Search:
TermEnglish DefinitionTibetan Definition
electromagnetic radiation གློག་ཁབ་ལེན་གྱི་འགྱེད་འཕྲོ། phys. Transfer of energy by the rapid oscillations of electromagnetic fields, which travel in the form of waves called electromagnetic waves. གློག་ཁབ་ལེན་གྱི་རླབས་ཀྱི་ངོ་བོའི་ཐོག་ནས་འགྲུལ་བཞུད་བྱེད་ཅིང་གློག་ཁབ་ལེན་གྱི་གཡོ་འགུལ་མགྱོགས་པོ་ལ་བརྟེན་ནས་ནུས་པ་རྒྱུད་སྤྲོད་བྱེད་པ།
electromagnetic induction གློག་ཁབ་ལེན་གྱི་སྐུལ་སྐྲུན། phys. Phenomenon of inducing a voltage in a conductor by changing the magnetic field near the conductor. If the magnetic field within a closed loop changes in any way, a voltage is induced in the loop. The induction of voltage is actually the result of a more fundamental phenomenon: the induction of an electric field. See also Faraday’s law. ཁྲིད་གཟུགས་ཤིག་གི་འགྲམ་ནས་ཁབ་ལེན་གྱི་ར་བ་ལ་འགྱུར་བ་བཏང་སྟེ་ཁྲིད་གཟུགས་དེའི་ནང་དུ་ཝོལ་ཚད་སྐུལ་སྐྲུན་བྱེད་པའི་སྣང་ཚུལ། གལ་ཏེ་ཁ་ཟུམ་པའི་ཨ་ལོང་ཞིག་གི་ནང་རོལ་གྱི་ཁབ་ལེན་ར་བར་འགྱུར་བ་ཐེབས་སྐབས་ཨ་ལོང་དེའི་ནང་དུ་ཝོལ་ཚད་སྐུལ་སྐྲུན་བྱེད། ཝོལ་ཚད་སྐུལ་སྐྲུན་བྱེད་པ་ནི་དོན་དངོས་སུ་གཞི་རྩའི་སྣང་ཚུལ་སྟེ་གློག་ར་སྐུལ་སྐྲུན་གྱི་གྲུབ་འབྲས་ཡིན། ཧྥ་ར་ཌད་ཀྱི་གཏན་ཁྲིམས་ལ་ཡང་གཟིགས་རོགས།
electromagnetic force གློག་ཁབ་ལེན་གྱི་ཤུགས། phys. The force arising from the attractions and repulsions associated with electric and magnetic fields. The electromagnetic force is one of the four basic forces in nature, being weaker than the strong nuclear force but stronger than the weak force and gravity. གློག་དང་ཁབ་ལེན་གྱི་ར་བ་ལ་བརྟེན་པའི་འབུད་ཤུགས་སམ་འགུག་ཤུགས་ལས་བྱུང་བའི་ཤུགས་དེ་ལ་གོ་ཞིང་། གློག་ཁབ་ལེན་གྱི་ཤུགས་ནི་རང་བྱུང་ཁམས་སུ་ཡོད་པའི་ཤུགས་ཀྱི་རིགས་ཤིག་ཡིན་པ་དང་། དྲག་ཤུགས་ལས་ཤུགས་ཆུང་ཞིང་། ཞན་ཤུགས་དང་འཐེན་ཤུགས་གཉིས་ལས་ཤུགས་ཆེ་བ་ཡོད།
electromagnet གློག་ཁབ་ལེན། phys. Magnet whose magnetic properties are produced by electric current. གློག་རྒྱུན་ལ་བརྟེན་ནས་ཁབ་ལེན་གྱི་ནུས་པ་མངོན་ཡོང་བའི་ཁབ་ལེན།
electrolyte གློག་འཁྲིད་གཤེར་རྫས། phys.
