Search:
TermEnglish DefinitionTibetan Definition
free nerve endings རྩ་སྣེ་རང་ག་བ། རྩ་སྣེ་རང་དབང་བ། neurosci.
Free morpheme ཚིག་གཞི་རང་དབང་ཅན། དོན་གཞི་རང་དབང་ཅན། ling.
Free ion རང་དབང་གྱེས་རྡུལ། chem.
Free body diagram དངོས་རྐྱང་དཔེ་རིས། phys.
Fraunhofer lines ཧྥ་རུན་ཧོ་ཧྥིར་ཐིག phys. Dark lines visible in the spectrum of the Sun or a star. ཉི་མའམ་སྐར་མའི་འོད་ཤལ་གྱི་ནང་དུ་ཡོད་པའི་ཐིག་ནག
frameshift mutation ངེས་མེད་སྒྲོམ་འགྱུར། biol. A mutation in a DNA chain that occurs when the number of nucleotides inserted or deleted is not a multiple of three, so that every codon beyond the point of insertion or deletion is read incorrectly during translation. ཌི་ཨེན་ཨེ་ཡི་ཕྲེང་བ་ཞིག་ལས་སྣོན་འཕྲི་གང་རུང་བྱས་པའི་ཉིང་རྡུལ་གྲུབ་ཆའི་ཁ་གྲངས་ནི་གསུམ་གྱི་ལྡབ་གྲངས་མིན་པའི་སྐབས་སུ་བྱུང་བའི་ཉེས་འགྱུར་ཞིག་ལ་གོ་ཞིང་། དེ་ལ་བརྟེན་ནས་སྣོན་འཕྲི་གང་རུང་བྱེད་སའི་གནས་དེའི་རྗེས་ཀྱི་རིགས་རྫས་རྐྱང་བརྡ་རྣམས་ཕབ་སྒྱུར་གྱི་སྐབས་སུ་མ་དག་པར་ཀློག་པ་ཡིན། [ཐོག་མའི་སྒྲོམ་གཞི་ལ་རིང་ཐུང་སོགས་ངེས་མེད་དུ་འགྱུར་བ་འགྲོ་བ།]
frame of reference ལྟོས་གཞི། phys. Vantage point (usually a set of coordinate axes) with respect to which position and motion may be described. གནས་ས་དང་འགུལ་སྐྱོད་འགྲེལ་བཤད་རྒྱག་པར་གཞི་འཇོག་སའི་ཁེ་ཕན་ཅན་གྱི་གནས་ (རྒྱུན་དུ་འབྲེལ་གནས་སྲོག་ཤིང་ཚན་པ་ཞིག་གིས་མཚོན་) །
frame dragging སྒྲོམ་གཞི་འཐེན་འགུལ། phys. An effect predicted by the general theory of relativity in which a massive rotating body causes the surrounding space-time to be dragged around in the same direction. ལྗིད་ཅིང་རང་སྐོར་བྱེད་བཞིན་པའི་དངོས་པོས་མཐའ་འཁོར་གྱི་མཁའ་དུས་དེ་རང་འཁོར་གྱི་ཁ་ཕྱོགས་སུ་འཐེན་འགུལ་བྱེད་པར་སྤྱི་ཁྱབ་ལྟོས་གྲུབ་རྣམ་གཞག་ལ་བརྟེན་ནས་ཚོད་དཔག་བྱས་པའི་ཤུགས་རྐྱེན་ཞིག
Fragmentation དུམ་སྐྱེ། biol. [དུམ་གྱེས་སྐྱེ་འཕེལ།]
Fractional Anisotropy (FA) ཆ་འབྱེད་ཕྱོགས་ལྟོས་རང་བཞིན། Neurosci.
fraction of a second སྐར་ཆའི་དུམ་བུ། phys.
fraction ༡ གྲངས་ཆ། ༢ ཆ་ཤས། math. 1. A number that compares part of an object or a set with the whole, especially the quotient of two whole numbers written in the form a/b . The fraction 1/2 , which means 1 divided by 2, can represent such things as 10 pencils out of a box of 20, or 50 cents out of a dollar. 2. A small part; a bit ༡ དངོས་པོ་ཞིག་གམ་སྡེ་ཚན་ཞིག་གི་ཆ་ཤས་ཤིག་དངོས་པོ་དེའམ་སྡེ་ཚན་དེ་ཧྲིལ་པོར་བསྡུར་བའི་གྲངས་ཀ་སྟེ། བྱེ་བྲག་ཏུ་ a/b ཡི་རྣམ་པར་བྲིས་པའི་གྲངས་ཀ་གཉིས་ཀྱི་བགོས་ཐོབ་མཚོན་པ་ཡིན། གྲངས་ཆ་ 1/2 ཡིས་ 1 དེ་ 2 ཀྱིས་བགོས་པའི་དོན་སྟོན་ཞིང་། དེ་ཡིས་ཞ་སྨྱུག་ 20 ཡོད་པའི་སྒམ་ཞིག་གི་ནང་གི་ཞ་སྨྱུག་ 10 མཚོན་ཐུབ་ལ། ཨ་སྒོར་གཅིག་གི་སྐར་མ་ 50 ཡང་མཚོན་ཐུབ། ༢ དུམ་བུ་ཆུང་ཆུང་ཞིག་སྟེ། ཕྲན་བུ་ཞིག
fractal shape གྲུམ་དབྱིབས། phys.
fractal antenna ཆ་སྙེད་གནམ་སྐུད། phys. An antenna that uses a fractal, self-similar design in order to increase the range of frequencies which it can receive. སྣེ་ལེན་བྱེད་ཐུབ་པའི་ཟློས་ཕྱོད་ཀྱི་ཁྱབ་ཁྱོངས་ཇེ་ཆེ་རུ་གཏོང་ཕྱིར་རྣམ་པ་མཚུངས་ཤིང་ཆག་གྲུམ་གྱི་དབྱིབས་བེད་སྤྱོད་བྱེད་པའི་གནམ་སྐུད་ཅིག
fractal གྲུམ་དབྱིབས། phys. Any of various extremely irregular curves or shapes for which any suitably chosen part is similar in shape to a given larger or smaller part when magnified or reduced to the same size རང་གི་ཆ་ཤས་རན་པོ་གང་ཡང་རུང་བ་ཞིག་ནི་ཆ་ཤས་གཞན་པ་ཆེན་པོ་ཞིག་ཆུང་དུ་བཏང་བའམ་ཆུང་ངུ་ཞིག་ཆེ་རུ་བཏང་བའི་དབྱིབས་དང་གཅིག་མཚུངས་ཡིན་པའི་ཧ་ཅང་ཆ་སྙོམས་མིན་པའི་གུག་དབྱིབས་སམ་དབྱིབས་གང་རུང་རུང་ཞིག་ལ་གོ