| gametophyte རྩི་ཤིང་ཁམས་རྡུལ་ཆགས་རིམ། | biol. | |
| gametogenesis ཁམས་རྡུལ་སྐྱེ་རིམ། | biol. The process in which cells undergo meiosis to form gametes. | ཕྲ་ཕུང་བཞི་གྱེས་ལ་བརྟེན་ནས་ཁམས་རྡུལ་གྲུབ་པའི་རྒྱུད་རིམ་ལ་གོ [ཁམས་དཀར་དམར་གཉིས་ཀྱི་ཕྲ་ཕུང་སྐྱེ་བའི་རིམ་པ།] |
| gametocyte ཁམས་ཀྱི་ཕྲ་ཕུང། | biol. A cell that divides (by meiosis) to form gametes. | ཆ་བགོས་བྱས་ཏེ་ (སྐྱེ་ཕུང་བཞི་གྱེས་ལ་བརྟེན་ནས་) ཁམས་རྡུལ་གྲུབ་པར་བྱེད་པའི་ཕྲ་ཕུང་ཞིག |
| gamete cell ཁམས་རྡུལ་ཕྲ་ཕུང། | biol. | |
| gamete ཁམས་རྡུལ། | biol. A mature haploid male or female germ cell that is able to unite with another of the opposite sex in sexual reproduction to form a zygote. | ཕོ་མོ་གང་རུང་གི་ཡ་རྐང་ས་བོན་ཕྲ་ཕུང་ཆ་ལག་རྫོགས་ཤིང་མཚན་མ་ལྡོག་ཕྱོགས་ཡིན་པའི་ཡ་རྐང་ཕྲ་ཕུང་གཞན་ཞིག་དང་ཁམས་འདུས་སྐྱེད་འཕེལ་གྱི་ནང་དུ་ལྷན་འདུ་བྱེད་ཐུབ་ཅིང་ས་བོན་འདུས་སྒོང་ཞིག་གྲུབ་པར་བྱེད་ཐུབ་པ་ཞིག་ལ་གོ |
| galvanometer གྷལ་ཝི་ནོ་འཇལ་ཆས། གློག་འཇལ་ཆས། | phys. Instrument used to detect electric current. With the proper combination of resistors, it can be converted to an ammeter or a voltmeter. An ammeter is calibrated to measure electric current. A voltmeter is calibrated to measure electric potential. | གློག་རྒྱུན་ཡོད་མེད་བརྟག་བྱེད་དུ་སྤྱོད་པའི་ཡོ་ཆས། འགོག་ཆས་ཏག་ཏག་ཤིག་ཟླ་སྒྲིལ་ཚེ་ཡོ་ཆས་འདི་གློག་རྒྱུན་འཇལ་ཆས་སམ་ཝོལ་ཚད་འཇལ་ཆས་སུ་བསྒྱུར་ཆོག གློག་རྒྱུན་འཇལ་ཆས་ནི་གློག་རྒྱུན་འཇལ་བར་ཚད་སྒྲིག་བྱས་ཡོད་པ་དང་། ཝོལ་ཚད་འཇལ་ཆས་ནི་གློག་རའི་ལས་ཚད་འཇལ་བར་ཚད་སྒྲིག་བྱས་ཡོད། |
| Gallery walk ཁྱམས་སྟོན་འགྲུལ་སྦྱོང་། | Pedagog. | |
| Gallery display ཁྱམས་སྟོན། | Pedagog. | |
| gall bladder མཁྲིས་སྣོད། | biol. A small, pear-shaped muscular sac under the right lobe of the liver, where bile secreted by the liver is stored until needed by the body for digestion. | མཆིན་པའི་གཡས་འདབ་ཀྱི་འོག་ཏུ་ཡོད་ཅིང་སིལ་ཏོག་ལིའི་དབྱིབས་ཅན་ཡིན་པའི་ཤ་སྒྲིམ་གྱི་ཁུག་མ་ཞིག་ལ་གོ་ཞིང་། མཁྲིས་པས་གློད་འདོན་བྱས་པའི་མཁྲིས་ཁུ་ལུས་པོའི་ནང་དུ་ཟས་འཇུ་བའི་ཆེད་དུ་བེད་སྤྱོད་མ་བྱས་པའི་སྔོན་དུ་མཁྲིས་སྣོད་དུ་གསོག་ཉར་བྱེད་ཀྱི་ཡོད། |
