུས་ཚིགས་ཀྱི་ཆ་ཤས་གང་ཡང་རུང་བ་ཞིག་གི་ལྟོས་བཅས་ལྟོས་མེད་གང་རུང་གི་ལོ་ཚོད་དམ་དུས་ཡུན་མཚོན་བྱེད་དུ་སྤྱོད། |
| geography ས་ཁམས་རིག་པ། | biol. | |
| geographic isolation ས་བཀར་ཁེར་གནས། | biol. | [ས་བབས་ཀྱིས་ལོགས་སུ་བཀར་བ་ལ་བརྟེན་ནས་ཁེར་རྐྱང་དུ་གནས་པ།] |
| geodesic lines གོ་ཐིག | phys. The shortest line lying on a given surface and connecting two given points. | ངོས་ངེས་ཅན་ཞིག་གི་སྟེང་དུ་ཚེག་ངེས་ཅན་གཉིས་མཐུད་པར་བྱེད་པའི་ཐིག་ཐུང་ཤོས་དེ་ལ་གོ |
| geodesic གོ་ཐིག | phys. | |
| geocentric universe གོ་ལ་དབུས་གནས་ཀྱི་འཇིག་རྟེན། | phys. A view of the universe in which the earth is regarded as being at its centre. | སའི་གོ་ལ་འཇིག་རྟེན་གྱི་ལྟེ་བར་འདོད་པའི་འཇིག་རྟེན་གྱི་ལྟ་ཚུལ་ཞིག |
| geocentric system འཛམ་གླིང་དབུས་གནས་ཀྱི་ལམ་ལུགས། | phil. An incorrect theory of the structure of the Solar System which held that the Earth is at the centre. It has been decisively replaced by the heliocentric system. | འཛམ་གླིང་ཉི་མའི་ཁྱིམ་རྒྱུད་ཀྱི་དབུས་སུ་གནས་བར་འདོད་པའི་ནོར་འཁྲུལ་ཅན་གྱི་རྣམ་གཞག་ཅིག་ལ་ཟེར་ཞིང་། འདི་ནི་ངེས་གཏན་གྱི་སྒོ་ནས་ཉི་མ་དབུས་གནས་ཀྱི་རྣམ་གཞག་གིས་བརྗེ་ཚབ་བྱས་ཡོད། |
| geocentric model འཛམ་གླིང་དབུས་གནས་དཔེ་གཞི། | phys. Any theory of the structure of the solar system (or the universe) in which Earth is assumed to be at the centre of all. | སའི་གོ་ལ་ནི་ཐམས་ཅད་ཀྱི་ལྟེ་བ་ན་ཡོད་པར་འདོད་པའི་ཉི་མའི་ཁྱིམ་རྒྱུད་ (ཡང་ན་འཇིག་རྟེན་ཁམས་) ཀྱི་བཀོད་པའི་སྐོར་གྱི་རྣམ་གཞག་གང་ཡང་རུང་བ་ཞིག |