epidemiology ནད་ཡམས་རིག་པ། | biol. The branch of medicine that deals with the study of the causes, distribution, and control of disease in populations. | ཚོགས་འདུས་ཤིག་ཏུ་བྱུང་བའི་ནད་ཀྱི་བྱུང་རྐྱེན་དང་། ཁྱབ་ཚུལ། སྟངས་འཛིན་བཅས་ལ་བརྟག་དཔྱད་བྱེད་པའི་སྨན་གྱི་སྡེ་ཚན་ཞིག |
epidemiologist ནད་ཡམས་རིག་པ་བ། | biol. A medical scientist who studies the transmission and control of epidemic diseases. | རིམས་ནད་ཁྱབ་གདལ་འགྲོ་ཚུལ་དང། ཚོད་འཛིན་བྱེད་སྟངས་ལ་ཞིབ་འཇུག་བྱེད་མཁན་གྱི་གསོ་དཔྱད་ཚན་རིག་པ་ཞིག |
epidemic disease ནད་ཡམས། རིམས་ནད། | biol. | |
epidemic ནད་ཡམས། | biol. The rapid spread of an infectious disease through a population. | འདུས་ཚོགས་ཤིག་གི་ནང་དུ་བྱུང་བའི་འགོ་ཉེན་ཆེ་བའི་ནད་ཅིག་གི་ཁྱབ་གདལ་མྱུར་མོ་ལ་ཟེར། |
epicycle མུ་ཁྱུད་སྟེང་སྒོར། སྒོར་སྟེང་སྒོར་མོ། | phil. | |
Epicotyl སོན་འདབ་སྟེང་ཆ། | biol. | |
Epiblast སྦྲུམ་ཤུན་སྟེང་མ། | biol. | |
eosinophil དམར་ལེན། | biol. A kind of white blood cell (leukocyte) containing granules of toxic proteins that readily stain with EOSIN. | ཚོས་དམར་འགོ་ཆོག་ཆོག་གི་དུག་ལྡན་སྤྲི་རྫས་ཀྱི་ཟེགས་མ་དང་ལྡན་པའི་ཁྲག་དཀར་ཕྲ་ཕུང་ (དཀར་ཕུང་) གི་རིགས་ཤིག |
eon བསྐལ་ཆེན། | biol. The longest division of geologic time, containing two or more eras. | ས་ཁམས་དུས་ཚོད་ཀྱི་སྡེ་ཚན་རིང་ཤོས་ཏེ། བསྐལ་བ་གཉིས་སམ་དུ་མས་གྲུབ། |
Eocene སྔ་བའི་དུས་སྐབས། | biol. | |
Eoarchean period ཨར་བསྐལ་ཐོག་མའི་དུས་རབས། | biol. | |
enzyme སྨིན་རྫས། | biol. A protein catalyst produced by a cell and responsible for the high rate and specificity of one or more intracellular or extra-cellular biochemical reactions. Enzyme reactions are always reversible. | ཕྲ་ཕུང་ཞིག་གིས་སྐྱེད་སྐྲུན་བྱས་པའི་སྤྲི་དཀར་སྐུལ་རྫས་ཤིག་ལ་གོ་ཞིང། ཕྲ་ཕུང་ནང་འཁོད་དམ་ཕྲ་ཕུང་ཕྱི་འཁོད་ཀྱི་སྐྱེ་ལྡན་རྫས་འགྱུར་གྱི་རྫས་སྦྱོར་གྱི་འགྲོས་མྱུར་མོའམ་དམིགས་བཀར་རང་བཞིན་ལ་འབྲེལ་བ་ཡོད་པ་ཡིན། སྨིན་རྫས་ལ་བརྟེན་པའི་རྫས་སྦྱོར་ནི་དུས་ནམ་ཡིན་ཡང་གོ་རིམ་ལྡོག་རུང་བ་ཡིན། |
enzymatic reaction སྨིན་རྫས་རྫས་འགྱུར། | chem. An enzymatic reaction is the conversion of one molecule into another; a chemical reaction catalyzed at the reactive sites on the enzyme. | སྨིན་རྫས་རྫས་འགྱུར་ནི་འདུས་རྡུལ་གཅིག་འདུས་རྡུལ་གཞན་དུ་བརྗེ་སྒྱུར་བྱེད་པ་ལ་ཟེར་ཞིང་། སྨིན་རྫས་ཀྱི་རྫས་སྦྱོར་སྐྱེན་པའི་ས་ཁུལ་ནས་རྫས་འགྱུར་སྦྱོར་ལ་སྐུལ་རྐྱེན་ཐེབས་ཀྱི་ཡོད། |
Environmental threat ཁོར་ཡུག་གི་འཇིགས་པ། | SEE Learning | |
environmental stressors ཁོར་ཡུག་གི་གནོན་རྐྱེན། | biol. Stressors that are found in our surroundings are called environmental stressors. Everyday life is full of environmental stressors that cause minor irritations. If you use an alarm clock to wake up, the loud noise from your alarm is an environmental stressor. Extreme temperatures are also environmental stressors and can lead to discomfort. | ང་ཚོའི་ཉེ་འཁོར་དུ་ཡོད་པའི་གནོན་རྐྱེན་རྣམས་ལ་ཁོར་ཡུག་གི་གནོན་རྐྱེན་ཟེར་གྱི་ཡོད། ཉིན་རེའི་འཚོ་བའི་ནང་དུ་སུན་བཙེར་ཆུང་ངུའི་རིགས་སློང་བའི་ཁོར་ཡུག་གི་གནོན་རྐྱེན་ཧ་ཅང་མང་པོ་ཡོད་པ་ཡིན། གལ་ཏེ་ཁྱོད་ཀྱིས་ཞོགས་པ་ཡར་ལངས་ཐུབ་པའི་ཆེད་དུ་དྲིལ་བརྡའི་ཆུ་ཚོད་སྤྱོད་ཀྱི་ཡོད་ཚེ། དྲིལ་བརྡའི་ཆུ་ཚོད་ནས་གྲགས་པའི་སྒྲ་ཆེན་པོ་དེ་ནི་ཁོར་ཡུག་གི་གནོན་རྐྱེན་ཞིག་རེད། ཚ་དྲོད་ཧ་ཅང་ཆེན་པོ་དེ་ཡང་ཁོར་ཡུག་གི་གནོན་རྐྱེན་ཡིན་ཞིང་། དེ་ལ་བརྟེན་ནས་མི་བདེ་བ་འབྱུང་གི་ཡོད། |