| galaxy དགུ་ཚིགས། | phys. A vast collection of stars, dust, and gas held together by the gravitational attraction between its components. Galaxies are usually classified as elliptical, spiral, or irregular in shape. | རང་གི་གྲུབ་ཆའི་འཐེན་ཤུགས་ལ་བརྟེན་ནས་མཉམ་དུ་འདུས་པའི་སྐར་ཚོམ་དང་རྡུལ། རླངས་གཟུགས་བཅས་ཀྱི་ཚོམ་ཧ་ཅང་ཆེན་པོ་ཞིག དགུ་ཚིགས་ལ་དབྱེ་ན། འཇོང་དབྱིབས་དང་། གཅུས་དབྱིབས། དབྱིབས་ཆ་མི་སྙོམས་པ་བཅས་ཡོད། |
| Galapagos islands གླིང་ཕྲན་གྷ་ལ་ཕཱ་གྷོ། | biol. A Pacific Ocean archipelago on the equator, about 650 miles (1,045 km) west of Ecuador, to which it belongs; population 28,000 (est. 2009). Noted for giant tortoises and many other endemic species, they were the site of Charles Darwin's 1835 observations, which helped him to form his theory of natural selection. | ཨེ་ཁོ་ཌོར་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སུ་མེ་ལི་ ༦༥༠ (ཀི་ལོ་མི་ཊར་ ༡༠༤༥) ཡི་ས་རུ་ཞི་བདེ་རྒྱ་མཚོའི་ནང་དུ་ཡོད་པའི་གླིང་ཕྲན་ཚོམ་བུ་ཞིག ཨེ་ཁོ་ཌོར་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་། མི་གྲངས་ ༢༨༠༠༠ (སྤྱི་ལོ་ ༢༠༠༩) ཡོད། རུས་སྦལ་ཆེན་པོ་ལ་སོགས་པའི་ཡུལ་ལུང་བྱེ་བྲག་ཏུ་གནས་པའི་ཉེ་རིགས་གང་མང་གི་གནས་ས་ཡིན་ཞིང་། ཌར་ཝིན་གྱི་སྤྱི་ལོ་ ༡༨༣༥ ལོའི་ལྟ་ཞིབ་བསྒྲུབས་ས་ཡིན་པ་དང་། འདི་ཡིས་རང་བྱུང་འདེམས་སྒྲུག་གི་རྣམ་གཞག་གཏན་ལ་འབེབ་པར་རོགས་འདེགས་བྱས་ཡོད། |
| galactose monomer གྷེ་ལེཀ་ཊོསི་རྐྱང་གཟུགས། | biol. | |
| galactose གེ་ལེག་མངར་རྫས། | biol. A monosaccharide that is part of the disaccharide sugar lactose, found in milk. It is also present in agar and seaweed. | འོ་མའི་ནང་དུ་ཡོད་པའི་ཀ་ར་ཉིས་ལྡན་ལེག་མངར་གྱི་ཆ་ཤས་ཡིན་པའི་ཀ་ར་རྐྱང་ལྡན་ཞིག་ལ་ཟེར། |
| galactic disk དགུ་ཚིགས་སྡེར་མ། | phys. The flat disk of a spiral galaxy that contains primarily young stars, gas, and dust clouds. | གཙོ་བོ་སྐར་མ་གསར་པ་དང་། རླངས་རྫས། ཐལ་སྤྲིན་བཅས་ཀྱིས་གྲུབ་པའི་གཅུས་གཟུགས་དགུ་ཚིགས་ཀྱི་སྡེར་མ་ལེབ་ལེབ་དེ་ལ་གོ |
| gadolinium རྩ་རྫས་གད་དོ་ལི་ནི་ཡམ། | chem. A rare-earth metallic element. Symbol: Gd; atomic weight: 157.25; atomic number: 64. | སའི་གོ་ལའི་སྟེང་གི་དཀོན་པའི་ལྕགས་རིགས་ཀྱི་རྩ་རྫས་ཤིག་ཡིན་ཞིང་། མཚོན་རྟགས་ Gd དང་། རྡུལ་ཕྲན་གྱི་ལྗིད་ཚད་ ༡༥༧.༢༥ ཡིན་པ་དང་། རྡུལ་གྲངས་ ༦༤ ཡིན། |