electrolysis གློག་འབྱེད། chem. The production of a chemical reaction by passing an electric current through an electrolyte. In electrolysis, positive ions migrate to the cathode and negative ions to the anode. གློག་འབྱེད་གཤེར་ཁུ་ཞིག་ཏུ་གློག་རྒྱུན་གཏོང་སྐབས་སུ་བྱུང་བའི་རྫས་སྦྱོར་གྱི་འབྲས་བུ་ཞིག གློག་འབྱེད་ཀྱི་ནང་དུ། གྱེས་རྡུལ་ཕོ་རྣམས་གློག་སྣེ་མོའི་ཕྱོགས་སུ་བསྐྱོད་ཅིང་། གྱེས་རྡུལ་མོ་རྣམས་གློ་སྣེ་ཕོའི་ཕྱོགས་སུ་བསྐྱོད་པར་བྱེད།
Electroencephalography (EEG) ཀླད་རྩའི་གློག་འཇལ། Neurosci. (ཀླད་རྩའི་གློག་རིས་འཇལ་བའི་ཐབས་ལམ།)
Electroencephalograph ཀླད་རྩའི་གློག་ཆས། Neurosci. (ཀླད་རྩའི་གློག་རིས་འཇལ་ཆས།)
electroencephalogram (EEG) ཀླད་རྩའི་གློག་རིས། phys. A tracing or graph of the electrical activity of the brain. Electrodes taped to the scalp record electrical waves from different parts of the brain. The pattern of an EEG reflects an individual’s level of consciousness and can be used to detect such disorders as epilepsy, tumors, or brain damage. ཀླད་པའི་གློག་གི་བྱེད་ལས་སྟོན་པའི་པར་རིས། མགོ་ལྤགས་ལ་སྦྱར་བའི་གློག་སྣེ་དག་གིས་ཀླད་པའི་ཆ་ཤས་མི་འདྲ་བའི་གློག་གི་རླབས་ཐོ་འགོད་བྱེད་པ་ཡིན། ཀླད་རྩའི་གློག་རིས་ཀྱི་བཀོད་རིས་ཀྱིས་མི་སྒེར་ཞིག་གི་དྲན་པའི་གནས་བབ་མཚོན་པར་བྱེད། བཀོད་རིས་འདི་གཟའ་ནད་དང་། སྐྲན་རྡོག ཡང་ན་ཀླད་པའི་ཆག་སྐྱོན་དང་འདྲ་བའི་ནད་རིགས་རྟོགས་པར་སྤྱོད་ཆོག
electrodynamics གློག་ཤུགས་རིག་པ། གློག་སྐྱོད་འགུལ་རིག phys. Study of moving electric charge, as opposed to electrostatics. འགུལ་མེད་གློག་རིག་ལས་ལྡོག་སྟེ་འགུལ་སྐྱོད་བྱེད་ཀྱིན་པའི་གློག་ཁུར་ལ་ཞིབ་འཇུག་བྱེད་པའི་རིག་པ།
electrode གློག་སྣེ། phys. Terminal-for example, of a battery-through which electric current can pass. གློག་སྨན་གྱི་སྣེ་མོ་ལྟ་བུ་སྟེ་དེ་རྒྱུད་ནས་གློག་རྒྱུན་བགྲོད་ཐུབ་པ་ཞིག།
Electrocorticography ཀླད་ཤུན་གློག་བརྡ་ཐོ་འགོད། biol.
electroconvulsive therapy གློག་སྤྱད་འདར་གཡོབ་གསོ་ཐབས། neurosci. A medical treatment of mental illness that passes electricity through the patient’s brain. ནད་པའི་ཀླད་པའི་ནང་དུ་གློག་རྒྱུན་བརྒྱུད་གཏོང་བྱེད་པ་ལ་བརྟེན་ནས་སེམས་ནད་བཅོས་ཐབས་ཤིག
electrochemistry གློག་རྫས་རིག་པ། chem. The branch of chemistry that deals with the relations between electrical and chemical phenomena. གློག་གི་སྣང་ཚུལ་དང་རྫས་ཀྱི་སྣང་ཚུལ་གཉིས་དབར་གྱི་འབྲེལ་བ་ལ་བརྟག་དཔྱད་བྱེད་པའི་རྫས་འགྱུར་རིག་པའི་སྡེ་ཚན་ཞིག
electrochemical signal གློག་རྫས་བརྡ། neurosci.